དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ནས་སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        2011ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་བྱ་སྤྱོད —བོད་ཀྱི་བྱ་སྤྱོད་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་ནི་རང་ལྗོངས་སུ་བྱེད་སྒོ་དེ་སྤེལ་བའི་ལོ་བརྒྱད་པ་དེ་ཡིན་ཞིང་། ལོ་མང་རིང་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད —བོད་ཀྱི་བྱ་སྤྱོད་བྱེད་སྒོ་དེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་མ་གཏོང་བ། དམངས་འཚོ་འགན་ལེན་བྱས་པ་ནས་འགོ་ཚུགས་ཏེ་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལུགས་ལྟ་སྐུལ་དང་། སྨྱན་སྦྱོར་གླེང་ཕྱོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་སྤྱི་དམངས་ལྟ་སྐུལ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་དང་འཕྲིན་སྤེལ་རྒྱ་ཁྱབ་དང་གཏིང་ཟབ་བྱས་པ་བརྒྱུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཧུར་བརྩོན་ཆེན་པོས་དར་སྤེལ་གཏོང་བ་དང་། སྣོད་བཅུད་བཟང་བའི་ཤེས་དཔལ་སྲོལ་གཏོད་བྱེད་པ། གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་རང་ལྗོངས་ཀྱི་སྣོད་བཅུད་བཟང་བའི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་རྣམ་པ་ཞིག་དང་གཞི་རྟེན་ཞིག་ཏུ་གྱུར་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་ཡོད།

        ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལྷག་དོན་དུ 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད 》ལ་ཆོག་མཆན་ཐོབ་ནས་ལག་ལེན་བསྟར་ཚུན་རིགས་ཆེ་གྲས་གསུམ་གྱི་ལས་གྲྭའི་རྣམ་གྲངས་བཅུ་གཉེར་བར་མ་དངུལ་སྒོར་དུང་ཕྱུར་25.3ལྷག་ཙམ་དོན་འཁྱོལ་བྱས་ནས་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད 》ལ་ཆོག་མཆན་ཐོབ་ནས་ལག་ལེན་བསྟར་བ་དེ་ཐོག་ནས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་འདོད་བློ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་འཕར་བྱུང་སྟེ་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དེ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ། གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། བོད་ཀྱི་རང་བྱུང་ཆ་རྐྱེན་ཞན་པ་དང་། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་སླ་བ། སྣོད་བཅུད་མ་ལག་ལ་གཏོར་བཤིག་ཕོག་སླ་བ་མ་ཟད་བསྐྱར་གསོ་ཡོང་དཀའ་བ་བཅས་ཀྱིས་རྐྱེན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་ལ་མུ་མཐུད་སྲུང་སྐྱོབ་བྱེད་པ་དང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ན་གཞི་ནས་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་བྱུང་ནས་རང་ལྗོངས་སྔར་ལས་ལེགས་པ་དང་། སྔར་ལས་མྱུར་བ། སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་གི་སྲུང་སྐྱོང་མཁོ་འདོན་བྱེད་ཐུབ།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ད་ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད —བོད་ཀྱི་བྱ་སྤྱོད་བྱེད་སྒོའི་བརྗོད་བྱ་གཙོ་བོ་དེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ནས་སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་པར་གཏན་འཁེལ་བྱས་པ་དེས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་ལ་ཁོར་ཡུག་སྲུང་སྐྱོང་གི་རྩ་བའི་རྒྱལ་ཇུས་དྲིལ་བསྒྲགས་བྱེད་པ་དང་ཁོར་ཡུག་བཟང་བའི་ཤེས་དཔལ་འཛུགས་སྐྱོང་ལ་བསྐུལ་འདེད་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་དང་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་ཅིག་ཡིན་པར་བརྟེན་འབྲེལ་ཡོད་སྡེ་ཚན་ཁག་གིས་བྱེད་སྒོའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་རྩ་བའི་རྒྱལ་ཇུས་དང་རྒྱུན་བསྲིང་འཕེལ་རྒྱས་གཏོང་ཐུབ་པའི་འཐབ་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་བྱེད་སྒོའི་དམིགས་བཀར་རང་བཞིན་དང་དངོས་ཕན་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་དང་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་ཕན་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་ཐོན་ཁུངས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཁོར་ཡུག་ཐོན་ཁུངས་ཀྱི་གླེང་ཕྱོགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་དང་ཁོར་ཡུག་ཐོན་ཁུངས་ཀྱི་གལ་ཆེའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཁོར་ཡུག་བཟང་པོར་བརྟེན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྣོད་བཅུད་བཟང་བའི་བོད་ཅིག་མངོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།