དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློ་གཅིག་གྱུར་དང་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལ་ངོས་འཛིན་ལེགས་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མིག་སྔར་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྒོ་ཀུན་ནས་སྤེལ་འགོ་ཚུགས་ཡོད། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་བསྟར་བ་དང་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་ལ་དམིགས་ཏེ་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་་ཞིག་རེད།

        ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་དོན་སྙིང་གལ་འགངས་ཆེ་ལ་གཏིང་ཟབ་པ་དང་ལས་འགན་གཟི་བརྗིད་ཆེ་ཞིང་དཀའ་ཚེགས་ཀྱང་ཆེ་བས་འགན་འཁྲིའི་སེམས་པ་དང་དགོས་གཏུག་གི་སེམས་པ་སྔར་བས་ཆེ་རུ་གཏོང་བ་དང “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བའི་ངོས་འཛིན་གང་ལེགས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཡོངས་རྫོགས་བཅས་ཀྱིས་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་དགོས།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ནི་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུངས་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་གནང་བའི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་བཅས་ཚང་མའི་ནང་ང་ཚོར་གཞི་རིམ་དང་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་སྐབས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་དང་ལྷག་པར་དུ “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”སྐོར་གྱི་བླང་བྱ་གསལ་པོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ལ་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་དང་བོད་དུ་ཏང་གི་སྲིད་སྐྱོང་གནས་བབ་བརྟན་ཏུ་གཏོང་དགོས།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བའི་གཞི་རྟེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་ཏང་ཡོངས་ཀྱི་གོང་འོག་ཚང་མས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་ལེན་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་སྐབས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལེགས་པར་བྱས་ནས་རང་ལྗོངས་ཀྱི་དོན་དངོས་དང་འཚམས་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་དྲག་ཆས་སྤྲས་ནས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ནི་དུས་བབ་གསར་པའི་འོག་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནུས་ལྡན་བྱ་ཐབས་ཤིག་རེད། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཧྲིལ་པོ་དང་དམག་འཐབ་ཀྱི་ནུས་པའི་རྨང་གཞི་ཡིན་པས་རྨང་གཞི་བརྟན་པོ་མེད་ན་གཡོ་འགུལ་ཐེབས་སྲིད། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་སྲིད་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གཞི་རིམ་གྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ལེགས་པར་རྒྱག་པ། གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལེགས་པར་བཅས་བྱས་ནས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ལེགས་པར་བྱས་ནས་མི་དམངས་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱེད་དགོས།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་མ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ནུས་ལྡན་བྱ་ཐབས་ཤིག་རེད། དམིགས་བསལ་གྱི་རང་བྱུང་དང་། ལོ་རྒྱུས། རིག་གནས། སྤྱི་ཚོགས་བཅས་ཀྱིས་རྐྱེན་པས་རང་ལྗོངས་ཀྱི་འཕེལ་རྒྱས་རྨང་གཞི་ཞན་པ་དང་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་དམའ་བར་བརྟེན་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་ཧེ་བག་མངོན་གསལ་དོད་པོ་ཡོད། 2020ལོར་རྒྱལ་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱེད་པའི་ལས་འགན་ལྕི་ཞིང་ལམ་ཐག་རིང་བས་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱེད་དགོས། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་སྐབས་ཕྱོགས་གཅིག་ནས་རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དང་ཡོང་འབབ་འཕར་བ་བྱ་རྒྱུར་རོགས་རམ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་འབྲོག་མང་ཚོགས་ལ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་མིག་རྒྱང་རིང་གཏོང་། ལམ་བུ་ཆེར་གཏོང་། ཕྱུག་འགྱུར་གྱི་ནུས་པ་ཆེར་གཏོང་བཅས་བྱེད་རོགས་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཞིག་རེད། རང་ལྗོངས་སུ་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་120ལྷག་ཙམ་ཡོད་པ་དང། མཐའ་མཚམས་ཀྱི་ལམ་ཐིག་རིང་བ། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། སྡོད་གནས་ཁ་ཐོར་ཡིན་པ་བཅས་ལ་བརྟེན་དོ་དམ་བྱེད་ཁག་པོ་ཡོད། ལྷག་པར་དུ་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་ལ་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུར་ངན་སྐྱོར་བྱེད་ཀྱི་ཡོད་པས་མཐའ་མཚམས་ས་ཁུལ་དང་། ཐག་རིང་ས་ཁུལ། དེ་མཚུངས་ཀྱི་དབུལ་ཞིང་ཕོངས་པའི་ཞིང་འབྲོག་ཁུལ་བཅས་སུ་མཚོན་ཚུལ་དེ་བས་མངོན་གསལ་དོད་པོ་ཡོད། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་གཡུལ་ས་བརྟན་པོར་བཟུང་བ་དང་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་གསལ་རྟོགས་ཐུབ་པ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུའི་བསམ་བློ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་བརྟན་ཏུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་འཐུས་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་དོན་གཉེར་དང་། མཐུན་སྒྲིལ་ལ་སྐུལ་མ། ཁ་ཕྲལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་གི་བཅས་བྱེད་པའི་སྤྱི་ཚོགས་ཀྱི་གཞི་རྩ་བརྟན་དུ་གཏོང་དགོས།

        གཞི་རིམ་ཏང་རྩ་འཛུགས་སྔོན་ཐོན་ཡིན་མིན་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་ཡིན་མིན་གྱིས་ཏང་གི་སྲིད་སྐྱོང་ནུས་པ་ཆེ་ཆུང་དང་། ལས་ཆོད་ཆེ་ཆུང་། རླབས་ཆེན་བྱ་གཞག་ལ་རྒྱལ་ཕམ་ཇི་ཡོང་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་ཏང་འདི་དར་རྒུད་ཆགས་འཇིག་ཇི་ཡོང་དང་མདུན་ལམ་གྱི་ལས་དབང་དང་འབྲེལ་བ་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཚང་མས་ངེས་པར་དུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུ་དུས་དང་རྣམ་པ་ཀུན་ཏུ་དྲན་སྐུལ་བྱེད་དགོས། དེ་ནི་ཏང་གིས་ང་ཚོར་གནང་བའི་འགན་འཁྲི་དང་། མི་དམངས་ཀྱིས་ང་ཚོར་གནང་བའི་འགན་འཁྲི། ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་འགན་འཁྲི། དུས་རབས་ཀྱིས་ང་ཚོར་གནང་བའི་འགན་འཁྲི་བཅས་རེད། གོང་ན་མེད་ཅིང་གཟི་བརྗིད་ཆེ་བའི་ལས་འགན་དེའི་མདུན་དུ་ང་ཚོ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་བློ་མཐུན་ཚང་མས་ང་ཚོའི་སྤྱང་གྲུང་དང་བློ་གྲོས་དང་ང་ཚོའི་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་ཐུན་མོང་ཐོག་དུས་རབས་གསར་པའི་གླུ་དབྱངས་རྩོམ་པ་དང་འོད་སྟོང་གསར་པ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།