རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རིང་དུས་སྐབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་གཉིས་ནི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། 2010ལོར་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚན་པས་ཁྲོམ་རའི་གྲུབ་ཆ་གཙོ་བོའི་ནང་བཟུང་བའི་བསྡུར་ཚད་དེ་95%ཟིན་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རིན་ཐང་འཕར་མས་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་དེ་45%ཟིན་ཡོད། དེའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། ནོར་སྲིད་དཔྱ་ཁྲལ་གྱི་འབྱུང་ཁུངས་གལ་ཆེན། ལས་ཞུགས་ཆེར་གཏོང་གི་ཐབས་ལམ་གལ་ཆེན་བཅས་སུ་འགྱུར་བཞིན་པའི་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེས་དཔལ་འབྱོར་དར་རྒྱས་གཏོང་རྒྱུ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ། ལས་ཞུགས་མང་དུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་ཕྱོགས་གང་ས་ཅི་ཐད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་པ་མངོན་གྱི་ཡོད།
བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་སྒོ་དབྱེའི་མཐོ་རླབས་ནང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་ཐོག་མར་དར་བ་དང་བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ནང་མྱུར་དུ་འཚར་ལོངས་བྱུང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་ཡོང་བ་བྱས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་བསམས་ན། ངེས་པར་དུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་བློའི་འགོག་རྐྱེན་མཐའ་དག་སེལ་བ་དང་ཆབས་ཅིག་བསམ་བློར་བཅིངས་འགྲོལ་ཞེས་པའི “བསམ་བློའི་སྟེམ་སྒོ ”ཕྱེ་སྟེ་ང་ཚོའི་བསམ་བློ་དེ་དུས་སྐབས་གསར་པ་དང་འགོ་འཛུགས་ས་གསར་པ་ཡིན་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་མཐུན་པར་བྱེད་པ་དང་ང་ཚོའི་བསམ་གཞི་དང་བསམ་ཕྱོགས་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་སྔར་བས་མཐུན་པར་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་ཡོང་བར་སྐྱོན་དང་བྲལ་བ་དང་། གོ་རིམ་ལྡན་པ། ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས།
བསམ་བློའི་སྒོ་མོ་ཕྱེ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་གཞིའི་ཐད་བསམ་བློར་བཅིངས་འགྲོལ་བཏང་སྟེ་ཪྙིང་སེལ་གསར་འཛུགས་བྱ་རྒྱུར་སྐུལ་འདེད་བཏང་ནས “ལྔ་སེལ་ལྔ་འཛུགས ”ཐུབ་པ་བྱེད་དགོས་པ་སྟེ། སྤྱི་ལ་དབང་བར་གཙིགས་ཆེན་དང་དམངས་ཀྱིས་གཉེར་བར་སྣང་ཆུང་བྱེད་པའི་བསམ་བློ་བསལ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་ཀར་ལྟ་སྟངས་གཅིག་མཚུངས་འཛིན་དགོས་ཤིང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དམ་འཛིན་བྱེད་པ་དེ་འཕེལ་རྒྱས་དང་། ལས་ཞུགས། འབབ་འཕར། དམངས་འཚོ། བརྟན་ལྷིང་བཅས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་འཛུགས་དགོས་པ་དང་། འགྲོ་མཁས་སྡོད་མཁས་དང་ཚད་བརྒལ་མི་ཕོད་པའི་བསམ་བློ་བསལ་ནས་གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་བློ་གཤོགས་ཆེན་པོས་གསར་གཏོད་བྱེད་པའི་འདུ་ཤེས་འཛུགས་དགོས་པ། ཕྱུག་པོ་ཕྲན་བུ་ཆགས་པ་ཙམ་གྱིས་བདེ་བར་སྡོད་པ་དང་ཡར་རྒྱས་ཕྲན་བུ་བྱུང་བ་ཙམ་གྱིས་ཡིད་ཚིམ་ནས་སྡོད་པའི་བསམ་བློ་བསལ་ནས་བྱ་གཞག་ཆེན་པོ་སྒྲུབ་པ་དང་འཕེལ་རྒྱས་ཆེན་པོ་ཡོང་ཐབས་བྱེད་པའི་འདུ་ཤེས་འཛུགས་དགོས་པ། ལྟ་སྐུལ་དོ་དམ་ལ་གཙིགས་ཆེན་དང་ཞབས་འདེགས་ཞུ་རྒྱུར་སྣང་ཆུང་བྱེད་པ་དང་ཞིབ་བཤེར་ལ་གཙིགས་ཆེན་དང་རྒྱབ་སྐྱོར་ལ་སྣང་ཆུང་བྱེད་པའི་བསམ་བློ་བསལ་ནས་ཞབས་ཞུའི་ཐོག་ནས་དོ་དམ་ལ་སྐུལ་བ་དང་རོགས་སྐྱོར་ཐོག་ནས་འཕེལ་རྒྱས་ལ་སྐུལ་བའི་འདུ་ཤེས་འཛུགས་དགོས་པ་བཅས་རེད། དེ་འདྲ་བྱས་ཏེ་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ལ་དྲང་བཞག་ངང་འགྲན་རྩོད་དང་། འདྲ་མཉམ་ངང་རྒྱབ་སྐྱོར། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
