དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མིང་བརྗེས་ཀྱང་དོན་མ་བརྗེས་པའི་ཆབ་སྲིད་ཀྱི་ཕྱོགས་མྱུལ་ངན་འབྲེལ་གྱི་སྐྱུག་བྲོ་བའི་ཟློས་གར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་22ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་འཇར་མན་གྱི་ཧེ་སེན་ཀྲོའུ་ལ་ཕྱོགས་མྱུལ་ངན་འབྲེལ་ཐེངས་བཞི་པ་བྱས་པ་རེད།

        “ངན་སེམས་རྒྱུན་འཆང ”དང “སྡུག་ཐོག་སྡུག་བརྩེགས ”ཞེས་པའི་ཚིག་སྤྱད་དེ “ཆབ་སྲིད་ཀྱི་རྒན་ཡོལ ”བྱས་རྗེས་ཀྱི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རེས་སྐོར་གསར་པའི་ཕྱོགས་མྱུལ་ངན་འབྲེལ་ལ་ཚིག་རྒྱན་བརྒྱབ་ན་འཚམ་ཤོས་ཡོད། ཟླ་5པའི་ཟླ་མཇུག་ཏུ་ཡུལ་གྱར་སྲིད་གཞུང་རྫུས་མས་ཏཱ་ལས “ཆབ་སྲིད་ཀྱི་དབང་ཆ་ཚང་མ་དངོས་སུ་རྩིས་སྤྲད་ཡོད ”ཅེས་ཁྱབ་བསྒྲགས་བྱས་ཚུན་ལོ་76ལ་སླེབས་པའི “ཆབ་སྲིད་ཀྱི་བླ་མ ”དེས་བར་མཚམས་མི་འཇོག་པར་ནུབ་ཕྱོགས་རྒྱལ་ཁབ་དབར་ཕྱོགས་མྱུལ་ངན་འབྲེལ་བྱས་ཏེ “ཆོས་ཤོད་པ ”དང “ཆོས་སྤེལ་བ ”ནི “ཆོས་ཕྱོགས་ཁོ་ནའི་བྱེད་སྒོ ”ཡིན་ཞེས་རྣ་བ་བཀབ་ནས་དྲིལ་བུ་བརྐུ་གི་ཡོད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས “ཆོས་ཕྱོགས་ཁོ་ནའི་མི་སྣ ”ཞིག་ཏུ་རྫུན་ཆས་སྤྲད་ཚེ་འཛེམ་བག་མེད་པར་རྒྱལ་སྤྱིའི་སྤྱི་ཚོགས་སུ་འཁྱམ་སྐྱོད་བྱས་ནས “ཆོས་ཤོད་པ ”དང “ཆོས་སྤེལ་བར ”ཁ་གཡར་ནས “བོད་རང་བཙན ”གྱི་ཁོ་པའི་ཆབ་སྲིད་ཀྱི་ལྐོག་གཡོ་བསྐོར་འཚོང་བྱེད་ཆོག་སྙམ། འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོ་པ་རྩིས་ནོར་ཐེབས་ཡོད། ཁོ་པས་མ་ཡིན་ཡིན་མདོག་ཇི་ལྟར་བྱས་ཀྱང་སྲིད་ཚོང་པའི་གདོང་རིས་འགེབས་མི་ཐུབ། ཏུའོ་ཝུའེ་དྲ་ཚིགས་ཀྱིས་ཀྱང་བཟོད་མི་ཐུབ་པའི་སྒོ་ནས “ད་རེས་ཏཱ་ལ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བསྐྱོད་པ་དེར་ཆབ་སྲིད་ཀྱི་ཤན་ཧ་ཅང་མང་པོ་ཞུགས་ཡོད་པའི་ངོས་འཛིན་བྱེད་མཁན་ཡོད ”ཅེས་བཤད་ཡོད་པ་རེད།

