དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འགན་འཁྲི་ཁ་གསལ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུའི་ཐོག་མིག་སྔའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་

        གཏུགས་ཀྱི་བླང་བྱ་ཞིག་རེད། ང་ཚོས་ངེས་པར་དུ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། འབད་འབུངས་ཧུར་ལེན། བྱ་ཐབས་ཞིབ་ཕྲ། སྒྲིག་འཛུགས་ཚགས་དམ་པོ་བཅས་ཀྱི་ཐོག་ནས་བོད་ཀྱི་རྒྱུན་བསྲིང་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས།

        བརྟན་ལྷིང་ནི་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་ཡིན་ཞིང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས “བརྟན་ལྷིང་མེད་ཚེ་ལས་དོན་གང་རུང་ཞིག་ཀྱང་འགྲུབ་མི་ཐུབ་ལ་ཐོབ་ཟིན་པའི་གྲུབ་འབྲས་ཀྱང་ཕན་མེད་དུ་འགྱུར་སྲིད ”ཅེས་མཛུབ་སྟོན་གནང་ཡོད།

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཚུན་ནི་བོད་ཀྱི་སྤྱི་ཚོགས་དུས་བབ་བལྟོས་བཅས་ཀྱི་བརྟན་ལྷིང་ཡིན་པའི་དུས་སྐབས་ཤིག་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བའི་དུས་སྐབས་ཤིག་ཀྱང་རེད། དེ་ལས་ལྡོག་ཏེ་སྤྱི་ཚོགས་དུས་བབ་ཟང་ཟིང་ཡིན་ཚེ་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བ་མ་ཟད་ཐ་ན་མདུན་སྐྱོད་ཀྱང་ཐུབ་མི་སྲིད། ལག་ལེན་གྱི་ཉམས་མྱོང་ལས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་ཡིན་པས་བརྟན་ལྷིང་མེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཁྲོད་ཐམས་ཅད་གླེང་ཐབས་བྲལ།

        མིག་སྔར་རང་ལྗོངས་ཀྱི་བརྟན་ལྷིང་གི་དུས་བབ་སྤྱི་ཡོངས་ཆ་ནས་ཡག་པོ་ཡོད་པ་དང་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས་བྱེད་བཞིན་ཡོད་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་མཐུན་སྦྱོར་བརྟན་ལྷིང་ཡོད་ནའང་དེ་དང་དུས་མཚུངས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་རང་རྒྱལ་ནུབ་ཕྱོགས་ཅན་དུ་སྒྱུར་བ་དང་ཁ་བྲལ་དུ་གཏོང་རྒྱུའི་ལྐོག་ཇུས་འདིང་མཚམས་གཏན་ནས་བཞག་མེད་ལ་ཏཱ་ལའི་རུ་ཚོགས་ཀྱིས “བོད་རང་བཙན ”ཡོང་རེ་བྱེད་པའི་ཁ་ཕྲལ་བྱེད་སྤྱོད་ཀྱང་འཚམས་འཇོག་གཏན་ནས་བྱེད་མྱོང་མེད་པ་ང་ཚོས་རིག་པ་དྭངས་གསལ་གྱི་ཐོག་ནས་ངོས་འཛིན་ཐུབ་པ་བྱས་ཏེ་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། རྣོ་ངར་ཆེ་བ། ཪྙོག་འཛིང་བཅས་ཡིན་པ་མ་ཟད་སྐབས་རེ་ཐ་ན་ཧ་ཅང་ཛ་དྲོག་པོའང་ཡོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་ལ་ང་ཚོས་འཐབ་རྩོད་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་མཐོ་ཚད་ཐོག་ནས་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ངོས་འཛིན་གཅིག་གྱུར། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་ཡོང་བ་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམ་པོར་བརྟེན་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་ལྐོག་ཇུས་ཐམས་ཅད་རྦད་དེ་ཐལ་བའི་རྡུལ་དུ་བརླགས་དགོས། གནས་ཚུལ་གསར་པའི་མདུན་དུ་གནོན་ཤུགས་ཆེ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གྱིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྒྱུབ་དགོས་ངེས་ཀྱི་ལས་འགན་ཞིག་དང་འགན་འཁྲི་ཨང་དང་པོར་བརྩིས་ཐོག་བདེ་འཇགས་ཀྱི་འདུ་ཤེས་དང་། བརྟན་ལྷིང་གི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཟབ་ཏུ་ཤུགས་ཆེར་གཏོང་བ་དང་། བག་མེད་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་སེལ་བ། བརྟན་ལྷིང་སྲུང་སྐྱོང་གི་རྩ་དོན་དེ་དུས་གཏན་དུ་དམ་པོར་འཛིན་པ། འགན་འཁྲི་ཁ་གསལ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