བསམ་བློའི་སྒོ་མོ་ཕྱེ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་ནི་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་། བརྗོད་བྱ་གཙོ་བོ་དང་ལམ་ཕྱོགས་གཙོ་བོ་ཁ་གསལ་བཟོ་རྒྱུ། གཙོ་གནད་ལ་དམ་འཛིན་བྱ་རྒྱུ་བཅས་ཀྱི་ཐད “ཤུགས་སྣོན་རྒྱག་དགོས་པ་གསུམ ”མཐའ་འཁྱོངས་བྱེད་དགོས་པ་དེར་ཟེར། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུ་ལམ་ཕྱོགས་གཙོ་བོ། གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་། གྲུབ་ཆ་ལེགས་སུ་གཏོང་རྒྱུ། རིམ་པ་མཐོ་རུ་གཏོང་རྒྱུ་བཅས་གཙོ་གནད་བཅས་སུ་བརྩིས་ཏེ་སྲིད་ཇུས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལག་རྩལ་གསར་གཏོད། དོ་དམ་གསར་གཏོད་བཅས་བྱ་རྒྱུར་ཤུགས་སྣོན་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཤུགས་སྣོན། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་དང་ཆབས་ཅིག་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་དང་། འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུ། མུ་མཐུད་འཕེལ་རྒྱས་གཏོང་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ཆེན་པོ་བྱེད་དགོས།
བསམ་བློའི་སྒོ་མོ་ཕྱེ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་ནི་འཕེལ་རྒྱས་ཀྱི་དམིགས་ཚད་ཐད་བསམ་བློར་བཅིངས་འགྲོལ་བཏང་སྟེ་འཕེལ་རྒྱས་ཞེས་པའི་ལྟེ་བ་དེ་དམ་པོར་བཟུང་ནས “ཚད་བརྒལ་གསུམ ”ཡོང་བ་བྱེད་དགོས་པ་དེར་ཟེར་བ་སྟེ། གཅིག་ནས་སྤྱི་འབོར་ཐད་ཚད་བརྒལ་ཡོང་བ་བྱེད་དགོས་ཤིང་། 2015ལོར་སླེབས་སྐབས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རིན་ཐང་འཕར་མ་དང་གོང་འབུལ་ཞུ་རྒྱུའི་ཁྲལ་འབབ་དེ་2010ལོའི་རྨང་གཞིའི་ཐོག་ལྡབ་གཅིག་ཡན་འཕར་བ་དང་ལོ་རེར་ཆ་སྙོམས་15%ཡན་འཕར་བ་བྱེད་དགོས་པ་དང་། གཉིས་ནས་བསྡུར་ཚད་ཐད་ཚད་བརྒལ་ཡོང་བ་བྱེད་དགོས་ཤིང་། 2015ལོར་སླེབས་སྐབས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རིན་ཐང་འཕར་མ་དེས་GDPནང་བཟུང་བའི་བསྡུར་ཚད་དང་ལས་ཞུགས་མི་སྣས་ཐོན་ལས་གཉིས་པ་གསུམ་པར་ལས་ཞུགས་བྱེད་མཁན་མི་སྣའི་ནང་བཟུང་བའི་བསྡུར་ཚད་དེ་50%ཡན་ཟིན་པ་བྱེད་དགོས་པ་དང་གོང་འབུལ་ཞུས་པའི་ཁྲལ་དངུལ་དེས་ཁྲལ་འབབ་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་དེ་80%ཡན་ཟིན་པ་བྱེད་དགོས་པ། གསུམ་ནས་ཁེ་ལས་ཀྱི་གཞི་ཁྱོན་ཐད་ཚད་བརྒལ་ཡོང་བ་བྱེད་དགོས་ཤིང་། 2015ལོར་སླེབས་སྐབས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་རྐང་འཛིན་ཁེ་ལས་100ཡན་ཟིན་པ་བྱེད་དགོས་པ་དང་རྐང་དངུལ་འཛིན་ལོར་ཚོང་རར་ཞུགས་པའི་ཀུང་སི་10ཡན་ཟིན་པ་བྱེད་དགོས་པ་བཅས་རེད།
ཡང་དག་པའི་ལག་ལེན་དེ་ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་ལ་བརྟེན་དགོས་པ་དང་ཡང་དག་པའི་དམིགས་ཚད་དེ་ཡང་དག་པའི་བསམ་བློའི་ཁྲིད་སྟོན་ལ་བརྟེན་དགོས། བསམ་བློར་བཅིངས་འགྲོལ་དང་ངོས་འཛིན་མཐོ་རུ་བཏང་ན་བྱ་སྤྱོད་སྤེལ་རིང་གཞི་ནས་དེ་བས་ལེགས་པའི་སྒོ་ནས་གསར་གཏོད་དང་ཚད་བརྒལ་བྱེད་ཐུབ་ལ་བྱས་རྗེས་ཀྱང་འཇོག་ཐུབ་པ་དང་གཞི་ནས་དེ་བས་ལེགས་པའི་སྒོ་ནས་ཕན་འབྲས་དངོས་ཐོན་ཐུབ་པ་དང་ཕན་འབྲས་ཆེན་པོ་གཏོད་ཐུབ། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཡང་དག་འོག་བསམ་བློར་བཅིངས་འགྲོལ་དང་། ཕྱར་བ་གྲུ་འདེགས། གསར་འབྱེད་གསར་གཏོད། ལས་ཀ་ཏན་ཏིག་བཅས་ཀྱི་རྣམ་པའི་ཐོག་ནས་དུས་སྐབས་གསར་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་སྦྲགས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་དང་རྣམ་པ་གསར་པ་ཞིག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཕྱིར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།