        དེ་སྔའི་ཕྱོགས་མྱུལ་ངན་འབྲེལ་དང་མི་གཅིག་པ་མེད་པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ད་རེས “ཆོས་སྤེལ ”ཡུལ་ནི་སྔར་བཞིན་ཡེ་ཤུའི་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ཀྱིས་གཙོ་བོ་བྱེད་པའི་ནུབ་ཕྱོགས་རྒྱལ་ཁབ་དེ་དག་ཡིན། སྔོན་ལ་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ཡིན་པ་དང་དེ་རྗེས་ཨ་རི་དང་ཀ་ན་ཀྲ་ཡིན་ལ་དེའི་རྗེས་སུ་ཧྥ་རན་སི་དང་འཇར་མན་སོགས་རྒྱལ་ཁབ་ཡིན་པ་རེད། ཏཱ་ལས་རྒྱལ་ཁབ་དེ་དག་ལ “བརྩེ་དུང་ཟབ་མོ ”འཆང་དོན་གང་ཡིན་ནམ། དེའི་ལན་ལོ་མང་པོའི་གོང་ནས་གསལ་ཡོད་པ་སྟེ། “བྱ་གཞག ”དང་དཔལ་འབྱོར་གང་གི་ཐད་ནས་ཀྱང་ཁོ་པར་རྒྱལ་ཁབ་དེ་དག་ཚང་མར “གྲོགས་པོ་ཪྙིང་པ ”དང “སྦྱིན་བདག ”མི་ཉུང་བ་ཞིག་ཡོད་པ་རེད། དེ་ནི་རྦད་དེ་ཆབ་སྲིད་ཁོ་ན་ཞིག་ཡིན་པ་ལས་ཆོས་ལུགས་དང་འབྲེལ་བ་མེད་པ་སྨོས་མེད་རེད།

        དེའི་སྐོར་ཏཱ་ལས “ཐུག་འཕྲད ”བྱ་རྒྱུར་དགའ་པོ་བྱ་ཡུལ་ལ་བལྟས་ཚེ་གསལ་པོ་ཤེས་ཐུབ། ཨོ་སི་ཁྲུ་ལི་ཡར་ཁོ་པས་དགའ་སྤྲོའི་ངང་ངོ་རྒོལ་ཏང་གི་གཙོ་འཛིན་ཐུའོ་ཉི ·ཨ་པོ་ཐེ་དང “ཐུག་འཕྲད ”བྱས་པ་དང་། ཨ་རིར “རོགས་པ་ཪྙིང་པ ”རྒྱལ་དོན་བློན་ཆེན་གཞོན་པ་ཨའོ་ཐེ་ལུའོ་ཕུད་ད་དུང་བློ་བབ་ཡིད་ཚིམ་ངང “གྲོགས་པོ་ཪྙིང་པ ”ཙུང་ཐུང་ཨའོ་པ་མའི “མཇལ་འཕྲད ”ཐོབ་པ། ད་རེས་འཇར་མན་གྱི་ཧེ་སེན་ཀྲོའུ་རུ “ཆོས་ཤོད ”སྐབས་ཀྲོའུ་ཀྲང་པུའུ་ཕེ་ཡེ་དང་དབྱི་ཀྲང་ཁ་ཐེ་མན་སོགས་ཡོད་པ་སྨོས་མེད་ཡིན་ཞིང་། མི་དེ་དག་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པར་དད་པ་བྱེད་མཁན་གཅིག་ཀྱང་མེད་པ་རེད། ཏཱ་ལས་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་ཚོ་དང་མཉམ་དུ “ནང་བསྟན ”སྐོར་གྲོས་བསྡུར་བྱེད་མི་སྲིད་ཅིང་། “ནང་བསྟན ”ཕུད་ཁོ་པས “གསལ་བཤད ”བྱེད་སྙམ་པའི་དོན་ཧ་ཅང་མང་པོ་ཡོད་པས་ཕན་ཚུན་སེམས་གསལ་གླེང་མེད་ཅིག་ཏུ་གྱུར་ཡོད།

