ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དེ་གོ་སྐབས་སུ་བརྩིས་ནས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མགྱོགས་པའི་དཔྱིད་ཀ་ཞིག་བསུས་ཤིང་། རང་ལྗོངས་ཀྱིས “མཐུན་རྐྱེན་གསར་སྐྲུན ”བྱས་པས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཧ་ཅང་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་འཕྲད་ཡོད་ཅེས་ཕྱི་ཕྱོགས་ཀྱིས་བསྔགས་བརྗོད་རྒྱ་ཁྱབ་ངང་བྱེད་བཞིན་ཡོད།
ལས་དོན་ཞིབ་ཕྲ་ཇི་ལྟར་བསྒྲུབ་མིན་ཐད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དང་ཐོག “ཆབ་སྲིད་ཐད་བློ་བདེ་པོ ”བྱེད་པ་དང “གཡོ་འགུལ་མི་གཏོང་བ ”གཉིས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཆོད་སེམས་དེ་བས་ཆེན་པོ་དང་།
སྟོབས་ཤུགས་དེ་བས་ཆེན་པོ། བྱེད་ཐབས་དེ་བས་སྤྱོད་གོ་ཆོད་པ་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ལ་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་ཆ་འདྲ་མཉམ་ངང་སྤྱོད་པ་དང་། ཁྲོམ་རའི་འགྲན་རྩོད་ཁྲོད་དུ་འདྲ་མཉམ་ངང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་འདྲ་མཉམ་ངང་ཐོབ་པ་བཅས་ཀྱི་སྒྲིག་གཞིའི་ཁོར་ཡུག་ཅིག་བསྐྲུན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མགྱོགས་པོ་གཏོང་བའི་རེས་སྐོར་གསར་པའི་ཚ་རླབས་ཤིག་འཕྱུར་བ་ཧུར་ཐག་བྱེད་དགོས་པ་ཁ་གསལ་བསྟན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་ངོས་འཛིན་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ངོས་འཛིན་མཐོར་གཏོང་དང་། བསམ་བློ་གཅིག་གྱུར། ནུས་ལྡན་བྱེད་ཐབས་བཅས་ལ་བརྟེན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་ཆབ་སྲིད་ཐད་གནས་བབ་ཡོད་པ་དང་། སྙན་གྲགས་ཡོད་པ། བྱས་རྗེས་ཡོད་པ་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་འགོ་འཛུགས་ས་གསར་པའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།
ཆབ་སྲིད་ཐད་བློ་བདེ་པོ་བྱ་རྒྱུ་ནི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་ཏན་ཏིག་ངང་འཇོག་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ལ་དབང་བའི་ལམ་ལུགས་ལ་བལྟོས་ནས་བརྗོད་པ་ཞིག་ཡིན། དེ་ནི་རང་རྒྱལ་གྱི་ད་ལྟའི་དུས་རིམ་གྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ཕུད་དཔལ་འབྱོར་གྱི་གྲུབ་ཆའི་རྣམ་པ་ཡོངས་རྫོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་ཐབས་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་བོད་ཀྱི་དོན་དངོས་ལ་དམིགས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་དོན་གནས་དགོས་མཁོ་ཞིག་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་དགོས་མཁོ་དངོས་ཤིག་ཡིན་པ་མ་ཟད་། འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་སྟབས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་མཐའ་གཅིག་ཏུ་དམིགས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་མི་གཏོང་བའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་གཡོ་འགུལ་མི་གཏོང་བའི་སྒོ་ནས་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས།
ཆབ་སྲིད་ཐད་བློ་བདེ་པོ་བྱ་རྒྱུ་ནི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུ་དེ་ཡིན། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རང་ལྗོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ས་དང་། རེ་བ་བྱ་ཡུལ། གཏིང་ཤུགས་འཕེལ་ས་ཞིག་བཅས་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བསགས་པའི་ཁྲོམ་རའི་ཉམས་མྱོང་དང་ཐོན་ལས་ཀྱི་རྨང་གཞིས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མགྱོགས་པོ་གཏོང་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ང་ཚོས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གཞིར་བཟུང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཆེད་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་བར་སྣང་ཞིག་གཏོད་ནས་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱི་ལས་ཞུགས་ཐབས་ལམ་གལ་ཆེན་ཞིག ས་གནས་ནོར་སྲིད་ཀྱི་ཡོང་འབབ་ཡོང་ཁུངས་གལ་ཆེན་ཞིག ཚོང་འགུགས་མ་འདྲེན་གྱི་ཁྱབ་ཁོངས་གལ་ཆེན་ཞིག གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་ཡོང་བའི་གཙོ་ཁྲིད་སྟོབས་ཤུགས་ཤིག སྒྱུར་བཅོས་སྒོ་དབྱེར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཤིག དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་རྐང་འཛིན་སྟོབས་ཤུགས་ཤིག་བཅས་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ། སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཁྲོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།
ཆབ་སྲིད་ཐད་བློ་བདེ་པོ་བྱ་རྒྱུ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཀྱི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱེད་པ་དང་བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མགྱོགས་པོ་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དེ་ཡིན། ཀྲུང་དབྱང་གི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད 《བསམ་འཆར 》ནང་སྔར་ལས་ལྷག་པའི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པའི་དོན་ཚན་36དང་། དམངས་ཁྲོད་མ་འཇོག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པའི་དོན་ཚན་གསར་པ་36 ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི “རྒྱལ་ཁབ་ཀྱི་དོན་ཚན་29”སོགས་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་བཏོན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་དང་ཁ་ཕྱོགས་བཏོན་པ་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་སྲིད་ཇུས་དང་། ནོར་ཤུགས། མི་ཤུགས་སོགས་ཕྱོགས་གང་ཅིའི་ཐད་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཚོང་ལས་ལ་མཐོང་ཆེན་དང་། ཚོང་ལས་ལ་དགའ་ཞེན། ཚོང་ལས་ལ་སྲུང་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས།