དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་གོས་འཁྲུའི་འཕྲུལ་འཁོར་དང་འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་མི་སེར་གྱི་ཁྱིམ་དུ་སྤྱོད་རྒྱུ་བྱུང་ཞིང་། འདི་ནི་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་ཡབ་མདའ་གྲོང་ཚོའི་གྲོང་མི་དབང་འདུས་ཀྱིས་གོས་འཁྲུའི་འཕྲུལ་འཁོར་འདེམས་ཉོ་བྱེད་པའི་གནས་ཚུལ་ཡིན་པ།
2009ལོའི་ཟླ་7ཚེས་9ཉིན་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་སྦྱར་རཌ་གྲོང་ཚོར་ལྷ་ས་གྲོང་ཁྱེར་གྱི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱས་པའི་ལས་དོན་སྤེལ་ཚུན་ལྷ་ས་གྲོང་ཁྱེར་གྱི་ཞིང་དུད་མང་པོར་སྲིད་ཇུས་དེའི་ཕན་པ་ཐོབ་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཕྱིར་ཚོང་གི་གོམ་སྟབས་མགྱོཌ་སུ་བཏང་བ། ཁྲོམ་རའི་སྒྲིག་ལམ་བརྟན་པོ་ཡོད་པ། མང་ཚོཌ་ཀྱི་ཚུར་སྣང་ལན་ཆ་ཡག་པོ་ཡོད་པ། ཕྱིར་ཚོང་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱུང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལྷ་ས་གྲོང་ཁྱེར་ཁྱིམ་སྤྱོད་གློག་ཆས་གཤམ་ཚོང་གི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཤང་ཧྲུན་པའོ་ཡིས “རིན་གོང་སྒོར་3500ཟིན་པའི་ཚོན་ཁྲ་ཅན་གྱི་བཪྙན་འཕྲིན་ཞིག་ཉོ་བར་ཆ་རྐྱེན་འཛོམས་པའི་ཞིང་འབྲོག་པས་སྒོར་2800ལས་སྤྲོད་དགོས་ཀྱི་མེད་པ་དང་རིན་གོང་སྒོར་1000ཟིན་པའི་ལག་ཁྱེར་ཁ་པར་ཞིག་ཉོ་བར་སྒོར་800ལས་སྤྲོད་དགོས་ཀྱི་མེད ”ཅེས་ངོ་སྤྲོད་བྱས་པ་རེད། ཞིང་འབྲོག་པས་གཏན་ལ་ཕབ་པའི་ཁྱིམ་སྤྱོད་གློག་ཆས་རིགས་10ཉོ་སྐབས་ཐོན་ཟོག་གོང་ཚད་ཀྱི་80%ལས་སྤྲོད་དགོས་ཀྱི་མེད་པ་དང་བོད་བཟོའི་འཛིན་ཆས་ཉོ་བར་75%ལས་སྤྲོད་དགོས་ཀྱི་མེད་པ་རེད།
སྲིད་གཞུང་གིས་ཁ་གསབ་རོགས་དངུལ་གནང་བས་མང་ཚོགས་ཀྱི་དགའ་པོ་བྱེད་ཀྱི་ཡོད་པ།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས “མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་གི་ལས་དོན་དེ་ཁྱོན་ཡོངས་སུ་སྤེལ་འགོ་ཚུཌ་ཤིང་། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱས་པའི་སྲིད་ཇུས་དང་ལྷག་དོན་དུ་འཛིན་ཆས་གཤམ་ཚོང་བྱས་པའི་སྲིད་ཇུས་དེར་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པ་དང་མང་ཚོཌ་ཀྱི་ཅ་དངོས་ཉོ་བའི་སྤྲོ་སེམས་ཆེན་པོ་ཡོད་པས་ཕྱིར་ཚོང་བྱེད་ཚད་རྒྱུན་ཆད་མེད་པར་འཕར་ཡོད ”ཅེས་གསར་འགོད་པར་བཤད་པ་རེད།
