“9·11” དོན་རྐྱེན་ཐོན་ནས་ལོ་10འཁོར་བ་དེ་ནི་ཉིན་འདི་དག་རིང་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་ལ་གླེང་ཆ་ཆེ་བ་ཞིག་ཡིན་པ་དང་། འབྲེལ་ཡོད་ཀྱི་བྱེད་སྒོ་ཁག་ཀྱང་མིག་ལམ་དུ་དེ་བས་མངོན་གསལ་དོད་པོ་ཡོད།
ཉེ་ཆར་ཁ་ན་ཏའི་མུའུ་སི་ལིན་གྱི་མཁས་དབང་ཁག་གཅིག་གིས་མོང་ཐེ་ལིའར་རུ་ཚོགས་འདུ་ཞིག་འཚོགས་པ་དེའི་དམིགས་ཡུལ་ནི “9·11”དོན་རྐྱེན་ཐོན་ནས་ལོ་10འཁོར་བར་དྲན་གསོ་ཞུ་བ་དང “དབྱི་སི་ལམ་ཆོས་ལུགས་དང་འཇིགས་སྐུལ་གྱི་བྱེད་སྤྱོད་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་རིགས་འདེད་གཙང་དག་བཟོ་རྒྱུ ”དེ་ཡིན་པ་རེད། འོན་ཀྱང་ཚོགས་འདུར་ཞུགས་མཁན་འགག་རྩའི་མི་སྣ་ཞིག “དབྱི་སི་ལམ་གྱི་དེ་སྔའི་བསྟན་པའི་དམིགས་དོན་རིང་ལུགས་མཐར་སོན་པ ”ཞིག་ཡིན་པའི་ངོས་འཛིན་བྱས་པ་མ་ཟད། ཚོགས་འདུའི་ཐོག “མཐར་སོན་པའི་ཆོས་ལུགས་ཀྱི་དོན་ཚན ”ལ་གྲོས་འཆམ་བྱེད་བཟོ་ཡོད་པ་དཔེར་ན། “ཆོས་ལུགས་གང་ཞིག་གི་བཀའ་ལུང་གི་བླ་ན་མེད་པའི་རང་བཞིན་ལ་ཕོག་ཐུག་བཏང་ཚེ་ཆོས་ལུགས་ཡོད་དོ་ཅོག་གི་བླ་ན་མེད་པའི་རང་བཞིན་ལ་ཕོག་ཐུག་བཏང་བ་དང་མཚུངས ”ཟེར་བ་སོགས་ཡོད་སྟབས་རྩོད་གཞི་ཆེན་པོ་ཐོན་ཡོད་པ་རེད།
མི་རྣམས་ཀྱི་ཚོད་དཔག་ལས་མ་འདས་པར་ཪྙོག་དྲ་སློང་བ་དང་སྨྱོ་བ་ལྟར་མིག་དབང་འགུགས་རྒྱུར་དགའ་བའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཡང་ད་རེས་ཀྱི་ཚོགས་འདུར་ཞུགས་ཡོད་པ་མ་ཟད། ད་དུང་ཁོ་པས་མི་རྣམས་ཀྱིས་རྩོད་གླེང་བྱེད་པ་དང་བློ་བདེ་པོ་མི་བྱེད་པའི “ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མི་རུང ”ཟེར་བ་ལྟ་བུའི་དོན་ཚན་ལ་སྔར་བས་བསྟུན་ཐབས་དང་ནན་བཤད་བྱས་པ་རེད། ཁོ་པས “གལ་སྲིད་ང་ཚོས་ཆོས་ལུགས་སྤྱད་དེ་ཁ་ཕྲལ་གཏོང་བ་དང་འགལ་ཟླ་དེ་བས་མང་བ་བཟོས་ཚེ་དེ་ནི་ནོར་འཁྲུལ་ཡིན་པ་དང་གནོད་འཚེ་ཡོད་པ་ཞིག་རེད། འོན་ཀྱང་དེ་ནི་དེ་སྤྱོད་མཁན་གྱི་ནོར་འཁྲུལ་ཡིན་པ་ལས་ཆོས་ལུགས་ཀྱི་ནོར་འཁྲུལ་མིན ”ཞེས་བཤད་པ་རེད།
