ཟླ་5ཚེས་1ཉིན་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་འགག་སྒོ་ལས་ཁུངས་ས་ཁོངས་ཀྱི་འགག་སྒྲོལ་གཞི་གཅིག་ཅན་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། དེ་ཉིན་ཀོང་ཏུང་ས་ཁུལ་གྱི་འགག་སྒོ་ལས་ཁུངས་ཀྱི་ས་ཁོངས་འགག་སྒྲོལ་གཞི་གཅིག་ཅན་དེ་ཀྲུའུ་ཅང་ཟུར་གསུམ་ཁུལ་ཆེན་པོའི་ས་ཁོངས་བར་རྒྱ་ཆེར་བཏང་བ་དེ་ཐོག་ནས་ཁེ་ལས་ཀྱིས་རེ་ཞུ་དང་། ཁྲལ་འཇལ། ཞིབ་བཤེར་རྩིས་ལེན་དང་གཏོང་ཆོག་པའི་འགྲོ་ལུགས་གཉེར་བའི་སྟབས་བདེའི་འགག་སྒྲོལ་དཔེ་དབྱིབས་རང་བདག་གདམ་ག་བྱ་རྒྱུ་རྒྱལ་ཡོངས་སུ་ཁྱབ་ནས“འགག་སྒོ་མང་པོ་འགག་སྒོ་གཅིག་ལྟར”མངོན་འགྱུར་ཐུབ་ཐོག་ཕྱིར་གཏོང་དང་ནང་འདྲེན་ཁེ་ལས་ཚང་མར་ཕན་པ་ཐོབ་པ་མཚོན་ཡོད་པ་རེད།
དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་འགག་སྒོའི་ས་ཁོངས་ཀྱི་འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཆིང་ཏའོ་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ཙང་ཡུས་ཅན་གྱིས་ད་ཐེངས་ཀྱི་སྒྱུར་བཅོས་དེ་ཧྲན་ཏུང་དང་། ཧོ་ནན། ཧྲན་ཤིས། ཧྲའན་ཤིས། ཀན་སུའུ། ཉིང་ཞ། མཚོ་སྔོན། ཤིན་ཅང་། བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས)དགུའི་ནང་གི་ཆིང་ཏའོ་དང་། ཅིས་ནན། ཀྲེང་ཀྲོའུ་སོགས་འགག་སྒོ་ལས་ཁུངས་10དང་འབྲེལ་བ་ཡོད་ཅིང་། ཚད་གཞི་གཅིག་གྱུར་དང་མགྱོགས་མྱུར་ནུས་ཆེའི་འགག་སྒོའི་ས་ཁོངས་ཤིག་ཆགས་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་འགག་སྒྲོལ་མྱུར་བགྲོད་ལམ་བུ་ཞིག་འདིང་བ། ཤར་ནས་རི་པིན་དང་ཧན་གོར་ཤར་གཏོང་ཐུབ་པ་དང་ནུབ་ནས་ཡོ་རོབ་བར་གྱི་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ཆེ་མོ་ཞིག་ཤར་གཏོང་བཅས་བྱ་རྒྱུ་ཡིན་པ་དེས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ཕན་ཚུན་སྦྲེལ་མཐུད་ཐུབ་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད་པ་རེད།
དེ་དང་འདྲ་བར་བྱང་ཤར་ས་ཁུལ་གྱི་འགག་སྒྲོལ་སྙན་ཞུའི་ཁེ་ལས་ཀྱིས་བྱང་ཤར་ས་ཁུལ(ནང་སོག་རང་སྐྱོང་ལྗོངས་ཚུད་པ)ནང་གི་འགག་སྒོ་ལས་ཁུངས་གང་རུང་ཞིག་ལ་ཐོ་འགོད་སྙན་སེང་ཞུས་ནས་ས་ཁོངས་ནང་གི་འགག་སྒོ་ལས་ཁུངས་ཁག་ཏུ་འགག་སྒྲོལ་སྙན་ཞུའི་ལས་སྒོ་སྒྲུབ་ཐུབ་ཐོག“ས་ཆ་གཅིག་ལ་ཐོ་འགོད་གཅིག་དང་ཞིང་ཆེན(རང་སྐྱོང་ལྗོངས)བཞིར་འགག་སྒྲོལ་སྙན་ཞུ”མངོན་འགྱུར་ཐུབ་རྒྱུ་རེད།
དེ་གོང་འགག་སྒོ་ལས་ཁུངས་ཀྱིས་ན་ནིང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ། ཀོང་ཏུང་ས་ཁུལ་གྱི་འགག་སྒོ་ལས་ཁུངས་ཀྱི་ས་ཁོངས་འགག་སྒྲོལ་གཞི་གཅིག་ཅན་ལག་བསྟར་བྱེད་འགོ་བཙུགས་པ་དང་། འདི་ལོའི་ཟླ་3པའི་ཟླ་མཇུག་བར་འདི་ལོ་ནས་བཟུང་གི་གོང་གསལ་ས་ཁོངས་3གྱི་འགག་སྒོ་ལས་ཁུངས་ཀྱི་འགག་སྒྲོལ་གཞི་གཅིག་ཅན་གྱི་སྟེགས་བུས་འགག་སྒྲོལ་སྙན་ཞུའི་ཐོ་ཡིག་ཁྲི་1296དང་ལེན་ཞུས་པ་དེས་རྒྱལ་ཡོངས་ཀྱི་འགག་སྒྲོལ་སྙན་ཞུའི་ཐོ་ཡིག་སྤྱི་འབོར་གྱི་84%བཟུང་ཡོད། གཞི་གཅིག་ཅན་གྱི་འགག་སྒྲོལ་གྱི་ནང་འདྲེན་ཕྱིར་གཏོང་དེ་སྲོལ་རྒྱུན་འགག་སྒྲོལ་ལས་ཆ་སྙོམས་ཆུ་ཚོད་9དང་ཆུ་ཚོད་0.3སོ་སོར་ཐུང་བ་ཡོད་པ་རེད།