འགོ་འཛུགས་ས་གསར་པའི་ཐོག་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ལྗོངས་ཡོངས་སུ་ཏང་བཙུགས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཚུགས་པའི་ལོའི་ལས་དོན་ཁག་བརྟན་པོའི་ངང་སྐུལ་འདེད་གཏོང་བའི་སྐབས་འདིར་ལྗོངས་ཡོངས་ཀྱིས་དུས་སྐབས་གསར་པའི་འོག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་བའི་ཚོགས་འདུ་དེ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་པ་རབ་དང་རིམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཐོག་གི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་ཕྱོགས་སྡོམ་དང་ལྗོངས་ཡོངས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐྲུན་མཁན་ཕུལ་བྱུང་བར་གཟེངས་བསྟོད་བྱས་པ་བཅས་ནི་རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་ཏན་ཏིག་གཏོང་རྒྱུ། དུས་སྐབས་གསར་པའི་འོག་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་རྒྱུ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་ལ་ད་ཡོད་དང་ཕུགས་ཀྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད།
བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་གྱིས་གཙོ་བོ་བྱས་པའི་མི་དམངས་ཚོགས་པ་དང་ཚོང་པའི་སྐྱིད་སྡུག་ཅིག་ཡིན་པ་དང་། ཏང་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དོ་དམ་དང་ཞབས་ཞུ་བྱེད་པའི་སྲིད་གཞུང་གི་ལས་རོགས་པ་ཡིན་པས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་ཀྱི་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱས་པའི་འོག་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ཕྱིན་ནས་འཕེལ་རྒྱས་འགྲོ་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཚོང་གཉེར་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་སོང་བ། ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། དཔལ་འབྱོར་སྤྱི་འབོར་ཟམ་མི་ཆད་པར་མང་དུ་སོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བྱུང་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གཙོ་བོ་དང་། ནོར་སྲིད་ཁྲལ་འབབ་ཀྱི་ཡོང་ཁུངས་གཙོ་ཆེ། ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གཙོ་བོ་བཅས་སུ་གྱུར་ནས་དཔལ་འབྱོར་དར་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལས་ཞུགས་རྒྱ་ཆེ། བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ནུས་པ་གལ་ཆེན་ཐོན་ཡོད།
བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་དཔལ་འབྱོར་ལས་དོན་གྱི་ནང་དོན་གཙོ་བོ་ཞིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་གི་ཡོད། ང་ཚོས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ནས་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་ལེགས་སུ་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་མཐོ་ཚད་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་སྒོ་དབྱེའི་དཔལ་འབྱོར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་མཐོ་ཚད། རྒྱལ་གཅེས་འཐབ་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཁྲོད་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་མཐོ་ཚད། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་བྱ་རྒྱུའི་མཐོ་ཚད་བཅས་ཀྱི་ཐོག་ནས་དུས་སྐབས་གསར་པའི་འོག་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ངོས་འཛིན་མཐོར་གཏོང་དང་། བསམ་ཕྱོགས་གཅིག་གྱུར། ཚད་མཐོའི་མཐོང་ཆེན། དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་སྒོ་ནས་དུས་སྐབས་གསར་པའི་འོག་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་རྒྱུ་དེ་ཉིན་རེའི་གལ་ཆེན་གྲོས་རིམ་ནང་བཞག་ནས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བ་དང་། མཐུན་སྒྲིལ་དང་། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐབ་ཕྱོགས་དང་། དཔལ་འབྱོར། དམངས་ཁྲོད་བཅས་རང་བཞིན་གྱི་ཁྱད་ལྡན་ལེགས་ཆ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་གྱི་བསམ་བློ་ཆབ་སྲིད་ལས་དོན་ནང་གི་སྣེ་ཁྲིད་ནུས་པ། དཔལ་འབྱོར་གཉེར་མཁན་གྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ལས་དོན་ནང་ཞུགས་པའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣེ་ཁྲིད་ནུས་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དོ་དམ་དང་ཞབས་ཞུ་བྱེད་པའི་སྲིད་གཞུང་གི་ལས་རོགས་པའི་ནུས་པ། ལས་རིགས་མཐུན་ཚོགས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་སྐུལ་འདེད་ནུས་པ། ངལ་རྩོལ་གྱི་འབྲེལ་བ་འཛུགས་པ་དང་མཐུན་སྦྱོར་བྱེད་པའི་ཁྲོད་ཀྱི་ཡར་སྐུལ་ནུས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཁྲོད་ཀྱི་སྐུལ་ཁྲིད་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་ལ་རང་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ནང་ཞུགས་རྒྱུར་མཐུན་སྒྲིལ་རྒྱ་ཆེ་བྱེད་པ། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་དེ་འགོ་འཛུགས་ས་གསར་པའི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་མ་ཤུགས་ཆེན་གཏོང་བ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྟོབས་ཤུགས་གསར་པའི་གོང་བུ་གཅིག་ཏུ་འགྲིལ་རྒྱུར་འགན་ལེན་ནུས་ལྡན་ཐུབ་པ་བྱེད་དགོས།
“ཆབ་སྲིད་ཐོག་བློ་བདེ་པོ་དང་། བསམ་བློའི་ཐད་བཀག་རྒྱ་མེད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ། ལས་ཀའི་ཐད་ལག་རྒྱ་གློད་པ ”བཅས་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་ཉིད་འགོ་འཛུགས་ས་གསར་པའི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་དགོས།
ཆབ་སྲིད་ཐད་བློ་བདེ་པོ་ཞེས་པ་ནི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་བོད་ཀྱི་དོན་དངོས་ལ་གཞིས་ཚུགས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་གཏོང་བའི་དོན་དངོས་ཀྱི་བླང་བྱ་ཡིན་ལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། དམངས་འཚོ་ལེགས་སུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་དངོས་ཡོད་ཀྱི་དགོས་མཁོ་ཡིན་ལ། འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པ་ངོས་འཛིན་ཏན་ཏིག་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་མི་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་རྒྱུར་གཡོ་འགུལ་མི་གཏོང་བར་སེམས་ཤུགས་ཆེན་པོ་དང་། བྱ་ཤུགས་ཆེན་པོ། བྱ་ཐབས་གནད་འཕིགས་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་ཆ་འདྲ་མཉམ་ངང་ལོངས་སུ་སྤྱོད་པ་དང་། ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པ། བཅའ་ཁྲིམས་སྲུང་སྐྱོབ་འདྲ་མཉམ་ངང་ཐོབ་པ་བཅས་ཀྱི་ལམ་ལུགས་ཀྱི་ཁོར་ཡུག་ཅིག་བཏོད་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་དེ་ཉིད་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་ཡོང་བའི་ཚ་རླབས་གསར་པ་ཞིག་ཧུར་ཐག་འཕྱུར་བ་བྱེད་དགོས་པ་དེ་ཡིན།
