དབུ་ཤོག>གསར་འགྱུར།
  • ཁྲལ་འཇལ་ཞབས་ཞུ་ལེགས་སུ་གཏོང་རྒྱུ་ནམ་ཡང་མཚམས་འཇོག་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཧྲན་གྱིས།   |     སྤེལ་དུས།  2015-05-13

    ན་ནིང་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས“ཁྲལ་དོན་དཔྱིད་རླུང་གནས་མཆོག་གྲོང་དུ་ལྡང”ཞེས་པའི་འདུ་འགོད་ལག་བསྟར་བྱས་པ་དེ་ནི་རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་གོང་འོག་ཚང་མས་དམངས་ཕན་ཁྲལ་གཉེར་ཞབས་ཞུའི་དཔྱིད་རླུང་བྱ་སྤྱོད་སྤེལ་བ་དང་བསྟུན་ནས། རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་སྤེལ་བའི་ཁྲལ་འཇལ་དུད་ཚང་ལ་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་སྤེལ་རྗེས་ལྟེ་བའི་གྲོང་ཁྱེར་ལྷ་སར་ཁྱབ་གདལ་བཏང་བའི་དམངས་འཚོའི་འདུ་འགོད་ཅིག་རེད། ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་འཇལ་བར་ཞབས་ཞུ་བྱེད་པའི་ལག་ལེན་ནང་ཁྲལ་བསྡུ་དྲིལ་བསྒྲགས་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཁྲལ་གཉེར་བྱ་སྤྱོད་དང་ཁྲལ་བསྡུའི་ཁྲིམས་འཛིན་སྔར་བས་ཚད་ལྡན་ཡོང་བ་བྱས་ཏེ་དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་ནམ་ཡང་ལྡང་ནས་གནས་མཆོག་ལྷ་སའི་ཁྲལ་འཇལ་དུད་ཚང་ཚང་མས་དྲོ་སྐྱིད་ཚོར་བ་བྱས་ཡོད་པ་རེད།

    “དམངས་ཕན་ཁྲལ་གཉེར་བྱ་སྤྱོད”ནམ་ཡང་སྤེལ་མཚམས་འཇོག་མི་རུང་། ཇི་ལྟར་བྱས་ཏེ་དོ་དམ་བྱེད་སྟངས་ལེགས་སུ་བཏང་ནས་དམངས་ཕན་ཁྲལ་གཉེར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་དེར་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་ལྷ་སའི་རིམ་ཁག་རྒྱལ་ཁྲལ་སྡེ་ཚན་གྱིས་མིག་སྔར་བསྒྲུབ་དགོས་ལ་དུས་ཡུན་རིང་པོའི་ནང་བསྒྲུབ་དགོས་པའི་ལས་དོན་ཞིག་རེད། དམངས་ཕན་ཁྲལ་གཉེར་གྱི་བྱེད་ཐབས་མུ་མཐུད་དོན་ཐོག་ཏུ་འཁྱོལ་བ་དང་དེར་ཕན་འབྲས་དངོས་ཐོན་པ་བྱེད་པར་སྐུལ་མ་གཏོང་དགོས་པ་དང་ཁྱབ་གདལ་བཏང་བའི་ཞབས་ཞུ་བྱེད་སྟངས་དེ་རིགས་ཁྲལ་དོན་དང་འབྲེལ་བའི་དགོས་མཁོའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་ཁྱད་ཆོས་དང་དེ་བས་འཚམ་པ་ཞིག་དགོས། དམངས་ཕན་བྱེད་ཐབས་ཁག་ཁྱབ་གདལ་བཏང་རྗེས་རྗེས་མཐུད་རྗེས་འདེད་ཕན་འབྲས་བློ་འདྲིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུ་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་ཁྲལ་བསྡུས་དམངས་ཕན་དང་དམངས་བདེ་དེ་བས་ཡོང་བ་བྱེད་དགོས།

    “ཁྲལ་འཇལ་བར་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྟབས་བདེ་བསྐྲུན་པ་དང་ཁྲལ་དོན་མི་སྣའི་ཀུན་སྤྱོད་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཚད་ལྡན་ཡོང་བ་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། རིམ་ཁག་རྒྱལ་ཁྲལ་སྡེ་ཚན་གྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་སྟེ་མུ་མཐུད་འབད་བརྩོན་དང་ནམ་ཡང་རྒྱུན་འཁྱོངས་ཀྱིས་ཁྲལ་འཇལ་ཞབས་ཞུ་ཕྱོགས་གང་སར་ཁྱབ་པ་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཁྲལ་བསྡུའི་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།