དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་སྤེན་པ་བཀྲ་ཤིས་ཀྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་ཐིང་དེ་གའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་ལྕགས་མདའ་ཤང་གི་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་ཞིང་། བརྟག་ཞིབ་བྱེད་རིང་ལས་དོན་ཚོགས་ཆུང་གིས་དུད་ཚང་དབུལ་ཕོངས་10ཙམ་དང “རྒན་གྲས་གསུམ ”གྱི་མི་སྣར་འཚམས་འདྲི་བྱས་ནས་དུད་ཚང་རེར་འཚམས་འདྲིའི་དངུལ་སྒོར་500རེ་སྤྲད་པ་དང་འབྲེལ་ཁྱིམ་སྤྱོད་ཀྱི་ཉི་འོད་ནུས་པའི་སྒྲིག་ཆས་ཆ་ཚང་310ཞལ་འདེབས་ཕུལ་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་4རིང་ཐིང་དེས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་བྱེད་ཤུགས་ཆེ་རུ་བཏང་ནས་ཉི་འོད་ནུས་པའི་ཁྱིམ་སྤྱོད་སྒྲིག་ཆས་ཆ་ཚང་510ལྷག་ཙམ་བརྩོན་ལེན་བྱས་ནས་ལྕགས་མདའ་ཤང་གི་མང་ཚོགས་ཀྱི་འཚོ་བའི་གློག་ཞུའི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད་པ་རེད། དུས་མཚུངས་དབུལ་སྐྱོར་གྱི་མ་དངུལ་སྒོར་ཁྲི་1592.85བཏང་ནས་ལྕགས་མདའ་ཤང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ཏེ་ལམ་དང་། ཆུ། གློག་བཅས་ཤར་གཏོང་ལེགས་གྲུབ་བྱུང་བ་དང་། ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་བཞོན་མ་གསོ་ཚགས་དང་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོའི་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་རྒན་བཀུར་ཁང་དང་རྫབ་རྫིང་གི་རྣམ་གྲངས་མཐུན་སྤྱོར་ངང་འཛུགས་སྐྲུན་བྱེད་པ། སྡེ་ཚན་གྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་བྱེད་པའི་གསོ་སྦྱོང་ཐེངས་གསུམ་སྤེལ་ཁར་རླངས་འཁོར་གཏོང་བ་དང་། སྦག་སྦག་བཟོ་བཅོས་རྒྱག་པ། འཛུགས་སྐྲུན་ཨར་ལས་ཀྱི་ཚོན་གཏོང་བ། མགྲོན་ཁང་གི་ཞབས་ཞུ། འདོན་འཇུག་རླངས་འཁོར་བཀོལ་སྤྱོད་བྱེད་པ་སོགས་ཀྱི་རྩལ་ནུས་ལྡན་པའི (མི་ཐེངས )206གསོ་སྦྱོང་བྱེད་པ་བཅས་བྱས་ཡོད་པ་རེད

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།