ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། འཕེལ་རྒྱས་ཀྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་སོང་བ་དང་། འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། གཉེར་སྐྱོང་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་བཅས་རེད། དེ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། ལྗོངས་ཡོངས་ཀྱི་དུས་སྐབས་གསར་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཚོགས་འདུའི་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན་ལས་ཀའི་ཐད་སྔར་ལས་ལྷག་པའི་སྒོ་ནས་ལག་རྒྱ་གློད་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་མཉམ་འཛིན་མཉམ་སྐུལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
“མེ་འཁོར་མགྱོགས་དང་མི་མགྱོགས་དེ། མེ་འཁོར་གྱི་མགོ་ལ་ཐུག་ཡོད ” སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན་ངེས་པར་དུ་ཏང་ཨུད་ཀྱིས་ཁ་ཕྱོགས་སྟངས་འཛིན་དང་སྲིད་གཞུང་གིས་སྤྱི་འགན་འཁུར་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི “ལས་འགན་གལ་ཆེན ”ཞིག་དང་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུའི “ལས་འགན་ལྕི་པོ ”ཞིག་ཏུ་བརྩིས་ཏེ་གལ་ཆེའི་གྲོས་རིམ་ཉིན་ཐོའི་ནང་འགོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་དམིགས་ཚད་དཔྱད་ཞིབ་ནང་འཇུག་པ་དང་ཆབས་ཅིག་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འགོ་ཁྲིད་མཐུན་འགྲིག་ལམ་སྲོལ་འཛུགས་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྙན་ཞུ་དུས་བཀག་བཞིན་ཉན་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ལྷག་པའི་གནད་དོན་གལ་ཆེན་ཞིབ་འཇུག་གིས་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དེ་སྙོམས་དགོས།
“ལས་འགན་ལྕི་པོ་ཀུན་གྱིས་ཁུར། མི་སྣ་ཡོངས་ལ་རང་འགན་ལྡན ”སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེའི་དོན་སྙིང་ཆེ་ལ་ལས་འགན་ལྕི་བས་ངེས་པར་དུ་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་འགན་འཁྲི་གསལ་བཟོ་དང་། ལས་འགན་ཁག་བགོས། ཐུན་མོང་སྐུལ་གཏོང་བཅས་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་འཛུགས་དགོས། འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་ཏང་རྩ་འཛུགས་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་ལས་དོན་ཧུར་ཐག་སྤེལ་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དོ་དམ་ཞབས་ཞུ་ཡག་པོ་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་གྱིས་ཐད་ཀའི་འགན་འཁྲི་ཡག་པོ་འཁུར་ཏེ་ཕྱོགས་བསྡུས་མཐུན་འགྲིག་དང་། ལྟ་ཞིབ་དབྱེ་ཞིབ། ལྟ་སྐུལ་ཞིབ་དཔྱད་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ། འཕེལ་སྒྱུར་དང་། ནོར་སྲིད། དངུལ་རྩ། བཟོ་ཚོང་། དཔྱ་ཁྲལ། ས་ཆ། ཚན་རྩལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སོགས་སྡེ་ཚན་གྱིས་གཞོགས་འདེགས་ཡག་པོ་བྱེད་པ་དང་ཆབས་ཅིག་རྣམ་གྲངས་འཛུགས་སྐྲུན་དང་། བཟོ་ཚོང་ཐོ་འགོད། ནོར་ཁྲལ་སྙོམས་སྒྲིག ས་ཆ་ཞིབ་བཤེར་མཆན་འགོད། ཚན་རྩལ་གསར་གཏོད། ངལ་རྩོལ་འགན་ལེན་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་གོང་འོག་མཉམ་འགུལ་དང་། གཞོགས་འདེགས་དམ་ཟབ། མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
“ཆུ་དང་རྫས་ལུད་མ་འདང་ན། གཡུར་ཟའི་འབྲས་བུ་འདོགས་མི་སྲིད ”སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་དགོས་ན་འཐུས་སྒོ་ཚང་བའི་ཞབས་ཞུའི་མ་ལག་གིས་འདེགས་སྐྱོར་བྱེད་དགོས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཞབས་ཞུའི་འགན་ལེན་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཞབས་ཞུའི་སྒྲིག་གཞི་རིམ་པ་མང་པོ་དང་རྣམ་པ་སྣ་ཚོགས་ཐོག་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྲིད་གཞུང་དང་སྤྱི་ཚོགས་གཉིས་ཟུང་དུ་སྦྲེལ་བའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཞབས་ཞུའི་དྲ་བ་ཞིག་རིམ་བཞིན་འཛུགས་དགོས། སྲིད་ཇུས་ཁྲིད་སྟོན་དང་། ཁྲིམས་ལུགས་འགན་ལེན། ཐོན་སྐྱེད་གཉེར་སྐྱོང་། ཚན་རྩལ་རྒྱབ་སྐྱོར། ཁྲོམ་ར་ཆེར་གཏོང་། ཤེས་ལྡན་པ་གསོ་སྦྱོང་། ཆ་འཕྲིན་བློ་འདྲི། སྤུས་རྟགས་འཛུགས་གཏོད། ཕྱི་ཕྱོགས་སྤེལ་རེས། མ་དངུལ་མཉམ་འདུའི་ཁག་ཐེག་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུའི་མ་ལག་ཅིག་ཆགས་པ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྟབས་བདེ་བ་དང་། མྱུར་བ། ཕྱོགས་ཡོངས་བཅས་ཀྱི་ཞབས་འདེགས་ཞུ་དགོས།
“སྟོན་དུས་ལྕང་ལོ་ས་རུ་ཟགས། དཔྱིད་དུས་རྩྭ་སྔོན་ལས་ཀྱིས་སྐྱེས ”ཁོར་ཡུག་དང་སྣང་ཚུལ་ཡག་པོ་ཞིག་ཡོང་བ་བྱ་རྒྱུ་ནི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་མྱུར་པོའི་ངང་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། གསར་འགྱུར་སྨྱན་སྦྱོར་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དྲིལ་བསྒྲགས་ཤུགས་ཆེན། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་ཚོགས་ཡོངས་ཀྱིས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་ཞིག་ཆགས་པ་བྱེད་དགོས། རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་དང་ཁེ་ལས་མཁས་ཅན་ཚོར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། ཏང་གཅེས་རྒྱལ་གཅེས་དང་བློ་སྟོབས་ཆེ་ཞིང་གཏན་འདུན་ལྡན་པ་ཞིག་བྱ་རྒྱུ། སྒྲིག་བཀུར་ཁྲིམས་སྲུང་དང་ཚུལ་ལྡན་གཉེར་སྐྱོང་བྱ་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། མཐུན་སྒྲིལ་ལ་སྐུལ་གཏོང་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་བཅས་དང་དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་ཕུལ་བྱུང་བ་ཞིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་དུང་བརྡ་གཏོང་འགོ་ཚུགས་ཤིང་། ང་ཚོས་བསམ་བློ་གཅིག་གྱུར་དང་། ཕྱར་བ་གྲུ་འདེགས། གསར་འབྱེད་གསར་གཏོད། ལས་ཀ་ཏན་ཏིག་བཅས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ། ལག་རྒྱ་གློད་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་རྐྱེན་མཐའ་དག་སྐོང་འཐེན་བཅས་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་འཛེག་རྒྱུ་དང་རྣམ་པ་གསར་པ་ཞིག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས།