དབུ་ཤོག>གསར་འགྱུར།
  • ​ ཆུ་ཤུར་རྫོང་ཚ་རགས་ཤང་གིས་རྣམ་གྲངས་བརྩོན་ལེན་བྱས་ནས་བུད་མེད་ཀྱིས་བྱ་གཞག་གཏོད་རྒྱུར་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-13

    ཉིན་ཤས་གོང་ཆུ་ཤུར་རྫོང་ཚ་རགས་ཤང་གིས་རྫོང་དེའི་འཕྲོད་བསྟེན་སྡེ་ཚན་ལ་འདུན་ཞུ་བྱས་ནས“བདེ་སྐྱིད་ལྡན་པའི་ཡུམ་གྱི་བྱ་གཞག་གསར་གཏོད་ཀྱི་མ་དངུལ་སྐྱོབ་རོགས་རྣམ་གྲངས”བརྩོན་ལེན་བྱས་པ་རེད། ཤང་དེའི་བུད་མེད་6ལ་མི་རེར་སྒོར་ཁྲི་2ཀྱི་སྐྱེད་མེད་དངུལ་བུན་རོགས་སྐྱོར་ཐོབ་པ་དེ་དག་བོད་བྱ་གསོ་ཚགས་དང་། ཇ་ཁང་། ཟ་ཁང་སོགས་གཉེར་སྐྱོང་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་བའི་ཐད་བཏང་བ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ད་དུང་བུད་མེད་ཀྱི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོའི་བྱ་གཞག་དང་རྣམ་གྲངས་རྒྱ་ཆེར་གཏོང་རྒྱུར་རྟོག་ཞིབ་བྱས་ཏེ་གཉེར་སྐྱོང་གི་མཛུབ་ཁྲིད་བསམ་འཆར་དང་གྲོས་འགོ་ཡང་བཏོན་ནས་ཁོང་ཚོར་རང་གིས་རང་ལ་ཡིད་ཆེས་དང་། རང་བརྩི། རང་ཚུགས་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གྲོང་གསེབ་ཀྱི་བུད་མེད་ལ་ཕྱུག་འགྱུར་སྣེ་ཁྲིད་ཀྱི་མིག་དཔེ་སྟོན་རྒྱུའི་རེ་བ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།