—— འཛམ་གླིང་ཐོག་ཚོད་འཛིན་བྱས་པ་དང་མེད་པ་བཟོས་པའི “ཉི་མའི་ལྷ་ཁང་ཆོས་ལུགས ”དང “ༀ་བདེན་དོན་ཆོས་ལུགས ”ལ་ཏཱ་ལས་གདེང་འཇོག་གང་ཞིག་བྱེད་པ་མི་ཤེས། ཏཱ་ལས་གཏམ་བཤད་བྱེད་ས་མོང་ཐེ་ལིའར་དང་ཐག་རིང་པོ་མེད་སར་1994ལོར “ཉི་མའི་ལྷ་ཁང་ཆོས་ལུགས ”ཀྱིས་མི་བསད་པ་དང་རང་ལྕེབས་བྱས་པའི་དོན་རྐྱེན་ཐོན་པ་རེད། དེ་རྗེས་སུའེ་ཙེར་དང་ཧྥ་རན་སེ་སོགས་ས་ཁུལ་དུ་ཐོན་པའི་དེ་འདྲ་བའི་སྐྱོ་དོན་དེ་དག་གིས་ཁ་ན་ཏ་སོགས་རྒྱལ་ཁབ་ཏུ་གཡོ་འགུལ་ཆེན་པོ་ཐེབས་ཡོད། ཏཱ་ལ་དང་འབྲེལ་བ་དམ་ཟབ་ཡོད་པའི་རི་པིན་གྱི “ༀ་བདེན་དོན་ཆོས་ལུགས ”ནི་ཏུང་ཅིང་གི་ས་འོག་ལྕགས་ལམ་དུ་ཧྲ་ལིན་དུག་རླངས་བཏང་བར་བརྟེན “ལུང་ལོག་ལྟ་ཅན ”ལ་ངོ་བོ་གཏན་འཁེལ་བྱས་པ་རེད། དོན་དེ་དག་ལ་ཏཱ་ལས་རྒྱུས་མངའ་མེད་པ་ག་ལ་སྲིད།
ཏཱ་ལའི་མི་འོས་པའི་གཏམ་སྤྱོད་ལ་དཔྱོད་ལྡན་པའི་སྐྱོན་བརྗོད་ཕོག་པ་སྨོས་མེད་རེད། མུའུ་སི་ལིན་གྱི་མཁས་དབང་ཁག་གཅིག་གིས་ཀྱང་ཏཱ་ལ་བསླུ་བྲིད་འོག་ཚུད་པར་བརྟེན་མུའུ་སི་ལིན་གྱི་དེ་སྔའི་བསྟན་པའི་དམིགས་དོན་རིང་ལུགས་པ་དང “ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མི་རུང ”བའི་ལྟ་བར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་། དེ་ནི “ཁྱེད་ཀྱིས་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མི་རུང་ཞེས་བཤད་པ་དང་མཚུངས་པས་ཆག་སྒོ་ཚབས་ཆེན་ཞིག་ཡིན་སྲིད ”“ཏཱ་ལ་མཉམ་གཞས་ཆེན་པོ་དེའི་ནང་ཞུགས་པ་དེ་ནི་ཡིད་སྐྱོ་དགོས་པ་ཞིག་ཡིན་པ་དང་ཁོ་པ་གཡོ་འོག་ཏུ་ཚུད་པའམ་ཡང་ན་ཁོ་པ་བྱིས་བློ་ཅན་ལྷད་མེད་ཅིག་རེད ”ཅེས་བརྗོད་རྒྱུ་ལས་མ་འདས།
ཆོས་ལུགས་ཀྱང་སྐྱོན་བརྗོད་ཀྱི་གནས་ལས་ཐར་མི་སྲིད་པ་དེ་ནི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་མང་ཆེ་བ་ཚུད་པའི་རྒྱལ་ཁབ་ཁག་གི་མཁས་དབང་གིས་ཁས་ལེན་བྱེད་པའི་ཐུན་མོང་གི་ལྟ་སྟངས་ཤིག་རེད། ཐ་ན “མཐར་སོན་པའི་དབྱི་སི་ལམ་གྱི་དེ་སྔའི་བསྟན་པའི་དམིགས་དོན་རིང་ལུགས་པ ”ཡིན་ཟེར་མཁན་གྱིས་ཀྱང “མུའུ་སི་ལིན་ལ་རང་གནས་ཡུལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བའི་འོས་འགན་ཡོད ”ཅེས་ཤོད་ཀྱི་ཡོད། འོན་ཀྱང་ཏཱ་ལས་རྒྱུན་ཤེས་ལས་མངོན་གསལ་དོད་པོ་འགལ་བའི་དོན་ཚན་དེ་ལྟ་བུར་བསྟོད་པ་ཆེན་པོ་དེ་འདྲ་བྱེད་དོན་གང་ཡིན་ནམ། དེ་ནི་ཁོ་པ་བསླུ་བྲིད་དུ་ཚུད་པའམ་ཡང་ན་བྱིས་བློ་ཅན་ལྷད་མེད་ཅིག་ཡིན་པའི་རྐྱེན་གྱིས་གཏན་ནས་མིན། ཤོད་སྟངས་དེ་རིགས་འཛིན་མཁན་གྱིས་ཏཱ་ལའི་རིག་སྟོབས་ལ་ཚོད་དཔག་དམའ་དྲགས་པ་མ་ཡིན་ནམ། དེ་ཐོག་ནས་ནུབ་ཕྱོགས་སུ་ཁོ་པས་རྫུན་འགྲིག་བྱས་པའི་བྱིས་བློ་ཅན་དང་ལྷད་མེད་རྫུན་མའི་གཡོ་འོག་ཏུ་ཚུད་མཁན་མི་ཉུང་བ་ཞིག་ཡོད་པ་དུས་མཚུངས་སུ་གསལ་བཤད་བྱེད་ཐུབ།
དོན་དངོས་ཐོག་ཏཱ་ལ་གླེན་པ་གཏན་ནས་མིན། ལག་ཏུ་བྱ་བ་ཆེན་པོ་སྒྲུབ་པའི་མ་རྩ་མེད་སྟབས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང “བོད་རང་བཙན ”ཡོང་རེ་བྱེད་པའི་རྩ་བའི་དམིགས་ཡུལ་དེ་སྒྲུབ་ཆེད་ཁོ་པས་རོལ་རྩེད་ལས་རིགས་ཀྱི་གྲགས་ཅན་མི་སྣ་དང་འདྲ་བར་སྲོག་འབེན་ལ་བཙུགས་ནས་མི་རྣམས་ཀྱི་མིག་ལམ་དུ་དོན་གང་ཐུབ་བྱས་ནས་ཡོངས་བསྒྲགས་སུ་དོན་ཚད་མང་དུ་གཏོང་བ་དང་ཇི་ཙམ་རྩོད་གཞི་ཡོད་ན་དེ་ཙམ་གྱིས་ཡག་པར་བརྩི་བ་ཁོ་པས་གཏིང་ཟབ་ཤེས་ཀྱི་ཡོད། ཁོ་པར་བྱ་བ་བཟང་ངན་གང་ཞིག་ཡིན་ནའང་འགྲིག་གི་ཡོད། གང་ཡིན་ཞེ་ན་ཁོ་པས་རྒྱབ་སྐྱོར་ཐོབ་རེ་བྱེད་པ་དང་ཞལ་འདེབས་དང་བསོད་སྙོམས་སློང་བ་དེ་དག་ཚང་མ་མིས་དོ་སྣང་བྱེད་ཚད་དང་ཡོངས་བསྒྲགས་སུ་དོན་ཚད་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན་ཆོས་ལུགས་དང་། བདེན་དོན། དོན་དངོས་བཅས་ལ་ཁོ་པས “འཁྲབ་སྟོན་ཚུལ་གྱིས ”མང་པོ་ཞིག་གླེང་ཞིང་། གལ་སྲིད་ནོར་ནའང་ཁོ་པས “བསླུ་བྲིད་འོག་ཚུད་པ ”དང “བྱིས་བློ་ཅན ”སོགས་བཟོ་ལྟ་རྫུན་མའི་ཐོག་ནས་གཡོ་སྒྱུ་འཁྲབ་སྟེ་དེ་ལས་ཐར་ཐབས་བྱེད་ཀྱི་ཡོད། དེར་བརྟེན་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་ཚང་མས་དོ་སྣང་ཆེན་པོ་བྱེད་པའི་ཡུལ་གནས་དེ་རིགས་ལ་ཁོ་པས་གཏམ་འཆལ་ཆེ་སྤེལ་བྱས་པ་དེར་པར་རྒྱག་མཁན་མང་བ་དང་པར་ངོས་མང་པོ་ཡོད་པ་སྨོས་མེད་རེད། ཁོ་པས་ཐ་ན་ཆེད་མངགས་སྨྱན་སྦྱོར་ལས་ཁུངས་ལ “སྨྱན་སྦྱོར་ལ་འགན་འཁུར་བའི་སྒོ་ནས་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་བྱེད་པ་དང་གཞོན་ནུ་རྣམས་ཆབ་སྲིད་ལ་ཞུགས་དགོས་པའི་རེ་བ་འདོན་གྱི་ཡོད ”ཁོ་པའི་སེམས་ནང་གང་ཞིག་བསམ་པ་དང་གང་ཞིག་སེམས་ལ་འཇོག་པ་སྐྱེས་བུ་མིག་དང་ལྡན་པས་བལྟས་པ་ཙམ་གྱིས་ཤེས་ཐུབ།
མིག་ལམ་དུ་དོན་གང་ཐུབ་བྱེད་པའི་མྱུར་འགྲུབ་ཐབས་ལམ་གཞན་ཞིག་ཡོད་པ་དེ་ནི་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་གནད་ཆེའི་མི་སྣ་དང་ཐུག་འཕྲད་བྱ་རྒྱུ་དེ་རེད། རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་གནད་ཆེའི་མི་སྣ་ནི་མ་གཞི་ནས “གྲགས་ཅན ”རིམ་པའི་མི་སྣ་ཤ་སྟག་ཡིན་པས་ཁོང་ཚོ་དང་ཐུག་འཕྲད་བྱས་ཏེ་ཕན་ཚུན་བེད་སྤྱོད་དང་ཕན་ཚུན “ཕན་པ་ཐོབ་ཐབས ”བྱེད་པ་དང་དོ་སྣང་ཆེན་པོ་ཐོབ་ཐབས་བྱེད་ཆོག་པ་མ་ཟད། ད་དུང་ཀྲུང་གོའི་སྲིད་གཞུང་ལ་ཪྙོག་དྲ་བཟོ་ཐུབ་པས་གོ་གཉིས་ཆོད་རེད་ཅེས་བརྗོད་ཆོག