དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་རྫོང་གིས་མང་ཚོགས་སྣེ་ཁྲིད་ནས་ཁྱད་ལྡན་ཐོན་ལས་ཐད་འབབ་འཕར་ཡོང་ཐབས་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-15

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཉིང་ཁྲི་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན་2007ལོར་ཉིང་ཁྲི་རྫོང་གིས་ཞིང་འབྲོག་ལས་ཕན་འཕར་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དམིགས་ཚད་དུ་བྱས་ཏེ་མ་རྨོས་ལོ་ཏོག་དང་། ཞོག་ཁོག སྔོ་ཚལ་བཅས་གསུམ་འདེབས་འཛུགས་ཡག་པོ་བྱེད་པ་དང་ཁམ་བུའི་སྡོང་པོ་ལས་ཡོང་འབབ་གཏོད་པ། བོད་བྱ་གསོ་སྤེལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་སྔར་བས་རྒྱ་ཆེར་བཏང་བ་རེད།

            2007ལོར་ཉིང་ཁྲི་རྫོང་གིས་ཁྱད་ལྡན་གསོ་སྤེལ་ལས་རིགས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་ཁྲི་168བཏང་ནས་བོད་བྱ་གསོ་སྤེལ་ཆེད་ལས་དུད་ཚང་300འཕེལ་རྒྱས་གཏོང་རོགས་བྱས་ཏེ་བོད་བྱ་ཁྲི་15དང་བོད་ཕག་56000གསོ་ཚགས་བྱས་ནས་གཟན་རྩྭ་མུའུ་4218འདེབས་འཛུགས་བྱས་ཡོད། མ་དངུལ་སྒོར་ཁྲི་119.5བཏང་ནས་ལྗོངས་ཕྱི་ཕྱོགས་ནས་ཤི་མོན་ཐའར་གྱི་བཞོན་མ་200དང་མཛོ་མོ་བཞོན་མ་200ནང་འདྲེན་བྱས་ཡོད། བོད་བྱ་དང་། བོད་ཕག བཞོན་མ་བཅས་ཀྱི་གསོ་སྤེལ་ལས་རིགས་ལས་ཁྱོན་བསྡོམས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་500བྱུང་བ་དང་དུས་མཚུངས་བྱ་རིགས་ཀྱི་ཆམ་ནད་དང་ཕྱུགས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྒོར་ཁྲི་8བཏང་སྟེ་གཞི་རིམ་གྱི་ཕྱུགས་རིགས་སྨན་ཁང་དུ་སྨན་བཅོས་སྒྲིག་ཆས་དང་། འགྲིམ་འགྲུལ་ཡོ་ཆས། རིམས་འགོག་སྨན་རྫས་བཅས་སྒྲིག་བཀོད་བྱས་ཡོད།

            ཁྱད་ལྡན་འདེབས་འཛུགས་ལས་རིགས་ཐད་2007ལོར་ཉིང་ཁྲི་རྫོང་གིས་ཁྱོན་བསྡོམས་དྲོད་ཁང་ཆེན་པོའི་སྔོ་ཚལ་མུའུ་6400འདེབས་འཛུགས་བྱས་པར་ཡོང་འབབ་སྒོར་ཁྲི་256མངོན་འགྱུར་བྱུང་ནས་རྣམ་གྲངས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1660བྱུང་བ་དང་། དུག་འབུད་ཞོག་ཁོག་མུའུ་1180འདེབས་འཛུགས་བྱས་པར་སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི་265.5ལོན་ནས་ཡོང་འབབ་སྒོར་ཁྲི་228མངོན་འགྱུར་བྱུང་སྟེ་རྣམ་གྲངས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་15700བྱུང་བ། སྤུས་ལེགས་མ་རྨོས་ལོ་ཏོག་མུའུ་3018འདེབས་འཛུགས་བྱས་པར་སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི་226.5ལོན་ནས་ཡོང་འབབ་སྒོར་ཁྲི་347མངོན་འགྱུར་བྱུང་སྟེ་རྣམ་གྲངས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་6700བྱུང་བ་བཅས་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། ཚེ་བསོད་ཀྱིས་ཞུས )

     

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།