        ཡང་ཏཱ་ལ “ཆོས་སྤེལ ”མཁན་སྐྱེ་ཕྲེང་བཅུ་བཞི་པའི “ཁོངས་མིར ”གཟིགས་དང་། དེ་དག་ནི་བོད་ཀྱི་ཡུལ་གྱར་སྲིད་གཞུང་རྫུས་མའི་གསར་དུ་བསྐོས་པ་དང་ལས་འགན་ཕྱིར་འཐེན་བྱས་པའི “བཀའ་བློན་ཁྲི་པ ”བློ་བཟང་སེང་གེ་དང་ཟམ་གདོང་གཉིས་དང་། གྲོས་ཚོགས་རྫུས་མའི “གྲོས་དཔོན ”གསར་ཪྙིང་། འཇིགས་སྐུལ་གཏུམ་སྤྱོད་ཀྱི་ཤན་ཞུགས་པའི “བོད་གཞོན་ནུ་ཚོགས་པའི ”འགོ་པ་སོགས། “བོད་རང་བཙན ”གྱི་དབང་གྲགས་ཆེ་བའི་མི་སྣ་སྣ་ཚོགས་གཡས་བཀུར་གཡོན་འདེགས་བྱེད་པ་དེ་ནི “ཆོས་སྤེལ་གྱི་ཡོད ”ཅེས་བརྗོད་པ་ལས་ཏཱ་ལ་ཁ་ཕྲལ་རིང་ལུགས་རུ་ཚོགས་ཀྱི་འགོ་པ་གསར་ཪྙིང “སྡེབ་ཏུ་དོན་པ ”ཞིག་རེད་ཅེས་བརྗོད་ན་དགའ། སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་དང་ཐུག་འཕྲད་བྱེད་རིམ་བཞིན་ཏཱ་ལས་ཟློས་གར་འཁྲབ་པ་ལྟར་བློ་བཟང་སེང་གེའི་ལག་ནས་བཟུང་སྟེ “གསལ་བཤད ”ཡང་ཡང་བྱེད་པ་སྟེ། “ཆབ་སྲིད་ཀྱི་འགན་འཁྲི་དེ ‘བཀའ་བློན་ཁྲི་པ ’གསར་པས་དབང་ཆ་ཆ་ཚང་ཡོད་པའི་སྒོ་ནས་འགན་འཁུར་གྱི་ཡོད་ཅེས་པ་སོགས ”ཞབས་འདྲེན་ཡང་ཡང་ཞུ་གི་ཡོད།

        དོན་དངོས་དེ་ལས་གསལ་བ་ཞིག་མེད་པ་སྟེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པ་དེ་ཁོ་པའི་རྗེས་སུ་ཁོ་པའི་ཚོགས་པ་ཆུང་ཆུང་དེ “ཤིང་སྡོང་འགྱེལ་ན་སྤྲེའུ་ཐོར་བའི ”དཔེ་ལས་མ་འདས། ཏཱ་ལ་ཉིན་མོའི་ཟས་དང་མཚན་མོའི་གཉིད་གཅོག་དོན་ནི་རུ་ཚོགས་དེའི་ནང་ཁུལ་གྱི་ཕྱོགས་གཏོགས་སྣ་ཚོགས་ཀྱིས་དབང་ཆར་དམིགས་ནས་འཐབ་པའི་འགལ་བ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་ཁ་ཐོར་རྒུ་ཐོར་དུ་འགྲོ་བའི་སྣང་ཚུལ་ཐོན་ཞིང་། ཁོ་པས་ནུས་ཤུགས་གང་ཡོད་བཏོན་ནས་འུད་སྒྲོག་བྱེད་པའི “བོད་ཀྱི་གནད་དོན ”ཟེར་བ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཁ་ཡ་བྱེད་མཁན་ཉུང་ཤས་ལས་མེད་པ་དེ་རེད། ད་རེས་ཏཱ་ལ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བསྐྱོད་པ་དེ་ནི “ཚེ་མཇུག ”ཏུ་རང་ཉིད་ཀྱི “ཤུགས་རྐྱེན ”ལ་བརྟེན་ནས་ཡུལ་གྱར་སྲིད་གཞུང་རྫུས་མ་གསར་པ་དང་སྦྱིན་བདག་ཕྱི་རྒྱལ་བའི་དབར “དངོས་གཞིའི་འབྲེལ་བ ”བཙུགས་ནས་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་མུ་མཐུད་ཐོབ་པ་བྱེད་པ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཁོ་པའི་ཆབ་སྲིད་ཀྱི་ལྐོག་གཡོ་མུ་མཐུད་སྒྲུབ་སྙམ་པ་དེ་རེད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ནུབ་ཕྱོགས་རྒྱལ་ཁབ་ལ་ཕྱོགས་མྱུལ་ངན་འབྲེལ་བྱེད་པའི་ལྐོག་གཡོ་གཞན་ཞིག་ནི “ཡུལ་གྱར་སྲིད་གཞུང ”ཟེར་བའི་འགོ་པ་གསར་པར་བྱ་སྤྱོད་ཀྱི་ཇུས་གཞི་དང་ཤོད་སྟངས “བཟོ་རྒྱུ་དེ་རེད ”སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་དང “ཐུག་འཕྲད ”བྱེད་པ་དང “སྨོན་ལམ ”ཚོགས་ཡུལ་གང་ཞིག་ཡིན་ཡང་ཁོ་པས་གང་སར་ཆབ་སྲིད་ཀྱི་ནང་དོན་བསྲེས་རྒྱུ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་དམའ་འབེབས་གཏོང་རྒྱུ་མི་བརྗེད་པ་བྱེད་ཀྱི་ཡོད། ཏཱ་ལས་སེམས་ཤུགས་ཡོད་ཚད་འདོན་པ་དང་གང་བྱུང་དུ་ཤོད་པ་དེ་ནི་རེ་ཐག་ཆད་པའི་ཁོ་པའི་རུ་ཚོགས་ཆུང་ཆུང་དེར་ངར་ཤུགས་སློང་བ་དང་ཤུགས་རྒྱག་རྒྱུ་དེ་ཡིན་པ་དང་དུས་མཚུངས “བཀའ་བློན་ཁྲི་པར ”“རྡོ་དོན ”འདོན་རྒྱུ་དེ་ཡིན།

        ཏཱ་ལའི་སྐད་ཆའི་མཇུག་མ་རྫོགས་པར་བློ་བཟང་སེང་གེས་དེ་དོན་ཤེས་པ་ལྟར་སྨྱོ་ཧམ་ཆེན་པོས “བོད་ཆེན་པོ ”དང “ཚད་མཐོའི་རང་སྐྱོང ”ཟེར་བའི་སྐོར་ཀྲུང་དབྱང་སྲིད་གཞུང་དང “གྲོས་མོལ ”བྱ་རྒྱུ་སྟེ། “ངའི་ཆབ་སྲིད་ཀྱི་ལྟ་བ་ནི་དབུ་མའི་ལམ་ཡིན ”ཞིང་། “ལོ་རྒྱུས་ཐོག་བོད་ནི་དངོས་འབྲེལ་རང་བཙན་གྱི་རྒྱལ་ཁབ་ཅིག་རེད ”“‘བོད་རང་བཙན ’ནི་རྩ་དོན་གྱི་དམིགས་ཚད་ཅིག་ཡིན་པ་དང ‘བོད་རང་སྐྱོང ’ནི་དངོས་ཡོད་ཀྱི་དམིགས་ཚད་ཅིག་ཡིན ”ཟེར་སྐད་ཅོར་བརྒྱབ་ཀྱི་ཡོད།

        བློ་བཟང་སེང་གེས་ཕུང་དཀྲུག་སློང་མཁན་ཨ་ཙ་ར་ལྟར་སྐྱུག་བྲོ་བའི་འཁྲབ་སྟོན་དེ་ཐོག་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི “བསམ་ཚུལ ”རྦད་དེ་དམར་རྗེན་དུ་བཏོན་ཡོད།

        གཏན་འཁེལ་བྱེད་ཐུབ་པ་ཞིག་ནི་ཆོས་གོས་གྱོན་པ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་གར་སྟེགས་ཐོག་དུས་རབས་ཕྱེད་ཀ་ལྷག་ཙམ་རིང “མི་སྣ་གཙོ་བོ ”འཁྲབ་མཁན་སྲིད་ཚོང་པ་དེའི “ཆབ་སྲིད་ཀྱི་རྒན་ཡོལ ”ཟེར་བ་དེ་ནི་ཆབ་སྲིད་ཀྱི་སྐྱུག་བྲོ་བའི་ཟློས་གར་ཞིག་རང་རེད། ཕྱོགས་མྱུལ་ངན་འབྲེལ་བྱེད་སྐབས་ཁོ་པས “གྲོགས་པོ་ཪྙིང་པ ”དང་ཡུལ་གྱར་སྲིད་གཞུང་རྫུས་མའི་འགོ་པ་གསར་པ་ཚོར “ཕྲན་གྱིས་ཆོས་སྲིད་ཀྱི་སྤྱི་དམངས་བྱ་བ་ནམ་ཡང་འདོར་མི་སྲིད་པར་བོད་ཀྱི་དྲང་བདེན་བྱ་གཞག་ནང་མུ་མཐུད་ཞུགས་སྲིད ”“གལ་སྲིད་འགོ་ཁྲིད་གསར་པར་རོགས་པ་མཁོ་ཚེ་ཕྲན་གྱིས་འཕྲལ་དུ་རོགས་པ་ཞུས་ཆོག ”ཟེར་བ་སོགས་ཡང་ཡང་དྲན་སྐུལ་བྱེད་ཅིང་། ཁོ་པས་ཇུས་ངན་ཞིབ་ཚགས་བཤམས་པའི “མི་མངོན་པའི་བརྗོད་གཏམ ”དེ་དག་ཁ་ཕྲལ་རུ་ཚོགས་ནང་ཁུལ་དུ་གོ་མི་སྲིད་པ་ག་ལ་སྲིད། དེ་ལྟར་ཏཱ་ལས་སྐད་ཅོར་བརྒྱབ་མ་ཐག་ཡུལ་གྱར་སྲིད་གཞུང་རྫུས་མའི “གྲོས་མི ”དང “ཨ་རིར་བཅའ་སྡོད་སྐུ་ཚབ་ཀྱིས ”དེ་དང་བསྟུན་ནས “ཏཱ་ལའི་བླ་མ་སྐུ་འཚོ་ཞུགས་སྐབས་ཁོང་གིས་བཀོད་པ་གནང་བ་ལོས་ཡིན ”“ཏཱ་ལའི་བླ་མ་རྒན་ཡོལ་ཞུས་རྗེས་ཀྱི་འགོ་ཁྲིད་ཀྱི་ནུས་པ་དེ་བོད་མི་དམངས་ཀྱི་ངོས་ནས་བརྗོད་ན་འགྱུར་ལྡོག་ཡོང་མི་སྲིད ”ཅེས་བཤད་ཅིང་། བློ་བཟང་སེང་གེས་ཀྱང “ང་ཚོའི་འཐབ་རྩོད་ནང་ཏཱ་ལའི་བླ་མ་ཞལ་བྲལ་མི་སྲིད ”ཅེས་རྣམ་འགྱུར་བསྟན་ཏེ་བཤད་པ་རེད།