ཉེ་ཆར་ཁོ་པས་ཡང་གཡོ་ཇུས་ཪྙིང་པ་བསྐྱར་དུ་སྤྱད་དེ་མོ་ཞི་ཁོའི་ཙུང་ཐུང་དང་ཐུག་འཕྲད་བྱས་པ་རེད། ཏཱ་ལས་དོན་དེས་ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་རྩོད་གཞི་ཐོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་དང་ཁེ་ཕན་ལ་གནོད་འཚེ་བཟོ་སྲིད་པ་གསལ་པོ་ཤེས་ནའང་སྐབས་དེར་ཏཱ་ལས་ཁོ་པའི་དེ་སྔའི་ཤོད་སྟངས —“གལ་སྲིད་ང་ཚོས་ཆོས་ལུགས་སྤྱད་དེ་ཁ་ཕྲལ་གཏོང་བ་དང་འགལ་ཟླ་དེ་བས་མང་བ་བཟོས་ཚེ་དེ་ནི་ནོར་འཁྲུལ་ཡིན་པ་དང་གནོད་འཚེ་ཡོད་པ་ཞིག་རེད ”ཅེས་པ་སྣང་མེད་དུ་བཞག་ཀྱང་གང་ལྟར་མིག་ལམ་དུ་དོན་གང་ཐུབ་བྱེད་པའི་ཁོ་པའི་དམིགས་ཡུལ་བསྒྲུབས་པ་རེད།
འོན་ཀྱང་གཡོ་ཐབས་དེ་འདྲ་སྤྱོད་མང་ཚེ་ཉིན་ཞིག་རྫུན་རྐུབ་རྡོལ་རྒྱུ་ལྡོག་ཐབས་མེད། ཏཱ་ལས “ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མི་རུང ”ཞེས་པའི་ཁུངས་མེད་ཀྱི་གཏམ་དེར་ཁས་ལེན་པ་དང་དེའི་རྗེས་སུ་འབྲངས་པ་དེར་ནུབ་ཕྱོགས་ཀྱི་མཁས་དབང་གིས་ཀྱང་ཁོ་པས་མ་རུངས་ཁོག་བཅུག་བྱས་པ་ཞིག་རེད་སྙམ་གྱི་ཡོད། ཀྲུང་གོར་ཕྱོགས་ཞེན་གྱི་ལྟ་བ་འཛིན་སྲིད་པའི་དཔྱད་གཏམ་སྤེལ་མཁན་རྒན་གྲས་ཤིག་གིས་ཀྱང་རྩོམ་བྲིས་ནས་ཚེ་གང་རིང “ཀྲུང་གོ་དང་ཁ་གཏད་དུ་ལངས་མཁན ”ཏཱ་ལ་ནི “བྱིས་བློ་ཅན་ནམ་ཡང་ན་བསླུ་བྲིད་འོག་ཚུད་པ་ཞིག་ཡིན་མི་སྲིད ”ཅེས་ཁོང་གིས་དོགས་པ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
ཡུན་རིང་མ་སོང་གོང་ཧྥ་རན་སེའི་རྩོམ་པ་པོ་མ་ཁེ་ཤིས་མུའུ ·ཝུའེ་ཝ་སིས་དཔེ་སྐྲུན་བྱས་པའི 《“སྒོམ་སྒྲུབ ”དེ་ལྟ་བུ་བྱེད་མི་རུང་། ཏཱ་ལ་ཡི་སྦས་པའི་གདོང་རིས་གཞན་ཞིག 》ཞེས་པའི་དེབ་དེས་ཧྥ་རན་སེའི་གཙོ་ཁྲིད་གླེང་ཕྱོགས་ལས་རིགས་དེ་བས་ཧང་སངས་བ་བཟོས་པ་རེད། དེ་སྔ་ཧྥ་རན་སེའི་གླེང་ཕྱོགས་མང་ཆེ་བས་ཏཱ་ལ་ནི “ལྷ་གསོན་པོ ”དང “ཆོས་ལུགས་ཀྱི་མི་སྣ ”ཞིག་ཏུ་བརྩི་བ་དང་མི་འདྲ་བར་ཝུའེ་ཝ་སིའི་དེབ་ནང་དོན་དངོས་འབོར་ཆེན་བརྒྱུད་ནས་ཏཱ་ལའི་བྱེད་སྤྱོད་ཐམས་ཅད་ཆོས་ལུགས་རང་བཞིན་ཞིག་མིན་པར་ཧྥ་རན་སེས་ཀྲུང་གོར་འཛིན་པའི་སྲིད་ཇུས་སྤྱད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཛ་དྲག་ཏུ་གཏོང་རྒྱུར་ཤུགས་རྐྱེན་བཟོ་རྒྱུའི་རེ་ངན་འཆང་བ་དེ་རེད་ཅེས་གསལ་བཤད་བྱས་ཡོད། ཝུའེ་ཝ་སིས་ངས་ཏཱ་ལས་ཚབ་བྱས་པའི་ཆོས་ལུགས་ལ་ངོ་རྒོལ་བྱེད་ཀྱི་མེད་ལ་ཁོ་པ་མི་སྒེར་ལའང་ངོ་རྒོལ་བྱེད་ཀྱི་མེད། ཧྥ་རན་སེ་བ་དང་ནུབ་ཕྱོགས་གླེང་ཕྱོགས་ཀྱིས་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་པའི་ཏཱ་ལས་ཚབ་བྱས་པའི་ཁེ་ཕན་གསལ་པོ་མཐོང་དུ་འཇུག་རྒྱུ་དེ་ཡིན། “དང་ཐོག་ཁོ་པ་ནི་ཆབ་སྲིད་ཀྱི་མི་སྣ་ཞིག་དང་ལྷ་དབང་རྒྱལ་ཁབ་འཛུགས་རྒྱུ་དང་དེ་སྔའི་དབང་སྒྱུར་སླར་གསོ་བྱ་རྒྱུ་རེ་ངན་འཆང་མཁན་མི་སྣ་ཞིག་ཡིན། ཁོ་པས་སྲུང་སྐྱོང་བྱེད་པའི་བྱ་བ་མང་པོ་ཞིག་ནུབ་ཕྱོགས་དང་ཧྥ་རན་སེའི་གཞི་རྩའི་ལྟ་བ་དང་ཧེ་བག་དང་འགལ་བ་ཧ་ཅང་ཆེན་པོ་ཡོད ”ཅེས་བཤད་པ་རེད།
ཁ་རྒྱུན་དུ “རྨ་བྱས་སྒྲོ་གུར་ཕུབ་རྒྱུ་ཁོ་ནར་བྲེལ་བ་ལས་རང་གི་ཨོང་གོང་དམར་རྗེན་དུ་མངོན་པ་ག་ལ་བསམ ”ཞེས་བཤད་པ་ལྟར་ཏཱ་ལས་རྒྱལ་སྤྱིའི་ཐོག་གང་སར་མིའི་དགའ་ཕྱོགས་ལ་བསྟུན་པ་དང་། མིག་ལམ་དུ་དོན་གང་ཐུབ་བྱེད་པ། ཡོངས་བསྒྲགས་སུ་དོན་གང་ཐུབ་བྱེད་པ་བཅས་བྱས་ཀྱང་མཐའ་འབྲས་སུ་རང་ཉིད་ཀྱི་གདོང་རིས་ངོ་མོ་དམར་རྗེན་དུ་མངོན་པ་རེད། ཏཱ་ལས་མཐོ་པོ་ག་ཚོད་མཆོངས་བའམ་ཡང་ན་འཕག་འཚག་ག་ཚོད་བརྒྱབ་ཀྱང་ཁོ་པའི་གདོང་རིས་ངོ་མ་དེ་བས་དཔྱིས་ཕྱིན་པའི་སྒོ་ནས་དམར་རྗེན་དུ་དོན་སྲིད་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ལ་མུ་མཐུད་ཀྱང་ར་སྤྲོད་བྱ་རྒྱུ་རེད།