ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བའི་ཕུགས་ཕན་ལམ་སྲོལ་ཞིག་བཟོ་དགོས།
འབྲས་སྨིན་སྟོན་དུས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཪྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་སྐུལ་སློང་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཏེ་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཟབ་ཏུ་གཏོང་བའི་བྱེད་སྒོ་སྒོ་ཀུན་ནས་སྤེལ་འགོ་ཚུགས་ཡོད། ང་ཚོས་ངེས་པར་དུ་བསམ་བློའི་ངོས་འཛིན་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཇུས་འགོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ་ཏན་ཏན་ཏིག་ཏིག་གི་ལས་ཀའི་ཐོག་ནས་གཞི་རིམ་རྩ་འཛུགས་སྟོབས་ལྡན་ཡོང་བ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ། མང་ཚོགས་ཕྱུག་འགྱུར་བྱེད་རོགས་བྱེད་པ། ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་རྒྱག་པ་བཅས་བྱས་ཏེ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་བསལ་ཐོག་ནུས་ཤུགས་ཡོད་རྒུས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་བཟོ་དགོས།
རྨང་གཞི་བརྟན་པོ་མེད་ཚེ་གཡོ་འགུལ་ཐེབས་ངེས་རེད། ཏང་གི་བྱ་གཞག་གི་རྨང་གཞི་ནི་གཞི་རིམ་དང་། སྟོབས་ཤུགས་ནི་གཞི་རིམ། གཙོ་གནད་ནི་གཞི་རིམ་བཅས་ལ་ཡོད། ཟླ་9ཚེས་19ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་ལྗོངས་དང་། ས་ཁུལ (གྲོང་ཁྱེར ) རྫོང (གྲོང་ཁྱེར་དང་ཆུས ) ཤང (གྲོང་རྡལ )བཅས་ཀྱི་རིམ་བཞིའི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ་དང་དེ་བཞིན་བོད་སྡོད་ཀྲུང་དབྱང་ཐད་གཏོགས་ཚན་པ་ནས་ལས་བྱེད་པ་21000ལྷག་ཙམ་འདེམས་གཏོང་གིས་ལས་དོན་ཚོགས་ཆུང་བཙུགས་ཏེ་ཟླ་བ་བཅུ་པ་ནས་བཟུང་བསྟུད་མར་ལོ་གསུམ་རིང་ལྗོངས་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ཡོངས་སུ་བཅའ་སྡོད་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད།
དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་བསྟར་བ་དང་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་བྱ་སྤྱོད་དངོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་བསྟར་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་འདྲེན་རྟེན་གལ་ཆེན། དུས་བབ་གསར་པའི་འོག་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱེད་ས་ནུས་ལྡན། རྨང་གཞི་བརྟན་དུ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་བརྟན་པོ་ཞིག་འཛུགས་པའི་དགོས་གཏུགས་ཀྱི་དགོས་མཁོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རིགས་ཁག་གི་མི་དམངས་འབབ་འཕར་ཕྱུག་འགྱུར་བྱེད་རོགས་བྱེད་པའི་ཐབས་ལམ་ནུས་ལྡན། མི་དམངས་མང་ཚོགས་ལ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སློབ་གསོ་རྒྱག་པའི་བྱེད་ཐབས་བཟང་པོ་བཅས་ཡིན་པ་དེས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་ངེས་པར་དུ “ལས་འགན་ལྔ ”དོན་འཁྱོལ་བྱེད་པ་དང “དམིགས་ཡུལ་གཅིག ”མངོན་འགྱུར་ཡོང་བ་བྱེད་དགོས། “ལས་འགན་ལྔ ”ནི “ཡག་པོ་ལྔའི ”བླང་བྱར་དམིགས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ལྡན་ཡོང་བ་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་དང་གཏོད་རོགས་བྱས་ནས་དུད་ཚང་ཚང་མར་ཐབས་ལམ་དང་། མི་ཚང་མར་ལས་ཀ ཉིན་ལྟར་ཡོང་འབབ་བཅས་ཡོད་པ་བྱེད་པ། ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་བརྒྱབ་སྟེ་གསར་ཪྙིང་དཔྱད་བསྡུར་དང་། དངོས་དངོས་རྗེན་རྗེན་གྱི་དོན་དངོས། གསོན་ཉམས་ལྡན་པའི་སློབ་གཞི་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དང་ལྷག་དོན་དུ་གཞོན་ནུ་ཚོས་སུས་བོད་མི་དམངས་ལ་བདེ་བ་སྐྲུན་གྱི་ཡོད་པ་དང་སུས་བོད་མི་དམངས་ལ་ཆག་སྒོ་བཟོ་ཡི་ཡོད་པ་དེ་རྟོགས་ཐུབ་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འབོད་སྒྲ་དེ་བརྡ་རྟགས་དང་པོ་དང་། མང་ཚོགས་ཀྱི་དགོས་མཁོ་དེ་གདམ་ག་དང་པོ། མང་ཚོགས་བློ་ཡིད་ཚིམ་མེད་དེ་ཚད་གཞི་དང་པོ་བཅས་སུ་བརྩིས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་པ་བཅས་དང་། “དམིགས་ཡུལ་གཅིག ”ནི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་འགྲོ་བ་བྱེད་པ། ལས་བརྩོན་ཕྱུག་འགྱུར་གྱི་རྣམ་པ་སྔར་བས་ཆགས་པ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་བ་བྱེད་པ། དམངས་འཚོའི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་བྱེད་པ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་ཡོང་བ་བྱེད་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་འགྲོ་བ་བཅས་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་འགྲོ་བ་དང་བརྟན་ལྷིང་ཡོང་བའི་ཕུགས་ཕན་ལམ་སྲོལ་ཞིག་བཟོས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བ་བཅས་ཀྱི་འགྲིལ་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བྱེད་དགོས།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་ངེས་པར་དུ་བྱེད་ཐབས་དང་གོམ་སྟབས་ཁ་གསལ་བཟོ་དགོས། ཕུལ་བྱུང་དང་འཇོན་ཐང་ཆེ་བའི་ལས་བྱེད་པ་དང་ལྷག་པར་དུ་རྗེས་གྲབས་ལས་བྱེད་པ་སྐོང་འཐེན་གྱིས་ལས་དོན་ཚོགས་ཆུང་བཙུགས་ནས་རུ་མིས་འཐུས་མི་བྱེད་པ་དང་། ཚན་པས་རྒྱབ་བརྟེན་བྱེད་པ། འགོ་ཁྲིད་གཙོ་བོས་གཙོ་འགན་ཁུར་བ། རུ་དཔོན་གྱིས་ཞིབ་ཕྲའི་ངང་དམ་འཛིན་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་སྲིད་འཛིན་གྲོང་ཚོར (ཡུལ་ལྷན )བཅའ་སྡོད་ལས་དོན་དེ་ཡོངས་སུ་ཁྱབ་པ་བྱེད་དགོས། དུས་ཚད་དང་བླང་བྱ་ཁ་གསལ་བཟོས་ཏེ་ཟླ་བ་བཅུ་པའི་ཟླ་དཀྱིལ་གོང་འབྲེལ་བ་བྱེད་སའི་གྲོང་ཚོའམ་ཡང་ན་ཡུལ་ལྷན་དུ་བཅའ་སྡོད་བྱས་ནས་ལས་ཀ་བྱ་རྒྱུའི་འགན་ལེན་བྱེད་དགོས། ལས་ཀའི་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་པ་དང་སྲིད་ཇུས་སློབ་སྦྱོང་ཡག་པོ་བྱེད་པ་དང་བེད་སྤྱོད་ཡག་པོ་བཏང་སྟེ་མཉམ་བཟའ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྙན་ཞུ་དང་། ཕྱོགས་སྡོམ། ལྟ་སྐུལ། ཞིབ་བཤེར་བཅས་བྱ་རྒྱུའི་མཐའ་འཁྱོངས་བྱེད་དགོས། མང་ཚོགས་ཀྱི་ལས་དོན་བྱེད་མཁས་པོ་བྱས་ཏེ་མང་ཚོགས་ཀྱི་ལམ་ཕྱོགས་སུ་སྐྱོད་པ་དང་། མང་ཚོགས་ཁྲོད་སྐྱོད