        “ཆོས་སྤེལ་རྒྱུར ”ཁ་གཡར་ནས་རྒྱུ་དངུལ་བསྡུ་ལེན་བྱེད་པ་དང་ཤི་ཁའི་དབུགས་གསོ་ཐབས་བྱེད་པ་དེ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཕྱོགས་མྱུལ་ངན་འབྲེལ་བྱེད་པའི་དམིགས་ཡུལ་གྱི་གྲས་ཤིག་ཡིན་པ་སྨོས་མེད་རེད། ཁོ་པས་མོའར་པུན་གྱི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པའི “གསུང་ཆོས་སྨོན་ལམ ”གྱི་སྒོ་འཛིན་ཨོ་སི་ཁྲུ་ལི་ཡའི་སྒོར་192ནས་721བར་བྱེད་པ་དང་པར་ཞིག་རྒྱག་པ་ཡང་ཨོ་སི་ཁྲུ་ལི་ཡའི་སྒོར་5000ལེན་པ་དང་ཨ་རིར་འཚོགས་པའི “སྨོན་ལམ ”གྱི་ཡོང་འབབ་ཨ་སྒོར་ཁྲི་599ཟིན་ཡོད་པ་སོགས་རེད། ཨ་རིར་ཏཱ་ལས “ཀྲུང་གོར་ཪྙོག་དྲ་བཟོ་གི་ཡིན ”ཞེས་ཡོངས་བསྒྲགས་ངང་སྐད་ཅོར་བརྒྱབ་པ་དེ་ཐོག་ནས་ཁོ་པའི་ཆབ་སྲིད་ཀྱི་མ་རུང་ཁོག་བཅུག་གི་ཇུས་ངན་མ་དྲིས་རང་བཤད་ངང་དམར་རྗེན་དུ་མངོན་ཡོད། རི་རྒྱལ་ལྷུན་པོར་སྦྲང་མའི་གཤོག་ལྕག་གཞུ་བ་ལྟར་ཁོ་པས་ཧེ་སེན་ཀྲོའུ་རུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པའི་ཉིན་དེར་འཇར་མན་གྱི 《ཧྥ་ལན་ཁེ་ཕུའི་གསར་འགྱུར་ཚགས་པར 》ཐོག་རྩོམ་པ་པོ་ཐང་མུའུ ·ཁ་ཨན་ལ་ཆེད་དོན་བཅར་འདྲི་བྱས་པའི་གནས་ཚུལ་བཀོད་དེ “ཏཱ་ལ་མེད་པའི་བོད་དེ་བས་ཡག་པ་ཡོད་པ་མ་ཡིན་ནམ ”ཅེས་རྣག་ཐོག་གཙག་འཁེལ་གྱི་སྒོ་ནས་བསྟན་ཡོད་པ་རེད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས “ཆོས་ལུགས་ཁོ་ནའི་བྱེད་སྒོར ”ཁ་གཡར་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་དོན་དངོས་སྤེལ་བ་དེས་མཐའ་མ་རང་ཉིད་ལ “ཪྙོག་དྲ ”བཟོ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།