        འགན་འཁྲི་གསལ་བཟོ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཧུར་ཐག་བྱེད་པར་གཅིག་ནས་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་འགོ་ཁྲིད་ལས་བྱེད་པར་བཏོན་པའི་རྩ་བའི་བླང་བྱ་རེད། བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཡོངས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ངེས་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནས་འགོ་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་སྟེང་དུ་ཁུར་ནས་རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ་དང་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱས་ཏེ་རིམ་པ་གཅིག་མཚུངས་མཐའ་དག་དང་གོང་ནས་འོག་བར་ཚང་མར་ཁྱབ་པའི་བརྟན་ལྷིང་སྲུང་སྐྱོང་ཁག་བགོས་འགན་གཙང་གི་འགན་འཁྲིའི་ལམ་ལུགས་བཟོས་ཏེ་ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བྱེད་དགོས། གཉིས་ནས་ལས་འགན་གསལ་བཟོ་བྱེད་དགོས་པ། ལས་འགན་གསལ་བཟོ་བྱས་ཚེ་གཞི་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་ཐབས་ལམ་ཁོང་དུ་ཡག་པོ་ཆུད་ཐུབ། གཙོ་གནད་ས་ཁོངས་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ཁུལ་བཅས་ཀྱི་བདེ་འཇགས་བརྟན་ལྷིང་ལས་འགན་དེ་རིམ་པ་བཞིན་གསལ་བཤད་བྱས་ཏེ་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ་དང་མི་དང་། ལས་གནས། ཁུལ་བཅས་སུ་དོན་འཁྱོལ་བྱས་ཐོག་ཤེས་རྟོགས་མི་ཐུབ་ས་མེད་པ་དང་དོན་འཁྱོལ་མི་ཐུབ་ས་མེད་པའི་འགན་ལེན་གྱིས་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་ཡོངས་སུ་ཁྱབ་པ་དང་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ནས་ངེས་པར་དུ་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས། གསུམ་ནས་བྱེད་ཐབས་ཤུགས་ཆེར་གཏོང་དགོས་པ། བྱེད་ཐབས་ཤུགས་ཆེར་གཏོང་བ་དང་དངོས་བརྩོན་དངོས་སྒྲུབ་བྱས་ཚེ་གཞི་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དངོས་སུ་དོན་ཐོག་ཏུ་འཁྱོལ་ཐུབ། མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་གྱིས་འཕྲལ་སྒྲུབ་སྔོན་ཇུས་འཐུས་ཚང་དུ་བཏང་ནས་སྔ་ཙམ་དང་ཆུང་ས་ནས་དམ་འཛིན་བྱ་རྒྱུར་གཞི་ཚུགས་ཏེ་གནད་དོན་ཐོན་བཟོ་ཡོད་ཚེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཤོད་པ། འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་པ་བཅས་བྱས་ཐོག་མངོན་མེད་རྐྱེན་ངན་དེ་འཕྲལ་མ་ཉིད་དུ་ཚོད་འཛིན་དང་ཐོན་མ་ཐག་མེད་པ་བཟོ་དགོས། བཞི་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་ལྷུ་ཚིགས་ཡིན། ཏང་དང་། སྲིད། དམག ཉེན། དམངས་བཅས་ཀྱི་མཉམ་སྲུང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འཕྲལ་སྒྲུབ་ཐག་གཅོད་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་རིགས་ཁག་གི་སྤྱི་ཚོགས་འགལ་ཟླ་འོས་འཚམ་ངང་ཐག་གཅོད་བྱེད་དགོས། ལྷག་པར་དུ་མི་དམངས་ནང་ངོས་ཀྱི་འགལ་ཟླ་འདུམ་སྒྲིག་དང་སེལ་ཤུགས་ཆེ་རུ་བཏང་ནས་དགྲར་འཛིན་ཕྱོགས་གཏོགས་ལ་གོ་སྐབས་གང་ཡང་མི་སྤྲོད་པ་དང་ཕྱི་ཕྱོགས་ཀྱི་སིམ་འཛུལ་གཏོར་བཤིག་བྱེད་སྤྱོད་དང་ལྷག་པར་དུ་ཏཱ་ལའི་རུ་ཚོགས་ཀྱི་གཏོར་བཤིག་བྱེད་སྤྱོད་ལ་མཐའ་གཅིག་ཏུ་དོགས་ཟོན་དང་རྡུང་རྡེག་བཏང་ཐོག་སྤྱི་ཚོགས་ཁྱོན་ཡོངས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།