བསམ་བློའི་ཐད་བཀག་རྒྱ་མེད་པ་ཞེས་པ་ནི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་་བསམ་བློའི་བཀག་རྒྱ་མཐའ་དག་གཏོར་ནས་བསམ་བློར་བཅིངས་འགྲོལ་གཏོང་བའི་སྒོ་མོ་འབྱེད་རྒྱུ་དེ་ཡིན། འཕེལ་རྒྱས་གཏོང་བའི་འདུ་ཤེས་ཐད་བསམ་བློར་བཅིངས་འགྲོལ་བཏང་ནས “ལྔ་སེལ་ལྔ་འཛུགས ”ཐུབ་པ་བྱེད་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐད་བསམ་བློར་བཅིངས་འགྲོལ་གཏོང་བར “ལྔ་སེལ་ལྔ་འཛུགས ”དང “ཤུགས་རྒྱག་དགོས་པ་གསུམ ”མཐའ་འཁྱོངས་བྱེད་དགོས། “ལྔ་སེལ་ལྔ་འཛུགས ”ནི་སྤྱི་དབང་ལ་མཐོང་ཆེན་དང་དམངས་གཉེར་ལ་མཐོང་ཆུང་བྱེད་པའི་བསམ་བློ་སེལ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་འདྲ་མཉམ་དུ་འཛིན་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་ལ་དམ་འཛིན་དང་། ལས་ཞུགས་ལ་དམ་འཛིན། འབབ་འཕར་ལ་དམ་འཛིན། དམངས་འཚོར་དམ་འཛིན། བརྟན་ལྷིང་ལ་དམ་འཛིན་བཅས་བྱེད་པའི་འདུ་ཤེས་འཛུགས་པ། ལུགས་བརྩི་སྲོལ་སྲུང་དང་ཚད་བརྒལ་བྱེད་མི་ཕོད་པའི་བསམ་བློ་སེལ་ནས་གཞན་གྱི་མདུན་དུ་སྐྱོད་ཕོད་པ་དང་གསར་གཏོད་བྱེད་ཕོད་པའི་འདུ་ཤེས་འཛུགས་དགོས། སྒོ་སྡོམ་མཁྲེགས་འཛིན་དང་འཕེལ་རྒྱས་གཏོང་སྟངས་ཪྙིང་པའི་བསམ་བློ་སེལ་ནས་སྒོ་དབྱེའི་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་དགོས། ཕྱུག་པོ་ཆགས་ཙམ་ལ་ཞེན་པ་དང་ཡར་རྒྱས་ཕྲན་བུར་བློ་ཁ་ཚིམས་པའི་བསམ་བློ་སེལ་ནས་བྱ་གཞག་ཆེན་པོ་བསྒྲུབས་པ་དང་འཕེལ་རྒྱས་ཆེན་པོ་དོན་གཉེར་བྱེད་པའི་འདུ་ཤེས་འཛུགས་དགོས། ལྟ་སྐུལ་དོ་དམ་ལ་མཐོང་ཆེན་དང་ཞབས་ཞུར་མཐོང་ཆུང་བྱེད་པ་དང་ཞིབ་བཤེར་ལ་མཐོང་ཆེན་དང་རྒྱབ་སྐྱོར་ལ་མཐོང་ཆུང་བྱེད་པའི་བསམ་བློ་སེལ་ནས་ཞབས་ཞུར་བརྟེན་ནས་དོ་དམ་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འདུ་ཤེས་འཛུགས་ནས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་འགྲན་རྩོད་དྲང་གཞག་དང་། རྒྱབ་སྐྱོར་འདྲ་མཉམ། ཐུན་མོང་འཕེལ་རྒྱས་བཅས་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། “ཤུགས་རྒྱག་དགོས་པ་གསུམ ”ནི་སྲིད་ཇུས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལག་རྩལ་གསར་གཏོད། དོ་དམ་གསར་གཏོད་བཅས་ལ་སྐུལ་མ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་དང་ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་སྒྲིག་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང། འཕེལ་རྒྱས་གཏོང་སྟངས་སྒྱུར་བ། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་མ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་བཅས་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་སྟོབས་ཆེན་ཐུབ་པ་བྱེད་དགོས། “ཚད་བརྒལ་གསུམ ”ནི། སྤྱི་འབོར་ཐད་ཚད་བརྒལ་ཡོང་བ་དང་། བསྡུར་ཚད་ཐད་ཚད་བརྒལ་ཡོང་བ། ཁེ་ལས་ཀྱི་གཞི་ཁྱོན་ཐད་ཚད་བརྒལ་ཡོང་བ་བྱེད་དགོས་པ་དེ་ཡིན།
སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ་དེ་ནི་བོད་ཀྱི་དོན་དངོས་ལ་བསྟུན་ནས་ནང་ས་ལས་དེ་བས་ལྷུག་པ་དང་། ཚད་བརྒལ་རང་བཞིན་དེ་བས་ཆེ་བ། ནུས་པ་དེ་བས་ཆེ་བ་བཅས་ཀྱི་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་བཟོ་རྒྱུ་དེ་ཡིན་པས “མ་གནས་མི་དགོས་ཐོ་འགོད་དང་། ཁྲལ་ཡང་བ། འདེགས་སྐྱོར་ཆེ་བ། ཞིབ་བཤེར་ཉུང་བ། སྐུལ་ལྕག་ལ་མཐོང་ཆེན ”བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་དགོས།
འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་ཞེས་པ་ནི་གསར་གཏོད་བྱེད་ཕོད་པ་དང་། གཞན་གྱི་མདུན་དུ་བསྐྱོད་ནུས་པ། བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ། བློ་ཁོག་ཆེན་པོ་མཆོང་ཐུབ་པ། བློ་ཁོག་ཆེན་པོས་བྱ་བ་སྒྲུབ་པ་བཅས་ཡིན་པས “བཀག་རྒྱ་མེད་ན་བྱེད་ཆོག་པ ”མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་བཀག་རྒྱ་ཁ་གསལ་བྱས་པའི་རིགས་ཕུད་ཁྱབ་ཁོངས་གཞན་དག་ཚང་མར་སྤྱི་དབང་མིན་པའི་མ་རྩའི་ཐད་སྒོ་དབྱེ་བྱེད་པ་དང་ཁེ་ལས་ཀྱི་མིང་དང་། གཉེར་སྐྱོང་བྱ་ཡུལ། མ་རྩ་གཏོང་སྟངས། མ་རྩ་ཐོ་འགོད། མ་རྩ་འཇོག་མཁན་གྱི་ཐོབ་ཐང་། ལས་སྒོའི་ཁྱབ་ཁོངས་སོགས་ཐད་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཞུགས་འཐུས་ཀྱི་ཆ་རྐྱེན་དང་ཚད་གཞི་དམའ་རུ་བཏང་ནས་དམངས་གཉེར་གྱི་མ་རྩ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱ་ཆེ་རུ་གཏོང་དགོས།
ལས་ཀའི་ཐད་ལག་རྒྱ་གློད་དགོས་ཞེས་པ་ནི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་འཇོག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་དམིགས་ཚད་དཔྱད་ཞིབ་ནང་བཞག་སྟེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འགོ་ཁྲིད་མཐུན་སྦྱོར་སྒྲིག་གཞི་བཙུགས་ནས་དུས་ཚོད་གཏན་འཁེལ་ཐོག་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྙན་སེང་ཉན་པ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་དང་མཉམ་འཛིན་མཉམ་སྒྲུབ་མཐའ་འཁྱོངས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། གོང་འོག་མཉམ་འགུལ། འབྲེལ་བ་དམ་ཟབ། མཉམ་འཛིན་མཉམ་སྒྲུབ་བཅས་བྱེད་པའི་ལས་ཀ་བྱེད་སྟངས་ཤིག་ཆགས་པ་བྱེད་དགོས། ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུའི་མ་ལག་ཅིག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་སྟབས་བདེ་བ་དང་། མགྱོགས་པ། ཕྱོགས་ཡོངས་བཅས་ཀྱི་ཞབས་འདེགས་ཞུ་དགོས་པ་དང་རིགས་ཁག་གི་གསར་འགྱུར་སྨྱན་སྦྱོར་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་གལ་ཆེའི་དོན་སྙིང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རྩ་འཛུགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་སྔོན་ཐོན་དཔེ་འོས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཧྲིལ་པོས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་ཡངས་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཕྱིན་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་རྣམ་པ་གསར་པ་ཞིག་གཏོད་ཐུབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དུས་བབ་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