དབུ་ཤོག>གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དེ་ཡོམ་འགོག་གེགས་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

    ནེ་པ་ལའི་ས་ཡོམ་རིམ་པ་8.1དང་དེ་རྗེས་ཀྱི་ཡོམ་འཕྲོས་རང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ཀྱི་མཐའ་མཚམས་ས་ཁུལ་དུ་ཤུགས་རྐྱེན་ཐེབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ནུས་ལྡན་རྒྱབ་སྐྱོར་འོག་བོད་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་ཛ་དྲག་ངང་སྐུལ་སློང་བྱས་ཏེ་མི་ཁྲི་སེམས་གཅིག་དང་། དཔའ་ངར་ཞུམ་མེད་ཀྱིས་གཞི་ཁྱོན་ཧ་ཅང་ཆེ་བ་དང་སྤོབས་པས་རི་ཀླུང་སྒུལ་བའི་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་བྱས་ཡོད།

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་གནང་ཡོད། ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ཏང་སྲིད་དམག་ཉེན་དམངས་ཀྱིས་གཞོགས་འདེགས་མཐུན་སྦྱོར་དང་་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་གནང་ཡོད།

    ཡོམ་འགོག་གེགས་སེལ་གྱི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་འགག་རྩའི་དུས་སུ་སླེབས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛད་བྲེལ་ཆེ་བའི་དུས་སུ་སླར་ཡང་མཛུབ་སྟོན་གལ་ཆེན་གནང་ནས་ཡོམ་འགོག་གེགས་སེལ་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་ཁས་ལེན་གང་ལེགས་གནང་ནས་ཡང་འབད་བསྐྱར་འབད་ངང་ཉེན་གྱར་མི་སྣ་འཚོལ་སྐྱོབ་མུ་མཐུད་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་བཅས་དང་དུས་མཚུངས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཉམས་གསོ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་པ་དང་། བོད་རང་སྐྱོང་ལྗོངས་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་ཡོད། ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་འབྲེལ་ཡོད་སྡེ་ཚན་གྱིས་བོད་རང་སྐྱོང་ལྗོངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཉེན་འགོག་གེགས་སེལ་དང་རྨས་མ་སྐྱོབ་བཅོས་ལས་དོན་ལེགས་པར་བསྒྲུབས་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གནོད་འཚེ་ཕོག་ཁུལ་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དམངས་རྩ་བར་འཛིན་པ་དང་མི་རྩ་བར་འཛིན་པའི་སྲིད་སྐྱོང་འདུ་ཤེས་བཅངས་ལུགས། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་བཅངས་པའི་བླ་ན་མེད་པའི་ཐུགས་བརྩེ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་དང་ཕན་འབྲས་ལ་སྐུལ་མ་དང་སྐུལ་ལྕག་བཅས་གནང་བ་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་པས་ང་ཚོར་སེམས་འགུལ་ཟབ་མོ་ཐེབས་པ་དང་། སྐུལ་ལྕག་ཚད་མེད་ཐེབས་པ། སྒུལ་ཤུགས་ལྷག་པར་འཕར་བ་། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་ཐོག་ཏན་ཏིག་ངང་གཅིག་གྱུར་ཡོང་བ་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལེགས་པར་སྒྲུབ་པའི་བློ་རྩ་བརྟན་པོར་འགྱུར་པ་དང་ལས་དོན་ཁག་ལེགས་པར་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་པ་བྱེད་དགོས།

    ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་དང་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་བརྙན་ལམ་ཚོགས་འདུའི་བཀོད་སྒྲིག་གི་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱས་ཏེ་རྣམ་པར་རྒྱལ་ཐུབ་པའི་སྙིང་སྟོབས་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་གྱི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་འབད་འཐབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་ཡོམ་འགོག་གེགས་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱ་རྒྱུ་མུ་མཐུད་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་བཀོད་སྒྲིག་བྱ་ཡུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཟས། གོས། སྡོད། སྨན། སྦྱོང་། ལས་སོགས་ཀྱི་གཞི་རྩའི་དགོས་མཁོ་འགན་ལེན་བྱས་ནས་གེགས་ཁུལ་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱེད་པ། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཉམས་གསོ་བྱས་ནས་ཉེན་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ཆེད་དུ་འགན་ལེན་ནུས་ལྡན་བྱེད་པ། གནོད་འཚེའི་གྱོང་གུན་ཕོག་ཚུལ་ཕྱི་རོལ་ཡུལ་དང་སྒོ་ཀུན་ནས་དཔྱད་དཔོག་བྱེད་པའི་རྨང་གཞིའི་ཐོག་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་མགྱོགས་མྱུར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་རང་ལྗོངས་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་ས་ཁུལ་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་ཡོང་བ་བཅས་བྱེད་དགོས།

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། དཔའ་བོའི་བོད་མི་དམངས་བཅས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ཡོད་པས་ང་ཚོས་ས་ཡོམ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པ་དང་ཁྱད་བསད་བྱེད་དཀའ་བའི་དཀའ་ངལ་མཐའ་དག་ཁྱད་བསད་ཐུབ་པ་བྱས་ཏེ་ཡོམ་འགོག་གེགས་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། འཕེལ་རྒྱས་བརྟན་ལྷིང་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50 འཁོར་བར་བསུ་བ་ཞུས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་བ་བསྐྲུན་ཐུབ་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།