དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱི་ཚོགས་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་། ཚན་རྩལ་གྱི་གྲུབ་འབྲས་རིམ་བཞིན་མངོན་པ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱུན་ཆད་མེད་པར་ཐེབས་པ། ལས་ཞུགས་དུས་བབ་རྒྱུན་བསྲིང་ལ་བརྟན་པ། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་རིམ་བཞིན་རྒྱ་ཆེར་འགྲོ་བ་བཅས་ལྗོངས་ཡོངས་སུ་དར་རྒྱས་གོང་འཕེལ་འགྲོ་བའི་མི་རྣམས་དགའ་འོས་པའི་རྣམ་པ་ཐོན་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

        དུང་བརྡ་གསར་པ་བཏང་བ་དང་འཕེལ་རིམ་གསར་པར་སྐྱོད་འགོ་ཚུགས། རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ཀྱི་མདུན་དུ་ང་ཚོས་དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྤོབས་པ་དང་དངངས་འཚབ་མི་བྱེད་པར་ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས།

        སྤྱི་ཚོགས་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར “ལོ་ཚན་ལྔ་བཅུ་གཉིས་པའི ”འཆར་གཞིའི་དམིགས་ཚད་སྒྲུབ་པ་དང་རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།

        ང་ཚོས་གཙོ་གནད་མངོན་གསལ་ཡོང་བ་དང་གཏོང་ཆ་མང་དུ་བཏང་སྟེ་ནོར་ཤུགས་སྔར་ལས་མང་བ་ཞིག་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ལ་གཏོང་བ་དང་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེ་དོན་འཁྱོལ་གྱིས་སྲིད་ཇུས་ཀྱི་མ་དངུལ་སྔར་ལས་མང་བ་ཞིག་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་མཚམས་ཐག་རིང་ས་ཁུལ་ལ་གཟིགས་སྐྱོང་བྱ་རྒྱུར་གཏོང་བ་དང་རྩ་བའི་སྤྱི་པའི་ཞབས་ཞུ་འདྲ་མཚུངས་ཅན་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་དུ་འཇུག་དགོས།