ལྷ་ས་གྲོང་ཁྱེར་ནོར་སྲིད་ཀྱིས་རྫོང་དང་ཆུས་ཁག་ཏུ་ཁ་གསབ་རོགས་དངུལ་དུས་ཐོག་ཏུ་སྤྲད་དེ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ལས་དོན་བདེ་བླག་ངང་བསྒྲུབ་རྒྱུ་དང་དོན་འཁྱོལ་ཡོང་རྒྱུའི་འགན་ལེན་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་10ཚེས་31ཉིན་བར་ལྷ་ས་གྲོང་ཁྱེར་གྱི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱས་པའི་དངུལ་གྲངས་སྒོར་ཁྲི་1274.8དང་ཁ་གསབ་རོགས་དངུལ་སྤྲོད་ཚད་སྒོར་ཁྲི་336.17ཟིན་པ་དང་། འཛིན་ཆས་ཕྱིར་ཚོང་བྱས་པར་སྒོར་361.86ཟིན་པར་ཁ་གསབ་རོགས་དངུལ་སྤྲོད་ཚད་སྒོར་ཁྲི་90.44ཟིན་པ། རླངས་འཁོར་དང་སྦག་སྦག་ཕྱིར་ཚོང་བྱེད་ས་28བཙུགས་པ་དང་རླངས་འཁོར་དང་སྦག་སྦག་བསྡོམས་1395ཕྱིར་ཚོང་བྱས་པར་ཁ་གསབ་རོགས་དངུལ་སྤྲོད་ཚད་སྒོར་ཁྲི་529.44ཟིན་པ། རླངས་འཁོར་ཪྙིང་པ་གསར་བརྗེས་བྱས་པ་31ཟིན་པར་ཁ་གསབ་རོགས་དངུལ་སྤྲད་ཚད་སྒོར་ཁྲི་37ཟིན་པ་བཅས་རེད།
ལྷ་ས་གྲོང་ཁྱེར་གྱི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱེད་པའི “ལག་བསྟར་ཇུས་གཞི ”ལྟར་ཞིང་འབྲོག་པས་གཏན་ལ་ཕབ་པའི་ཁྱིམ་སྤྱོད་གློག་ཆས་ཉོ་སྐབས་སྲིད་གཞུང་གི་ཁ་གསབ་རོགས་དངུལ་20%ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་གཏན་ལ་ཕབ་པའི་འཛིན་ཆས་ཉོ་སྐབས་སྲིད་གཞུང་གི་ཁ་གསབ་རོགས་དངུལ་25%ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད། རགས་རྩིས་ལ་གཞིགས་ན། སྲིད་ཇུས་ལག་ལེན་བསྟར་བའི་ལོ་བཞི་ཡི་ནང་ཚུན་དུ་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་ཚང་མར་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱས་པའི་ཁ་གསབ་རོགས་དངུལ་ནང་ནས་མཐོ་ཤོས་སུ་སྒོར་6520ཐོབ་ཀྱི་ཡོད་པ་རེད།
ཉོ་ཚོང་བྱ་ཡུལ་ཁྱོན་ཡོངས་སུ་ཁྱབ་ནས་ཉོ་སྐབས་སྟབས་བདེ་བྱུང་བ།
ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱེད་མཁན་ཁེ་ལས་ཀྱིས་བཏོན་པའི་ཐོན་ཟོག་གཤམ་ཚོང་བྱེད་པའི་དབོར་གླ་མཐོ་བ་དང་། ཁེ་བཟང་ཉུང་བ། ཐོན་ཟོག་གཤམ་ཚོང་གི་ཧུར་སེམས་ལ་ཤུགས་རྐྱེན་ཐེབས་པ་བཅས་ཀྱི་གནད་དོན་ལ་དམིཌ་ཏེ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གནད་དོན་དེར་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཁ་གསབ་རོཌ་དངུལ་སྤྲོད་རྒྱུའི་ལམ་སྲོལ་འཛུཌ་རྒྱུར་བསམ་བློ་བཏང་སྟེ་ཁེ་ལས་ལ་ཐོན་ཟོག་གཤམ་ཚོང་བྱ་རྒྱུའི་སྒྲིག་འཛུཌ་བྱས་ནས་མང་ཚོཌ་ལ་ཉོ་སྒྲུབ་ཀྱི་སྟབས་བདེ་བསྐྲུན་རྒྱུའི་སྐུལ་ལྕག་བཏང་ཡོད། མིག་སྔར་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་འགན་ལེན་བྱེད་པའི་རྩ་འཛུགས་ཀྱི་དོ་དམ་དང་། ཕྱིར་ཚོང་མཁོ་འདོན་བྱེད་པ། ཁ་གསབ་རོཌ་དངུལ་སྤྲོད་པ་བཅས་ཀྱི་མ་ལག་སྐྲུན་ཟིན་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱེད་མཁན་ཁེ་ལས་ཀྱི་འོས་སྐུལ་རྒྱག་པའི་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་དང་ཁྱིམ་སྤྱོད་གློག་ཆས་གཤམ་ཚོང་བྱེད་པའི་དྲ་བ་དེ་རྫོང་དང་ཆུས་གནས་ཡུལ་གྲོང་ཁྱེར་དང་གྲོང་རྡལ་ནས་ཤང་དང་གྲོང་རྡལ་གཞན་དག་གི་གཞི་རིམ་དུ་རིམ་པས་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་10ཚེས་31ཉིན་བར་གྲོང་ཁྱེར་དེ་ཡོངས་སུ་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱ་ཡུལ་84དང་རླངས་འཁོར་དང་སྦག་སྦག་གཤམ་ཚོང་གི་ཐོ་འགོད་དྲ་བ་28བཙུགས་ཡོད་པ་དང་། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་གི་རྫོང་དང་ཆུས་རིམ་པའི་ཕྱིར་ཚོང་བྱ་ཡུལ་ཁྱབ་ཚད་100%ཟིན་པ། ཤང་དང་གྲོང་རྡལ་རིམ་པའི་ཕྱིར་ཚོང་བྱེད་ཚད་30%ལས་མ་ཟིན་པའི་དེ་སྔའི་གནས་ནས་80%ཡན་མཐོ་རུ་ཕྱིན་པ་བཅས་རེད།
ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱས་པ་དེ་འགྲོ་རྒྱུག་ལས་རིགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་འཚམས་པ་བྱ་ཆེད་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་ཚོང་དོན་འགྲོ་རྒྱུག་ཁེ་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། ལས་དོན་མི་སྣའི་བྱང་ཚད་དམའ་བ། སྒྲིག་འཛུགས་བྱེད་ཚད་མི་འདང་བ་བཅས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ཕྱོགས་གཅིག་ནས་ལས་གནས་ཐོག་གི་གསོ་སྦྱོང་དང་ས་གནས་ས་ཐོག་གི་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་གི་ལས་དོན་མི་སྣའི་བཀོལ་སྤྱོད་བྱེད་ནུས་ཆེ་རུ་བཏང་བ་དང་ཁེ་ལས་དང་དྲ་ཚུགས་ཀྱི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། མིག་སྔར་གྲོང་ཁྱེར་དེ་ཡོངས་སུ་ཐོ་བཀོད་པའི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་ཚོང་བྱ་ཡུལ་ཚང་མར་གློག་ཀླད་དང་བཀོལ་སྤྱོད་མི་སྣ་བཀོད་སྒྲིག་བྱས་ཡོད་པས་དྲ་ཐོག་འཚོལ་ཞིབ་བྱེད་ཐུབ་པ་བྱུང་བ་དང་འཁོར་རྒྱུག་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་། ཕྱོགས་གཞན་ཞིག་ནས་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཀྱི་སྤྱི་ཁྱབ་ལས་ཚབ་པ་དང་། སྤྱི་ཁྱབ་ཚོང་གཉེར་བྱེད་མཁན། མུ་སྦྲེལ་གཉེར་སྐྱོང་། དམིགས་བསལ་ཆོག་མཆན་ཐོབ་ནས་གཉེར་སྐྱོང་ནང་ཞུགས་པ། དངོས་ཟོག་སྡེབ་སྐྱེལ། འཚོང་རྗེས་ཀྱི་ཞབས་ཞུ་སོགས་དེང་རབས་ཀྱི་འགྲོ་རྒྱུག་ལས་སྒོ་དང་ཞབས་ཞུ་བྱེད་སྟངས་ལེགས་སུ་བཏང་བ་བརྒྱུད་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་མང་ཚོགས་འཛད་སྤྱོད་བྱེད་པར་དེ་བས་སྟབས་བདེ་དང་། མྱུར་པོ། ཕན་པ། བདེ་འཇགས་བཅས་བྱུང་ཡོད་པ་རེད།
གཤམ་ཚོང་བྱེད་པའི་ཐོན་ཟོག་ཁྲོད་ཇ་སྲུའི་འཕྲུལ་ཆས་དེ་གཞི་རིམ་མང་ཚོགས་ཀྱི་གདམ་ག་དང་པོར་གྱུར་ཡོད་ཅིང་། འདི་ནི་སྟོད་ལུང་བདེ་ཆེན་རྫོང་གི་གྲོང་མི་གཉིས་ཀྱིས་ཇ་སྲུའི་འཕྲུལ་འཁོར་གྱི་ནུས་པ་དང་གོང་ཚད་འདྲི་བཞིན་ཡོད་པའི་གནས་ཚུལ་ཡིན་པ།