དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་ས་ཁུལ་གྱི་ཕྱུགས་རྒྱུད་ར་བ་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-15

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཁྱོན་མ་འཇོག་སྒོར་ཁྲི་ 800 ཟིན་པའི་ཉིང་ཁྲི་ས་ཁུལ་གྱི་ཕྱུགས་རྒྱུད་ར་བ་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ཤིང་། དེའི་ནང་གི་ཨར་རྒྱག་འཛུགས་སྐྲུན་ཐད་མ་འཇོག་སྒོར་ཁྲི་330 བྱ་རྒྱུ་ཡིན་པ་དང་མ་དངུལ་གཞན་དེ་དག་གཙོ་བོ་སྤུས་ལེགས་ཕྱུགས་བརྒྱུད་དང་ཐོན་མཐོའི་བཞོན་མ་ཉོ་རྒྱུ་དང་། མིའི་ཐབས་ཀྱི་གཟན་ཆས་རྟེན་གཞི་འཛུགས་རྒྱུ། སྦུ་གུ་ཕྲ་བའི་ཁུ་བ་འཁྱགས་གཏོང་སྒྲིག་ཆས་དང་འོ་མ་ལས་སྣོན་སྒྲིག་ཆས་དང་དེ་བཞིན་ཆ་ལག་ཚང་བའི་ལས་གྲྭའི་སྒྲིག་ཆས་གཞན་དག་ཉོ་རྒྱུ་བཅས་ལ་སྤྱོད་རྒྱུ་རེད། ལས་གྲྭ་དེ་སྔོན་དཔག་བྱས་ན་ད་ལོའི་ཟླ་བ་དགུ་པར་ལེགས་གྲུབ་རྩིས་སྤྲོད་བྱ་རྒྱུ་དང་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།