དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་མདུན་དུ་ང་ཚོས་དེ་བས་འབད་བརྩོན་གྱིས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་གཙོ་གནད་དང་འཆར་འགོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་ཀྱིས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།   

        སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དེ་ཡང་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་ བཏང་ནས་ཕྱུགས་ནད་སྨན་པའི་སྒྲིག་སྲོལ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས། གྲོང་གསེབ་ཀྱི་ཆུ་བེད་དང་ཆུ་ཤུགས་གློག་ཁང་དོ་དམ་སྒྲིག་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མགྱོགས་སུ་གཏོང་བ་དང་། ཟོག་འགྲེམས་ཚོགས་པ་དང་ཆུ་ཤུགས་གློག་ཁང་དང་། ནུས་རྒྱུ། ལྷད་མེད་བཟའ་བཏུང་ཐོན་རྫས་ལས་རིགས། རིག་གནས་ཐོན་ལས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་ཚོགས་པ་ཆེན་པོ་ཁག་གཅིག་བསྐྲུན་རྒྱུར་ཞིབ་འཇུག་དང་རིག་པས་ཁུངས་སྐྱེལ་བྱེད་པ། རིག་གནས་དང་ཚན་རྩལ་སོགས་སྤྱི་ཚོགས་བྱ་གཞག་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་། 2009ནས་2011ལོའི་བར་གྱི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་གཙོ་གནད་ལས་ཀ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ་བཅས་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཆུང་འབྲིང་ལ་རོགས་སྐྱོར་བྱེད་པའི་ཆེད་དངུལ་བེད་སྤྱོད་ཡག་པོ་བྱེད་པ། ཡིད་རྟོན་ཁག་ཐེག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་རུབ་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཀྱིས་ཁོང་ཚོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་བསྐྲུན་པ་དང་རྒྱབ་སྐྱོར་བྱེད་དགོས།

        སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་ནང་སར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། དེའང “ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པའི ”བྱེད་ཐབས་སྤྱད་དེ་ནང་སའི་སྟོབས་ལྡན་ཁེ་ལས་བོད་དུ་འཕེལ་རྒྱས་དང་བྱ་གཞག་དར་རྒྱས་གཏོང་བར་ཡོང་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར 》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་རྐང་འཛིན་ཁེ་ལས་གཙོ་བོ་དང་མཉམ་ལས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ ། ཁ་གཏད་བོད་སྐྱོར་གྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དོན་འཁྱོལ་ཧུར་ཐག་བྱེད་པ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

        སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་ཕྱི་ཕྱོགས་དང་དཔལ་འབྱོར་ཐད་ཀྱི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། དེ་ཡང་མཐའ་མཚམས་འགག་སྒོ་དང་མཐའ་མཚམས་ཚོང་དོན་ཁྲོམ་ར་བསྐྲུན་ཤུགས་ཆེ་རུ་བཏང་སྟེ་འཆར་འགོད་བྱས་ཟིན་པའི་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་བསྐྲུན་ཟིན་པ་བྱེད་པ། སྔ་ཙམ་ཕན་འབྲས་ཐོབ་པ་བྱེད་པ་བཅས་བྱེད་དགོས། སྒོ་ཁྲལ་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། མཐའ་མཚམས་ཚོང་དོན་གྱི་མི་དམངས་ཤོག་སྒོར་གྱི་བསྡོམས་རྩིས་ཚོད་ལྟའི་ལས་དོན་ཡག་པོ་སྒྲུབ་པ། ཕྱིར་གཏོང་བྱ་དགའི་སྲིད་ཇུས་མགྱོགས་མྱུར་བཟོ་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ནེ་པ་ལར་བཅའ་བཞུགས་རང་ལྗོངས་ཀྱི་ཚོང་དོན་སྒྲིག་གཞི་བསྐྲུན་རྒྱུའི་དུས་འགོའི་ལས་དོན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བྱེད་པའི་སྟེགས་བུ་ཞིག་བཏོད་པ་དང་ཧི་མ་ལ་ཡ་ལས་སྒྲོལ་བའི་ས་ཁོངས་ཕལ་པའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རང་ལྗོངས་ཀྱི་ཕྱི་ཕྱོགས་དང་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།