དབུ་ཤོག>གསར་འགྱུར།
  • ​ ལས་འགན་ཁ་གསལ་དང་། དམིགས་ཚད་ལ་བསྡིགས་པ། སྤྱི་འདོམས་སྐུལ་འདེད་བཅས་ཀྱི་སྒོ་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་སྤེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-12

    ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བཅས་ཀྱི་འོག་མིག་སྔར་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་རོགས་སྐྱོར་དེ་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་འགག་རྩའི་དུས་སུ་སླེབས་ཡོད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཉེན་གྱར་མང་ཚོགས་འཚོལ་སྐྱོབ་བྱ་རྒྱུ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་རྒྱུ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུ། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བྱ་རྒྱུ། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་དུས་བབ་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དེས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བའི་ཐོག་སྒུལ་ཤུགས་སྦྱིན་ལ་ཚན་རིག་དང་མཐུན་པའི་བསྟུན་ས་ཡང་བྱུང་ཡོད།

    ཛ་དྲག་གི་དུས་བབ་མདུན་དུ་ང་ཚོས་ལས་འགན་སྔར་བས་ཁ་གསལ་དང་། དམིགས་ཚད་ལ་བསྡིགས་པ། གོ་རིམ་ལྡན་པ། སྤྱི་འདོམས་སྐུལ་འདེད་བཅས་ཀྱི་སྒོ་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་བསྒྲུབས་ཏེ་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་བརྩོན་ལེན་བྱེད་དགོས།

    ལས་འགན་ཁ་གསལ་ཞེས་པ་ནི་ཡོམ་འགོག་གེགས་སེལ་གྱི་ལས་ཀའི་ལས་འགན་ཁ་གསལ་ཡོང་བ་བྱ་རྒྱུ་དེ་ཡིན། ལས་འགན་ནི་ལས་དོན་གྱི་སྔོན་འགྲོ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ལས་འགན་ཁ་གསལ་ཡོང་བའི་ཐད་མིག་སྔའི་དུས་བབ་སྔར་བས་ཁ་གསལ་ཡོང་བ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོམ་འགོག་གེགས་སེལ་ཐད་བཏོན་པའི་བླང་བྱ་གསར་པར་གཞིགས་ནས་མིག་སྔའི་ཡོམ་འགོག་གེགས་སེལ་གྱི་གཙོ་གནད་དང་དཀའ་གནད་གསལ་རྟོགས་དང་གོམ་སྟབས་རྗེས་མའི་ལས་དོན་གྱི་ལྟེ་བ་དང་། བྱེད་ཐབས། གོམ་སྟབས་བཅས་ཁ་གསལ་ཡོང་བ་བྱེད་དགོས། ལས་འགན་ཁ་གསལ་བྱུང་ཚེ། གཞི་ནས་དམིགས་སའི་རང་བཞིན་གྱི་སྒོ་ནས་དམིགས་ཚད་ལ་གཞིགས་ཐུབ་པ་དང་གཞི་ནས་མིག་སྔའི་ཡོམ་འགོག་གེགས་སེལ་གྱི་ལས་འགན་གཙོ་བོ་བཞི་ཧུར་ཐག་སྤེལ་རྒྱུའི་ལས་དོན་ལ་དམ་པོར་དམིཌ་ཐུབ་པ་མ་ཟད། འགན་འཁྲི་ཁ་གསལ་དང་། འབེན་ཡོད་སར་མདའ་འཕེན་པ། གཙོ་གནད་མངོན་གསལ། ལྟེ་བར་དམིགས་པ། སྐུལ་འདེད་ཏན་ཏིག་བཅས་ཡོང་ཐུབ།

    དམིགས་ཚད་ལ་བསྡིགས་པ་ཞེས་པ་དེ་ནི་ཡོམ་འགོག་གེགས་སེལ་ལས་དོན་གྱི་དམིགས་ཚད་ཁག་ལ་བསྡིགས་པ་དེ་ཡིན། མིག་སྔར་རང་ལྗོངས་ཀྱི་ལས་ཀའི་དམིགས་ཚད་དང་པོ་དེ་ནི་ཉེན་གྱར་མང་ཚོགས་མུ་མཐུད་འཚོལ་སྐྱོབ་དང་། རྗེས་འཇུག་ལས་དོན་བཀོད་སྒྲིག རྨས་མ་མྱུར་སྐྱོབ། གནས་སྤོ། འཚོ་བ་འགན་ལེན་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ཁང་དང་། ལྟོ་ཆས། གྱོན་གོས། ཆུ། སྨན་བཅོས་བཅས་འགན་ལེན་བྱ་རྒྱུ་དེ་ཡིན། མིག་སྔའི་ཡོམ་འགོག་གེགས་སེལ་གྱི་ལས་ཀའི་དམིགས་ཚད་ལ་བསྡིགས་ཚེ། ང་ཚོས་གཞི་ནས་ངེས་གནས་འཚོལ་ཐུབ་པ་དང་། ལས་འགན་དོན་འཁྱོལ་ཐུབ་པ། འགན་འཁྲིར་ཤུགས་སྣོན་ཐེབས་པ། དམ་འཛིན་ནན་པོ་དང་ཏན་ཏིག ལས་ཀའི་དམིགས་ཚད་ལ་དམིགས་ནས་ལག་བསྟར་ཆོག་པའི་གེགས་སེལ་བྱེད་ཐབས་བཟོ་ཐུབ་པ། ཡོམ་འགོག་གེགས་སེལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ་པ་བཅས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱ་དོན་ཐོག་ཏུ་འཁྱོལ་ཐུབ།

