དབུ་ཤོག>གསར་འགྱུར།
  • དངོས་སྒྲུབ་བྱས་ཚེ་གཞི་ནས་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཅེ་ཡིས།   |     སྤེལ་དུས།  2015-05-13

    ཏང་འཛུགས་སྐྱོང་ལས་དོན་སྐོར་གླེང་སྐབས་མི་ཁག་གཅིག་གིས་དེའི་གོ་དོན་དཔྱིས་ཕྱིན་པ་རྟོགས་ཀྱི་མེད། དོན་དངོས་ཐོག་ཏང་འཛུཌ་སྐྱོང་ལས་དོན་དེ་ཏན་ཏན་ཏིག་ཏིག་ངང་བསྒྲུབ་དགོས། འགག་རྩ་ནི་ལས་དོན་སྒྲུབ་མཁན་གྱི་ལས་དོན་ཇི་ལྟར་སྒྲུབ་མིན་དང་ནུས་ལྡན་གྱི་གཞི་རྟེན་དང་ཐབས་ལམ་འཚོལ་ཐུབ་མིན་ལ་ཐུག་ཡོད།

    དུས་བབ་གསར་པའི་འོག་ཇི་ལྟར་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་དགོས་སམ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས་གྲོང་ཁྱེར་གང་དེའི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་ནི་ཏང་འཛུགས་སྐྱོང་ལས་དོན་དེ“ཕྱི་ཚུལ”ཙམ་ནས“དངོས་སྒྲུབ”བར་གྱི་ཕན་ཡོད་ཀྱི་འཚོལ་ཞིབ་དང་དུས་སྐབས་གསར་པར་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་ཞིག་རེད།

    དམ་པ་དོན་གཉེར་ནི་རང་རེའི་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཞིག་དང་ཏང་གི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ཐོབ་པའི་རྩ་བའི་འགན་ལེན་ཞིག་རེད། དངོས་སྒྲུབ་ཀྱི་ལས་དོན་སྤེལ་ཚེ་གཞི་རིམ་དུ་ཏང་རྩ་འཛུགས་ཀྱི་ནུས་པ་དངོས་འབྲེལ་ཐོན་ཐུབ། སྨྱུག་འཛིན་པས་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་པར་ངེས་གནས་འཚོལ་མཁས་པོ་དང་། བསམ་ཕྱོགས་གསལ་པོ་བྱེད་ཐབས་གསར་གཏོད་བཅས་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་དེ“ཕྱི་ཚུལ”ཙམ་ནས“དངོས་སྒྲུབ”ལ་འགྱུར་བ་བྱས་ཏེ་ལྟེ་བར་དམིགས་པ་དང་མང་ཚོགས་དང་ཉེ་བཅར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་ཞབས་འདེགས་ཞུ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།   

    ཏང་འཛུགས་སྐྱོང་དམ་འཛིན་བྱེད་པར་ངེས་གནས་འཚོལ་མཁས་པོ་བྱས་ཏེ་ཏང་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པ་ལས་གཡོལ་དགོས། ཏང་འཛུགས་སྐྱོང་དམ་འཛིན་བྱེད་པའི་དམིགས་ཡུལ་ནི་འཕེལ་རྒྱས་ལ་སྐུལ་འདེད་དང་བརྟན་ལྷིང་འགན་ལེན་བྱ་རྒྱུ་དེ་ཡིན་པས་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་གྱི་ཟུང་འབྲེལ་བྱ་གཞི་ཡག་ཤོས་དེ་འཚོལ་ཐུབ་ཚེ་གཞི་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ཡིད་དབང་འགུགས་ཤུགས་དང་གོ་སྐོན་བློ་འགུགས་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཐུབ།

    ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པར་བསམ་ཕྱོགས་གསལ་པོ་དགོས་ལ་ལས་དོན་ཐད་འབེན་ཡོད་སར་མདའ་འཕེན་པ་ལྟར་གནད་འཁེལ་པོ་དགོས། གོང་རིམ་གྱི་ཡིག་ཆའི་དགོངས་དོན་ལག་ལེན་བསྟར་རིང་ལད་མོ་ཁོ་ནར་བརྟེན་མི་རུང་བར་ངེས་པ་དུ་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་གྱི་འབྱུང་རྩ་འཚོལ་མཁས་པོ་དང་། ལས་ཀའི་བསམ་ཕྱོགས་གསལ་པོ། དམིགས་ཚད་དང་བླང་བྱ་ཁ་གསལ་ཡོང་བ་བྱས་ཏེ་འབེན་ཡོད་སར་མདའ་འཕེན་པ་ལྟར་དང་བྱེད་སྒོ་ཕྱི་ཚུལ་ཙམ་མིན་པ་དང་དམིགས་ཚད་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།

    ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པར་བྱེད་ཐབས་གསར་གཏོད་བྱས་ནས་དོན་འཁྱོལ་དང་གསར་གཏོད་ལ་མཐོང་ཆེན་བྱེད་དགོས། དངོས་སྒྲུབ་ཀྱི་བྱེད་ཐབས་ཐད་ལས་དོན་ཏན་ཏིག་སྤེལ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ“སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི”ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་དགོས། ལས་ཀའི་དོན་དངོས་དང་འཚམས་པ་དང་དུས་རབས་ཀྱི་ཁྱད་ཆོས་མཚོན་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཟོ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།