དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྲིད་ཇུས་ཐད་ལྷུག་ཏུ་བཏང་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའིཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན་སྲིད་ཇུས་ཐད་ལྷུག་ཏུ་གཏོང་དགོས་ཤིང་། བོད་ཀྱི་དོན་དངོས་ལ་གཞིགས་ནས་ནང་ས་ལས་དེ་བས་ལྷུག་པ་དང་། ཚད་བརྒལ་རང་བཞིན་དེ་བས་ཆེ་བ། ནང་དོན་དེ་བས་ཕུན་སུམ་ཚོགས་པ་བཅས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་ལ་ཕབ་ནས “མ་གནས་མི་དགོས་པའི་ཐོ་འགོད་དང་། ཁྲལ་ཡང་བ། འདེགས་སྐྱོར་ཆེན་པོ། ཞིབ་བཤེར་ཉུང་བ། སྐུལ་ལྕག་ལ་མཐོང་ཆེན ”བཅས་བྱེད་ཐུབ་པ་བྱེད་པ་དང་ཆབས་ཅིག་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཡུལ་སའི་ཐོག་མི་རིགས་ཁག་གི་མང་ཚོགས་ལ་འཇོན་ཐང་ངོམས་འཇུག་པ་དང་། ཐབས་ལམ་གཏོད་འཇུག་པ། ཡོང་འབབ་འཕར་ཐབས་བྱེད་འཇུག་དགོས་ཞེས་བསྟན་གནང་བ་རེད།

        སྲིད་ཇུས་ཐད་ལྷུག་ཏུ་གཏོང་དགོས་ཞེས་པ་ནི “མ་གནས་མེད་པའི་ཐོ་འགོད ”ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཞུང་སར་ཐོ་འགོད་བྱེད་མཁན་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་། སྒེར་གཉེར་ཁེ་ལས། དེ་བཞིན་ཐོ་ཁོངས་བསྒྱུར་མཁན་བཅས་ཀྱི་ས་ནས་ཐོ་འགོད་རིགས་དང་ལག་ཁྱེར་རིགས་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་མ་བསྡུ་བར “མ་གནས་མི་དགོས་པའི ”ཐོ་འགོད་ཡོང་བ་བྱེད་དགོས་པ་དེ་རེད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཆ་མཚོན་ན་སྒོ་ཐེམ་དམའ་རུ་གཏོང་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་འགྲན་རྩོད་ནང་ཞུགས་བཅུག་ན་ཀར་ཀོར་གྱི་གནས་ལས་བརྒལ་ནས་ཁྲོམ་ར་འདི་ཉིད་གསོན་ཤུགས་ལྡན་པ་ཞིག་ཡོང་བ་བྱེད་ཐུབ། “མ་གནས་མེད་པའི་ཐོ་འགོད ”ལག་བསྟར་བྱེད་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་གཏོད་འཛུགས་བྱེད་པའི་སྲིད་ཇུས་ཀྱི་སྒོ་ཐེམ་དམའ་རུ་གཏོང་བ་དང་དམངས་གཉེར་མ་དངུལ་ཐད་ཀྱི་ཆོག་འཐུས་ཆ་རྐྱེན་ལྷུག་ཏུ་བཏང་ནས་དམངས་གཉེར་ཁེ་ལས་ཀྱི་བྱ་གཞག་གཏོད་པའི་སྤྲོ་སེམས་ཆེ་རུ་གཏོང་རྒྱུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཆེད་དུ་རེད། རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་ཐད་ལྷུག་ཏུ་བཏང་བ་དེས་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུར་སྲིད་ཇུས་ཐོག་ནས་རམ་འདེགས་བྱས་ཡོད་པ་རེད།