    སྤྱི་འདོམས་སྐུལ་འདེད་ཅེས་པ་ནི་ལུགས་མཐུན་བཀོད་སྒྲིག་དང་སྤྱི་འདོམས་ལྟ་རྟོག་བྱ་རྒྱུ་དེ་ཡིན། ཕྱོགས་གཅིག་ནས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་གྱར་མང་ཚོགས་མུ་མཐུད་འཚོལ་སྐྱོབ་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་རྨས་མ་སྐྱོབ་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག གེགས་ཁུལ་གྱི་སྔོན་འགོག་གསུམ(མེ་སྐྱོན་སྔོན་འགོག་དང་། རིམས་ནད་སྔོན་འགོག གཏོར་སྐྱོན་སྔོན་འགོག)གྱི་ལས་དོན་མཐའ་གཅིག་ཏུ་སྒྲུབ་པ། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སླར་གསོ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན། གནོད་འཚེའི་གྱོང་གུན་ལ་ཚོད་སྐོར། གེགས་རྗེས་བསྐྱར་སྐྲུན། ཡིད་ཆེས་བརྟན་དུ་བཏང་ནས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་དམ་འཛིན་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། གཅིག་ཤོས་ནས་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་དགོས། དེ་ཐོག་ནས་ང་ཚོས་གནས་དང་ཁྱོན་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་དེ་བས་ནུས་ལྡན་གྱི་བྱེད་ཐབས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ཀྱི་ཐོག་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་དང་ལས་འགན་གལ་ཆེན་ཡིན་པའི་ཡོམ་འགོག་གེགས་སེལ་ལས་དོན་མཐའ་གཅིག་ཏུ་སྒྲུབ་དགོས་པ་དང་། གཅིག་ཤོས་ནས་མ་བྱུང་སྔོན་འགོག་དང་དམིགས་ཚད་ལས་འགན་ལ་བསྡིགས་ནས་སྤྱི་འདོམས་ཐོག་ལས་དོན་ཁག་ཡག་པོ་བསྒྲུབས་པ་དང་། དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་གཅིག་སྡུད་ཐོག་དམ་འཛིན། ཕྱོགས་གཅིག་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་དམ་འཛིན་དང་ཕྱོགས་གཅིག་ནས་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། ལག་གཉིས་ཀྱིས་དམ་འཛིན་དང་། གཉིས་ཀ་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་རྒྱུ་འགན་ལེན། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་དུས་བབ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལས་འགན་ཁ་གསལ་བྱུང་ཚེ། གཞི་ནས་དམིགས་ཚད་ལ་བསྡིགས་ཐུབ། སྤྱི་འདོམས་སྐུལ་འདེད་བྱས་ཚེ། གཞི་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ། མཐར་དམིགས་ཚད་མངོན་འགྱུར་དང་དམིགས་ཚད་ལས་འགན་ལེགས་གྲུབ་བྱེད་པར་ངེས་པར་དུ་སླར་ཡང་ཞིབ་ཕྲ་དང་། སླར་ཡང་དབྱེ་ཕྲལ། སླར་ཡང་བཀོད་སྒྲིག སླར་ཡང་དོན་འཁྱོལ་བཅས་བྱེད་དགོས། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དངོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་རང་འགན་རང་འཁུར་དང་། ལས་བགོས་མཐུན་སྦྱོར། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་མཐུན་སྦྱོར་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་ཚོའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས། གྲོང་ཚོར་བཅའ་སྡོད་དང་། དགོན་སྡེར་བཅའ་སྡོད། གཉིས་ལྡན་དུད་སྦྲེལ། དྲ་མིག་ཅན་བཅས་ཀྱི་དོ་དམ་ནུས་པ་འདོན་སྤེལ། ཡོམ་འགོག་གེགས་སེལ་གྱི་དྲང་ནུས་གཅིག་འགྲིལ། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་གོ་རིམ་ལྡན་ལ་ཏན་ཏིག་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས།

    ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལས་འགན་ཁ་གསལ་དང་། དམིགས་ཚད་ལ་བསྡིགས་པ། ཀུན་སེམས་གཅིག་སྦྲེལ། དཀའ་གནད་འགག་སྒྲོལ་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་ཀྱིས་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་བོད་ཀྱི་རྣམ་པ་གསར་པ་སྔར་བས་གཏོད་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལེའུ་གསར་པ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།