        སྤྱི་ཚོགས་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་དུ་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སྐད་གཉིས་བུ་བཅོལ་ཁང་134སྐྲུན་མགྱོགས་སུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་དང་ཉལ་ཁང་གི་བདེ་འཇགས་ལས་གྲྭ་དང་སློབ་གྲྭ་འབྲིང་ཆུང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་མུ་མཐུད་བྱེད་པ་དང་དམིགས་བསལ་སློབ་གསོ་དང་མཐོ་རིམ་སློབ་གསོའི་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭ་291གི་Dརིམ་པའི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་ཏེ་གཞི་རྩའི་ཆ་གཉིས་ཀྱི་རྒྱལ་ཁབ་ཀྱི་ཞིབ་བཤེར་བདེ་བླག་ངང་བྱེད་ཐུབ་རྒྱུའི་འགན་ལེན་བཅས་བྱེད་དགོས། རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ལྟེ་བའི་ཤང (གྲོང་རྡལ )འཕྲོད་བསྟེན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་འགྲུབ་ཡོང་རྒྱུའི་བརྩོན་ལེན་བྱེད་པ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་དོ་དམ་དང་འཁོར་སྐྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་གསར་སྐྲུན་ལས་འགན་བསྒྲུབ་ནས་གྲོང་ཚོ་གཅིག་ལ་འཕྲོད་བསྟེན་ཁང་གཅིག་བསྐྲུན་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཤང་གྲོང་དང་། སྲིད་འཛིན་གྲོང་ཚོ། སྡེ་ཁུལ་གྱི་རིག་གནས་ཁང་དང་ས་ཚིགས། ས་ཁུལ་དང་གྲོང་ཁྱེར་གྱི་ཁང་གསུམ། རྫོང་རིམ་པའི་ཤིན་ཧྭ་དཔེ་ཚོང་ཁང་། ཞིང་དུད་དང་། སྡེ་ཁུལ། དགོན་སྡེ་བཅས་ཀྱི་དཔེ་དེབ་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ཤིན་འདུ་འགོད་དང་གྲོང་ཚོ་ཚང་མར་རླུང་འཕྲིན་དང་བཪྙན་འཕྲིན་ཤར་གཏོང་ཐུབ་པ། གྲོང་གསེབ་ཏུ་གློག་བཪྙན་སྟོན་པ། དགོན་སྡེར་རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་པ་བྱེད་པ་བཅས་ཀྱི་ལས་གྲྭ་བརྟན་པོའི་ངང་གཉེར་དགོས། ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ལྟེ་གནས། མཐོ་རིམ་སློབ་གླིང་གི་ཚན་རྩལ་ལས་སྟེགས། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བཅས་གཙོ་གནད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་ལྡུམ་ར་དང་། དཔེ་སྟོན་རྟེན་གཞི། ཁེ་ལས་འབྲིང་ཆུང་གི་གསར་གཏོད་ཞབས་ཞུའི་ལས་སྟེགས། ཚན་རྩལ་གསོ་སྦྱོང་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་ཞིབ་འཇུག་འཕེལ་རྒྱས་དང་གྲུབ་འབྲས་གཞན་འགྱུར་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་ལས་ཞུགས་ལ་སྔར་བས་སྐུལ་མ་གཏོང་བ་དང་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་དེ་འགངས་ཆེར་བརྩི་བ་དང་དམག་ཁོངས་ནས་ཕྱིར་ལོག་དང་ལས་སྒྱུར་བྱས་པའི་དམག་མི་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་གྱི་ལས་ཞུགས་ལས་ཀ་ཡག་པོ་བྱས་ཏེ་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་2.1ཡན་འཕར་བ་བྱ་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས། མི་འདང་སར་ཁ་གསབ་རྒྱག་རྒྱུ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་དང་བབ་བསྟུན་ལས་ཞུགས་མི་སྣ་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བརྩིས་ཏེ་སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ཚོད་ལྟ་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལས་ཀར་སྐུལ་འདེད་བརྟན་པོ་གཏོང་དགོས། ཁང་གླ་ཁེ་བའི་ཁང་པ་དང་། སྤྱི་པའི་བོགས་གཏོང་ཁང་པ། ལས་བཟོའི་ཚོང་སྒྱུར་ཁང་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཞན་ཁུལ་བཅས་སྒྱུར་བཀོད་དང་གཞུང་ཁོངས་ལས་ཡུལ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་སོགས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་སྡོད་ཁང་ཆ་ཚང་ཁྲི་1.58འཕར་མ་རྒྱག་རྒྱུའི་འགན་ལེན་ཁང་པ་བསྐྲུན་ཐུབ་པ་བྱེད་དགོས།

        སྤྱི་ཚོགས་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་སྤྱི་ཚོགས་ཀྱི་སྐྱོབ་རོགས་དང་ཕན་བདེའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས། འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བསྙེན་བཀུར་གྱི་ཚད་གཞི་དང་གཅིག་སྡུད་བསྙེན་བཀུར་བྱེད་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཕན་བདེའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་ལ་དམ་འཛིན་ལེགས་པར་བྱས་ཏེ་དྭ་ཕྲུག་དང་། རྒན་རྒོན། དབང་པོ་སྐྱོན་ཅན། ཕྲུ་གུ་དམར་འབྱར་སོགས་དམིགས་བསལ་ཚོགས་སྤྱིའི་ཕན་བདེའི་འགན་ལེན་ཆུ་ཚད་དངོས་འབྲེལ་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་གེགས་སེལ་དངོས་པོའི་གྲབས་གསོག་མཛོད་སྐྲུན་ཚད་མགྱོགས་སུ་བཏང་སྟེ་གེགས་སེལ་གྲབས་གསོག་ནུས་པ་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།