        སྲིད་ཇུས་ཐད་ལྷུག་ཏུ་གཏོང་དགོས་ཞེས་པ་ནི “ཁྲལ་ཡང་དུ་གཏོང་རྒྱུར ”སྐུལ་འདེད་ཏན་ཏིག་བཏང་ནས “ཆེར་གཏོང་གཅིག་དང་། ཆག་ཡང་དང་རྩ་ཆག་གཅིག མཐོར་གཏོང་གཉིས ”བྱེད་ཐུབ་པ་བྱེད་དགོས་པ་དེ་རེད། ཁྲལ་ཡང་དུ་གཏོང་རྒྱུ་ནི་དོན་ཆེན་ཞིག་ཡིན་པ་དང “ཆེར་གཏོང་གཅིག་དང་། ཆག་ཡང་དང་རྩ་ཆག་གཅིག མཐོར་གཏོང་གཉིས ”ཞེས་པ་དེ་ཞིབ་པར་བརྗོད་ན་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་བྱ་གཞག་གཏོད་པའི་སྤྲོ་སེམས་ཆེ་རུ་གཏོང་རྒྱུ་བཅས་རེད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཁྲལ་འཇལ་ཚུལ་གཙང་བཤེར་གྱིས་གང་ཞིག་ཆག་ཡང་དང་རྩ་ཆག་གཏོང་ཆོག་པ་དང་། གང་ཞིག་མེད་པ་བཟོ་ཆོག་པ། ཕན་པ་གང་ཞིག་ཁེ་ལས་ལ་ཕྱིར་སློག་བྱེད་དགོས་པ་བཅས་ལ་ཞིབ་ལྟ་བྱས་ཏེ་ཆག་ཡང་དང་རྩ་ཆག་གཏོང་ཐུབ་པ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། མེད་པ་བཟོ་ཐུབ་པ་མེད་པ་བཟོ་བ། ཕན་པ་ཕྱིར་སློག་བྱེད་ཐུབ་པ་ཕྱིར་སློག་བྱེད་པ་བཅས་ཀྱི་ཐོག་ནས་ཁེ་ལས་ལ་དངོས་འབྲེལ “ཆིང་ཐག་བཀྲོལ་རོགས ”དང “ཁུར་པོ་ཡང་དུ་གཏོང་རོགས ”བྱེད་དགོས། དེ་འདྲ་བྱས་ན “ཁྲལ་ཡང་དུ་གཏོང་རྒྱུ ”གཞི་ནས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་ཞིག་ཡོང་ཐུབ།

        སྲིད་ཇུས་ཐད་ལྷུག་ཏུ་གཏོང་དགོས་ཞེས་པ་ནི “འདེགས་སྐྱོར་ཆེན་པོ ”བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དངུལ་རྩའི་ཡིད་རྟོན་དངུལ་བུན་ཐད “འཕར་སྣོན་གཅིག་དང་། ཁ་གསབ་གཉིས། རྒྱབ་སྐྱོར་གསུམ ”བཅས་བྱེད་ཐུབ་པ་བྱེད་དགོས་པ་དང་ས་ཆ་མཁོ་སྤྲོད་ཐད “འཕར་སྣོན་གཅིག་དང་ཉུང་འཕྲི་གཅིག ”བྱེད་ཐུབ་པ་བྱེད་དགོས་པ་དེ་རེད། དངུལ་རྩའི་ཡིད་རྟོན་དངུལ་བུན་དང་ས་ཆ་མཁོ་སྤྲོད་ཐད་ཀྱི “འདེགས་སྐྱོར་ཆེན་པོ ”དེ་རིགས་ནི་དོན་དངོས་ཐོག་སྲིད་ཇུས་དང་། ཞབས་ཞུ། དེ་བཞིན་མངོན་མེད་ཁོར་ཡུག་བཅས་ཐད་ཀྱི་རོགས་སྐྱོར་ཆེན་པོ་ཞིག་རེད། སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱེད་པ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། མངོན་མེད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་དངུལ་བུན་གཏོང་བའི་མྱུར་ཚད་མཐོ་རུ་དང་གྲངས་འབོར་མང་དུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཆབས་ཅིག་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་གསར་སྤེལ་བྱེད་པའི་ནང་ཞུགས་ཏེ་མ་རྩ་མཉམ་འདྲེས་བྱེད་སྟངས་གསར་པའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་དགོས། དེ་དང་ཕྱོགས་མཚུངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་གལ་ཆེ་རིགས་འཕེལ་རྒྱས་གཏོང་བར་མཁོ་བའི་ས་ཆའི་དགོས་མཁོ་སྐོང་དགོས། སྲིད་ཇུས་དང་བྱེད་ཐབས་ཐོག་ནས “འདེགས་སྐྱོར་ཆེན་པོ ”བྱས་པ་བརྒྱུད་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་འཕེལ་རྒྱས་འགྲོ་ཚུལ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས།

