གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་5ཚེས་11ཉིན་ནས་ཟླ་5ཚེས་17ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་གཞིས་རྩེ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུ་ས་ཁུལ་དང་ཆབ་མདོ་གྲོང་ཁྱེར་དུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་ནས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་པ་སངས་ཀྱི་རྗེས་སུ་ཉིང་ཁྲི་ས་ཁུལ་དང་། ཆབ་མདོ་གྲོང་ཁྱེར། ལྷོ་ཁ་ས་ཁུལ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུ་ས་ཁུལ་དང་། གཞིས་རྩེ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིའི་ནང་ཡོམ་ཁུལ་དང་བཀོད་སྒྲིག་བྱ་ཡུལ་གྱི་ས་ཆ་ཁ་ཤས་སུ་ཆར་ཆུ་འབབ་མང་བས་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། གནམ་གཤིས་བཞའ་ཚན་ཆེ་བས་འཕྲོད་བསྟེན་རིམས་འགོག་སྡེ་ཚན་གྱིས་དུག་སེལ་སོགས་ལ་དོ་སྣང་བྱས་ཏེ་གེགས་རྗེས་རིམས་ནད་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་ཞུའོ།
2.གཟའ་མཇུག་ཏུ་ཤར་ལྷོའི་ས་ཁུལ་དུ་ཆར་ཆུ་འབབ་མང་བ་དང་ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་པའི་རྐྱེན་གྱིས་འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།