དབུ་ཤོག>གསར་འགྱུར།
  • བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་བརྟན་པོ་སྲུང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-13

    ལོ་མང་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྔ་བར་ཕྱི་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་བཀོད་སྒྲིག་དང་དོན་འཁྱོལ་ཡག་པོ་བྱས་ཡོད།

    དང་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཛུགས་དགོས། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། ཁོངས་གཏོགས་དོ་དམ་གྱི་འགན་འཁྲི། ལས་རིགས་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁྲིམས་ལྟར་ལེགས་པར་སྒྲུབ་དགོས། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ནི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་སྔོན་འགོག་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་དེ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཁེ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུའི་གོ་སྐབས་དམ་བཟུང་གིས“བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོ་བོ། ཕྱོགས་བསྡུས་བཅོས་སྐྱོང”བཅས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་གནས་ཚང་མའི་ཐོག་དོན་འཁྱོལ་གྱིས་དེ་བས་བརྟན་པའི་ལག་རྩལ་གྱི་འགན་ལེན་མ་ལག་དང་དེ་བས་ནུས་ཆེའི་འཕྲལ་སྡོམ་རོགས་སྐྱོར་མ་ལག་སྐྲུན་དགོས་པ་དང་།

    གཉིས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་ཁུར་བའི་བདེ་འཇགས་ཐོན་སྐྱེད་ལས་དོན་སླར་ཡང་ཞིབ་ཕྲ་དང་ཚད་ལྡན་ཡོང་བ་བྱས་ནས་ལས་འགན་ཁ་གསལ་དང་། ཚད་གཞི་ཁ་གསལ། དུས་ཡུན་ཁ་གསལ་བཅས་ཡོང་བ་བྱས་ཐོག་ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འཆར་འགོད་བཟོས་ཏེ་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་བདེ་འཇགས་ནུས་པ་ཞན་པ་དང་། ལས་རིགས་ཉེན་ཆེ། བདེ་འཇགས་ཐོན་སྐྱེད་ལ་ཉེན་ཁ་ཡོད་པ་བཅས་ཀྱི་རྗེས་ལུས་ལག་རྩལ་འདོར་དགོས་པ།

    གསུམ་ནས་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་སྔར་ལས་ལྷག་པའི་ངང་སྤྱི་ཚོགས་སུ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་ལས་འཛོལ་ཐོན་རིགས་ཐེར་འདོན་གོང་ཞུ་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལས་འཛོལ་ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་ཁུར་ནས་བདེ་འཇཌ་ཐོན་སྐྱེད་ཀྱི་ཞིབ་བཤེར་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལས་དོན་རྟག་ཏུ་སྤེལ་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་གནས་པའི་ཚན་པར་དུས་བཀག་བཞིན་དག་ཐེར་བྱེད་དགོས་པའི་སྐུལ་ལྕག་བྱེད་པ་དང་། བྱ་ཐབས་ནུས་ལྡན་གྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།