        སྲིད་ཇུས་ཐད་ལྷུག་ཏུ་གཏོང་དགོས་ཞེས་པ་ནི “ཞིབ་བཤེར་ཉུང་ཙམ ”བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཞིབ་བཤེར་དང་། དཔྱད་བསྡུར། ཞིབ་དཔྱད་བཅས་སྣ་ཚོགས་བྱ་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་གླ་རིན་གང་བྱུང་དུ་བསྡུ་བ་དང་། བགོ་འགྲེམས་གང་བྱུང་དུ་རྒྱག་པ། དངུལ་ཆད་གང་བྱུང་དུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ལེགས་སྒྲིག་ཤུགས་ཆེན་བྱེད་དགོས་པ་དེ་རེད། ཁེ་ལས་ཀྱི་ཁུར་པོ་ལྕི་རུ་གཏོང་རྒྱུ་མེད་ཅིང་། གླ་རིན་དོ་དམ་དང་མིག་སྔའི་དོན་དངོས་གནས་ཚུལ་དང་མ་མཐུན་པའི་གླ་རིན་བསྡུ་བའི་རྣམ་གྲངས་ལ་ཆ་མཚོན་ན། མེད་པ་བཟོ་དགོས་རིགས་མེད་པ་རྦད་དེ་བཟོ་བ་དང་། གླ་རིན་བསྡུ་བའི་ཚད་གཞི་དམའ་རུ་གཏོང་དགོས་རིགས་དམའ་རུ་རྦད་དེ་གཏོང་བ། ཚད་ལྡན་བཟོ་དགོས་རིགས་ཚད་ལྡན་ནན་པོ་ཡོང་བ་བྱེད་པ་དང་སྦྲགས་གླ་རིན་གང་བྱུང་དུ་བསྡུ་བ་དང་། བགོ་འགྲེམས་གང་བྱུང་དུ་རྒྱག་པ། དངུལ་ཆད་གང་བྱུང་དུ་གཏོང་བ་བཅས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས། “ཞིབ་བཤེར་ཉུང་ཙམ ”བྱ་རྒྱུ་ཞེས་པའི་ནང་ད་དུང་ཞིབ་བཤེར་མཆན་འགོད་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། “གཅིག་འཐུས་ཞབས་ཞུ ”ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། ཞིབ་བཤེར་མཆན་འགོད་ལྷུ་ཚིགས་ཉུང་དུ་གཏོང་བ། དོན་གཅོད་གོ་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས་རྒྱབ་སྐྱོར་བྱེད་པ་ལས་ཐེ་ཇུས་མི་བྱེད་པ་དང་ཞབས་འདེགས་ཞུ་བ་ལས་སློང་ལེན་མི་བྱེད་པ་བྱེད་ཐུབ་པ་བྱ་རྒྱུ་གཏོགས་ཡོད།

        སྲིད་ཇུས་ཐད་ལྷུག་ཏུ་གཏོང་དགོས་ཞེས་པ་ནི “སྐུལ་ལྕག་ལ་མཐོང་ཆེན ”བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དེ་རེད། ལོ་ལྟར་ས་ཁུལ་དང་གྲོང་ཁྱེར་དང་རྫོང (གྲོང་ཁྱེར་དང་ཆུས )སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཚུལ་ལ་ཞིབ་དཔྱད་གདེང་འཇོག་དང་ཕྱོགས་བསྡུས་གོ་རིམ་སྒྲིག་སྟེ་ཨང་དང་པོ་ནས་གསུམ་པ་བར་གྱི་ས་ཁུལ་དང་གྲོང་ཁྱེར་སྲིད་གཞུང་དང་ཨང་དང་པོ་ནས་བཅུ་པ་བར་གྱི་རྫོང (གྲོང་ཁྱེར་དང་ཆུས )སྲིང་གཞུང་ལ་གཟེངས་བསྟོད་བྱེད་པ་དང་སྦྲགས་བྱ་དགའ་སྤྲོད་དགོས། ལོ་ལྟར་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལེགས་གྲས་བརྒྱ་དཔྱད་འདེམས་བྱེད་པའི་བྱེད་སྒོ་ཐེངས་གཅིག་སྤེལ་བ་དང་བྱ་གཞག་གཏོད་རིང་བྱས་རྗེས་ཆེན་པོ་འཇོག་མཁན་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་ཕུལ་དུ་བྱུང་བར་བྱ་དགའ་ཆེན་པོ་སྤྲད་ནས་ཁོང་ཚོར་ཆབ་སྲིད་ཐད་མཚན་སྙན་ཡོད་པ་དང་། དཔལ་འབྱོར་ཐད་དངོས་ཕན་ཡོད་པ། སྤྱི་ཚོགས་ཐད་གནས་བབ་ཡོད་པ། འཕེལ་རྒྱས་ཐད་སྒུལ་ཤུགས་ཡོད་པ་བཅས་བྱེད་དགོས།

        ཆབ་སྲིད་ཐད་ལྷུག་ཏུ་བཏང་ན་གཞི་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཐུབ། བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཆ་མཚོན་ན། ར་སྐོར་བཤིག་པ་དང་བཀག་རྒྱ་ཆུང་དུ་བཏང་སྟེ་སྲིད་ཇུས་ཡག་ཤོས་འདོན་པ་དང་མཐོང་ཆེན་འདང་ངེས་བྱེད་པ་དང་ཆབས་ཅིག་ཕྱོགས་ལྔར་སྐུལ་འདེད་ཏན་ཏིག་གཏོང་བའི་གཟིགས་སྐྱོང་བྱེད་ཐབས་བཏོན་པ་དེ་ལས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་སྤྱི་འབོར་མང་དུ་སོང་བ་དང་སྤུས་ཚད་མཐོ་རུ་སོང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུ་དང་དཔྱིད་ཀ་གསར་པ་ཞིག་སླར་ཡང་ཤར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།