་པ། མང་ཚོགས་དང་འབྲེལ་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁེངས་སྐྱུང་ངང་མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་འབྲོག་པ་མང་ཚོགས་དང་གྲོགས་པོ་འགྲིག་ནས་སེམས་པ་གཅིག་སྒྲིལ་དང་། བདེ་སྡུག་མཉམ་མྱོང་། ཐུན་མོང་ཐོག་འབད་བརྩོན་བཅས་བྱེད་དགོས།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་ངེས་པར་དུ་སྒྲིག་ལམ་ཐད་བླང་བྱ་གསལ་པོ་འདོན་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་སྒྲིག་ལམ་བརྩི་སྲུང་ཞུ་བ་དང་བླང་བྱ་ནན་པོ་བཏོན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་དོན་རུ་མིའི་གཟུགས་བཪྙན་བཟང་པོ་དང་། མངགས་གཏོང་ཚན་པའི་གཟུགས་བཪྙན་བཟང་པོ། མི་དམངས་མང་ཚོགས་ཁྲོད་ཡོད་པའི་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཟང་པོ་བཅས་གཏོད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ཞུས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་དང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་འཕྱུགས་མེད་ངང་ལག་ལེན་བསྟར་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་དགོས། རྩ་འཛུགས་ཀྱི་སྒྲིག་ལམ་བརྩི་སྲུང་ཞུ་དགོས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ཁོངས་གཏོགས་རྫོང (གྲོང་ཁྱེར་དང་ཆུས )དང་ཤང (གྲོང་རྡལ )ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲོང་ཚོའི (ཡུལ་ལྷན )ཏང་ཀྲི་པུའུ་ལ་དམ་པོར་བརྟེན་ནས་ལས་དོན་སྤེལ་དགོས། ལས་ཀའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་དངོས་གནས་གྲོང་ཚོར་བཟའ་སྡོད་བྱེད་པ་དང་གྲོང་ཚོར་གཏིང་ཟབ་སྐྱོད་ནས་ལས་ཀ་བྱེད་པ་དང་། སེམས་པ་གནས་པ་བྱེད་པ་། རྩ་བ་འཛུགས་པ་བཅས་བྱེད་དགོས། འཚོ་བའི་སྒྲིག་ལམ་བརྩི་སྲུང་ཞུ་དགོས་པ་དང་ལས་ཀ་བྱེད་རིང་སྟབས་བདེ་བབ་ཆགས་བྱས་ནས་མགྲོན་པོར་འབོད་པར་མི་སྐྱོད་པ་དང་། ལག་རྟགས་མི་ལེན་པ། དམངས་ལ་སུན་པོ་མི་བཟོ་བ། ཞིང་འབྲོག་པའི་ཁུར་པོ་ཆེ་རུ་མི་གཏོང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ལས་ཀ་མི་བྱེད་པ་བཅས་བྱེད་དགོས། དཔལ་འབྱོར་གྱི་སྒྲིག་ལམ་བརྩི་སྲུང་ཞུས་ནས་འགྲོ་གྲོན་དོ་དམ་དང་བེད་སྤྱོད་བྱེད་པའི་གཏན་འབེབས་ལག་ལེན་ནན་ཏན་བསྟར་བ་དང་ཆེད་དོན་མ་དངུལ་དེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་གསལ་པོ་བཟོས་ཏེ་བྱེད་སྒོ་བདེ་བླག་དང་ཏན་ཏིག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ངོས་འཛིན་དམིགས་སར་འབྱོར་བ་དང་། རྩ་འཛུགས་དམིགས་སར་འབྱོར་བ། བྱ་ཐབས་དམིགས་སར་འབྱོར་བ། ལས་དོན་དམིགས་སར་འབྱོར་བ་བཅས་བྱེད་དགོས། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་དེ་ཉིན་རེའི་ལས་རིམ་གལ་ཆེན་ནང་བཞག་སྟེ་རིམ་པ་བཞིན་ལས་ཀའི་འགན་འཁྲིའི་ལམ་ལུགས་བཟོས་ནས་འགན་འཁུར་བློ་མཐུན་གཙོ་བོས་སྤྱི་འགན་འཁུར་བ་དང་དངོས་སུ་དམ་འཛིན་བྱེད་པ་དང་ཁག་བགོས་དོ་དམ་འགན་འཁུར་བློ་མཐུན་གྱིས་ཆེད་འགན་འཁུར་བ་དང་ཞིབ་ཕྲའི་ངང་དམ་འཛིན་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་ལས་ཁང་གིས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་བྱེད་སྒོ་བཀོད་སྒྲིག་དང་། ཕྱོགས་བསྡུས་མཐུན་སྤྱོར། རྩ་འཛུགས་མཛུབ་ཁྲིད། ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རྩ་འཛུགས་དང་། དྲིལ་བསྒྲགས། འཕེལ་སྒྱུར། ནོར་སྲིད། ཞིང་ལས་སོགས་སྡེ་ཚན་གྱིས་གཞོགས་འདེགས་ཀྱི་འགན་འཁྲི་འཁུར་ནས་མ་དངུལ་དང་། རྣམ་གྲངས། ལག་རྩལ། གསོ་སྦྱོང་སོགས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མངགས་གཏོང་ཚན་པ་དང་ལྷག་དོན་དུ་འགོ་ཁྲིད་གཙོ་བོས་ཐད་ཀའི་འགན་འཁྲི་འཁུར་ནས་རོགས་སྐྱོར་གྱི་འགན་ཡག་པོ་འཁུར་བ་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡག་པོ་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིབ་ཕྲའི་འགན་འཁྲི་འཁུར་ནས་ལས་དོན་ཁག་གི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོན་རྒྱུའི་འགན་ལེན་བྱེད་དགོས། སྐུལ་གཏོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་དེ་ལས་བྱེད་པ་གསོ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩིས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་སྦྱོང་བརྡར་ཐེབས་པ་དང་། གྲུབ་འབྲས་མངོན་གསལ་དོད་པ། མཚོན་ཚུལ་ཕུལ་བྱུང་བཅས་ཡིན་པའི་ལས་བྱེད་པ་ལས་གནས་གལ་ཆེན་གཞན་ལ་སྔོན་དུ་གནས་སྤར་བསྐོ་སྤྱོད་དམ་ཡང་ན་སྤེལ་རེས་གནས་སྤར་བྱས་ཏེ་ཁོང་ཚོར་ཆབ་སྲིད་ཐོག་ཐོབ་ཐང་ཡོད་པ་དང་། བསམ་བློའི་ཐོག་མཚན་སྙན་ཡོད་པ། འཚོ་བའི་ཐོག་ཐོབ་ཐང་ཡོད་པ་བཅས་བྱེད་དགོས། ལས་ཀའི་ཐད་འགན་ལེན་ཤུགས་ཆེན་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིར་ཆབ་སྲིད་ཐོག་སེམས་ཁུར་མང་ཙམ་དང་། ལས་ཀའི་ཐད་རྒྱབ་སྐྱོར་མང་ཙམ། འཚོ་བའི་ཐད་རོགས་རམ་མང་ཙམ་བཅས་བྱེད་པ་དང་ལས་དོན་དང་། འཚོ་བ། ཁྱིམ་ཚང་བཅས་ཐད་ཀྱི་ཁོང་ཚོའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་གང་ཐུབ་བྱས་ནས་ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་དགོས། གླེང་ཕྱོགས་དྲིལ་བསྒྲགས་དང་སྣེ་ཁྲིད་ལས་དོན་ཡག་པོ་སྤེལ་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་རྣམ་པ་བཟང་པོ་ཞིག་གཏོད་དགོས།
སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ཏང་གིས་ང་ཚོར་གནང་བའི་འགན་འཁྲི་དང་། མི་དམངས་ཀྱིས་ང་ཚོར་གནང་བའི་འགན་འཁྲི། ལོ་རྒྱུས་ཀྱིས་ང་ཚོར་གནང་བའི་འགན་འཁྲི། དུས་རབས་ཀྱིས་ང་ཚོར་གནང་བའི་འགན་འཁྲི་བཅས་རེད། བླ་ན་མེད་ལ་གཟི་བརྗིད་ཀྱང་ལྡན་པའི་འགན་འཁྲི་དེའི་ཆེད་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཏན་ཏན་ཏིག་ཏིག་ངང་ལས་དོན་དེ་བཀོད་སྒྲིག་ཡག་པོ་དང་། སྐུལ་འདེད་ཡག་པོ། སྐུལ་སྤེལ་ཡག་པོ་བཅས་བྱས་ནས་ལས་བྱེད་པས་འཐབ་ས་མདུན་མར་ལས་གཏོད་བྱེད་པ་དང་། བྱ་ཐབས་འཐབ་ས་མདུན་མར་དོན་འཁྱོལ་བྱེད་པ། ཐབས་ཤེས་འཐབ་ས་མདུན་མར་ཞིབ་འཇུག་བྱེད་པ། གནད་དོན་འཐབ་ས་མདུན་མར་ཐག་གཅོད་བྱེད་པ། ཀུན་སྤྱོད་འཐབ་ས་མདུན་མར་འགྱུར་ལྡོག་གཏོང་བ། དཔེ་མཚོན་འཐབ་ས་མདུན་མར་ཁྱབ་གདལ་གཏོང་བ། འགལ་བ་འཐབ་ས་མདུན་མར་སེལ་བ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