དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་དགོས ”ཞེས་པའི་ལྕགས་ཕག་ལོའི་གསར་བརྗེ་བྱས་ནས་ལོ་100འཁོར་བའི་ཚོགས་ཆེན་ཐོག་གནང་བའི་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་དེས་ལོ་བརྒྱའི་ལོ་རྒྱུས་ལམ་ཚད་ལ་ཕྱིར་མིག་བལྟས་པ་དང་། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་དར་རྒྱས་དང་མི་རིགས་བསྐྱར་དར་གྱི་བསམ་པའི་སྒུལ་ཤུགས་སྟོབས་ཆེན་ཡིན་ལུགས་རྒྱས་བཤད་གནད་ལ་འཕིགས་པ་གནང་བ། ཀྲུང་ཧྭ་ཡི་བུ་ཕྲུག་ཚང་མས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ལྷག་བསམ་ཟོལ་མེད་ངང་འབོད་སྐུལ་བཅས་གནང་ཡོད།

        “རྒྱལ་ཁབ་དར་རྒུད་ཇི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད ”ཞེས་པ་ལྟར་མེས་རྒྱལ་ལ་དགའ་ཞེན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་ཀྱི་སྲོལ་རྒྱུན་ཞིག་རེད། 1840ལོའི་ཉལ་ཐ་དམག་འཁྲུག་ལངས་རྗེས་གནའ་བོའི་ཀྲུང་གོར་ཉམས་རྒུད་ཆེན་པོ་བྱུང་བ་དང་། དཀའ་ངལ་གཅིག་རྗེས་གཉིས་མཐུད་ངང་འཕྲད་པ། མི་རིགས་དེ་ཉིད་སྔ་ན་མེད་པའི་སྡུག་བསྔལ་གྱིས་མནར་བ། མི་རིགས་རང་བཙན་བརྩོན་ལེན་དང་ཀྲུང་ཧྭ་དར་རྒྱས་གཏོང་བའི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དེ་རྒྱུན་འཛིན་དང་དར་སྤེལ་བྱུང་བ། དུས་རབས་ཡར་ཐོན་གྱི་རླབས་རྒྱུན་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བྱུང་བ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་དེ་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་མཐོན་པོར་གཡོ་བ་བཅས་བྱུང་ཡོད།

        ཀྲུང་གོ་གུང་ཁྲན་ཏང་མི་ནི་ཆེས་བློ་བརྟན་འགྱུར་མེད་དང་ཆེས་དཔྱིས་ཕྱིན་པའི་རྒྱལ་གཅེས་རིང་ལུགས་པ་དང་། ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཆེས་བློ་དཀར་གྱི་མཚོན་བྱེད་ཅིག་རེད། སྲོག་ཤིང་དུ་གྱུར་པའི་སྟོབས་ཤུགས་ཤིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རྒྱུན་འཛིན་བྱེད་པའི་ཁྲོད་དུས་རབས་ཀྱི་དོན་སྙིང་ལྡན་པར་གྱུར་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆའི་འབོད་སྐུལ་ནུས་པ་དང་གོང་བུ་འགྲིལ་ཤུགས་ཆེས་ཆེར་སོང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཆེས་རྒྱ་ཆེའི་གསར་བརྗེའི་འཐབ་ཕྱོགས་གཅིག་གྱུར་བསྐྲུན་པ་དང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་པ་དང་ཆེས་རྒྱ་ཆེའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་འབྱོར་ཕྱུག་ལྡན་པར་གྱུར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གསར་གཏོད་བྱས་པ། ཀྲུང་གོ་ཪྙིང་པའི་སྲན་ཕུང་ཐོར་བ་ལྟ་བུའི་རྣམ་པ་རྦད་དེ་མཇུག་འགྲིལ་བ། ཀྲུང་གོའི་ཚད་མཐོའི་གཅིག་གྱུར་དང་མི་རིགས་ཁག་སྔ་ན་མེད་པའི་མཐུན་སྒྲིལ་མངོན་འགྱུར་བྱུང་བ། མཉམ་སྐྲུན་མཉམ་མྱོང་གི་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་བསྐྲུན་པར་སྐུལ་མ་ཐེབས་པ། ཀྲུང་གོའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་པ་བཅས་བྱུང་ཡོད། འབྱུང་འགྱུར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ང་ཚོས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་ཡི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་གཏོང་བ་དང་དེ་སྟོབས་ཆེར་གཏོང་བ། ངོགས་གཉིས་པོའི་སྤུན་ཟླའི་དབར་སྤེལ་རེས་དང་མཉམ་ལས་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་མཐའ་དག་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་ཐུབ་པ་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་ཐུབ་ཐོག་དམངས་སེམས་གཅིག་མཐུན་ངང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འབུངས་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།