དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དོ་ཁུར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སྡོད་སའི་ཆ་རྐྱེན་ལེགས་སུ་གཏོང་ཆེད་མངའ་རིས་ས་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་བོགས་གཏོང་སྡོད་ཁང་གི་ཁ་གསབ་སྤྲོད་རྒྱུ་ནས་འགོ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་ཐད་ཀྱི་དཀའ་ངལ་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད།

        《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་བོགས་གཏོང་སྡོད་ཁང་གི་ཁ་གསབ་དོ་དམ་བྱ་ཐབས་ཀྱི་བརྡ་ཐོའི 》བླང་བྱ་གཞིར་བཟུང་མངའ་རིས་ས་ཁུལ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་བོགས་གཏོང་སྡོད་ཁང་གི་ཁ་གསབ་རེ་ཞུ་དང་། ཞིབ་བཤེར་གཏན་འབེབས། སྤྲོད་པ་བཅས་དང་དེ་བཞིན་དེའི་ལྟ་སྐུལ་དོ་དམ་གྱི་ལས་ཀའི་གོ་རིམ་ཁ་གསལ་བཟོས་ནས་མཐུན་སྦྱོར་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད། 2010 ལོའི་ལོ་འཁོར་དུ་ས་ཁུལ་དེས་བོགས་གཏོང་སྡོད་ཁང་གི་ཁ་གསབ་སྤྱོད་མཁན་དུད་ཚང་410 ཡི་མི་གྲངས་571 ལ་ཁྱོན་སྡོད་ཁང་གི་ཁ་གསབ་སྒོར་ཁྲི་154.17 སྤྲད་པའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་123.336 དང་། ས་ཁུལ་གྱི་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་23.1255རྫོང་ཁག་གི་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་7.7085 བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།