དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མ་འཇོག་དང་རྣམ་གྲངས་ཀྱིས་སྔར་ནས་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་གལ་ཆེའི་ནུས་པ་བཏོན་ཡོད། ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་བརྡ་ཁྱབ་གཏོང་བའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྔར་བས་སྐུལ་མ་མགྱོགས་པོ་གཏོང་བ་དང་། ཞིབ་མཆན་འགོད་པ་དང་མ་འཇོག་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་སྔར་བས་ནན་བཤད་བྱས་ཡོད། ང་ཚོས་ངེས་པར་དུ་མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ངར་ཤུགས་ཆེར་བསྐྱེད་ཀྱི་སྒོ་ནས་ལས་དོན་དེ་དམ་འཛིན་ཡག་པོ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་རྒྱུའི་འགན་ལེན་བྱེད་དགོས།

        མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ངེས་པར་དུ་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དང་ཞིབ་མཆན་དོན་འཁྱོལ་ཡོང་བ་དམ་འཛིན་ནན་པོ་བྱེད་དགོས།

        འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་འཛུགས་པའི་ལོ་ཞིག་ཡིན་པ་དང་འདི་ལོའི་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུ་དེས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པ ”དང “ལོ་ལྔ་ཚན་བཅུ་གཉིས་པའི ”མ་འཇོག་དང་རྣམ་གྲངས་བར་བརྒལ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཡོང་བར་འགན་ལེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར། བརྟན་པོ་བཅས་ཀྱི་སྒོ་ནས་འཕར་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་མ་འཇོག་དེ “ལོ་ལྔ་ཚན་བཅུ་གཅིག་པའི ”ལྡབ་2.5ཟིན་རྒྱུ་དང་རྣམ་གྲངས་ཀྱི་གྲངས་ཚད་དང་མ་འཇོག་ཆེས་ཆེར་འཕར་སྣོན་བྱུང་སྟེ་གོམ་སྟབས་རྗེས་མའི་ཞིབ་མཆན་དོན་འཁྱོལ་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དུས་འགོའི་ལས་ཀའི་འཆར་གཞིར་བསྡུར་བ་བྱས་ནས་དུས་འགོའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་ཁར་སྔོན་ཚུད་ཀྱི་ཞིབ་མཆན་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་དང་འདི་ལོ་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་ལ་ཞིབ་མཆན་འགོད་ཐུབ་པ་བྱས་ནས་ལོ་སྨད་དུ་རྣམ་གྲངས་ཁག་གཅིག་ལས་འགོ་རྩོམ་ཐུབ་པའི་འགན་ལེན་བྱེད་དགོས།

        མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ངེས་པར་དུ་མི་སྣ་ཧྲག་པོ་སྐོང་འཐེན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འཚོག་ཉེར་ཡོད་པའི་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་ཚོགས་འདུའི་བླང་བྱར་དམིགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་ཇུས་གཞི་ཁག་བགོས་ཞིབ་ཕྲ་དང་མ་འཇོག་བརྩོན་ལེན་དང་རྣམ་གྲངས་ཞིབ་མཆན་འགོད་པའི “མཉམ་སྒུལ་གཉིས ”ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རྣམ་གྲངས་ཁག་གང་མགྱོགས་དོན་འཁྱོལ་ཡོང་བར་སྐུལ་མ་ཏན་ཏིག་གཏོང་དགོས། རྣམ་གྲངས་གསེད་བཀྲོལ་བྱེད་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་འབྲེལ་གཏུགས་བྱས་ནས་རྣམ་གྲངས་འཆར་འགོད་བྱ་རྒྱུ་ཐུན་མོང་ཐོག་འཐུས་ཚང་དུ་གཏོང་དགོས་པ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་རིང་རང་སྐྱོང་ལྗོངས་ཀྱིས་བཀོད་སྒྲིག་བྱས་པའི་རྣམ་གྲངས་ཀྱི་དུས་འགོའི་ལས་ཀའི་འཆར་གཞི་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཞིབ་འཇུག་བྱེད་འཐུས་ཀྱི་སྙན་ཞུ་དང་། ས་འདེམས་འཆར་འགོད། ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག ས་ཆུ་སྲུང་འཛིན། ནུས་རྒྱུ་གྲོན་ཆུང་གི་དཔྱད་དཔོག་སོགས་སྔོན་ཚུད་ཀྱི་ཞིབ་བཤེར་ཞིབ་མཆན་བརྒྱུད་རིམ་ཁག་དུས་ཐོག་ཏུ་སྤུས་ཚད་ལེགས་པོའི་ངང་ལེགས་སྒྲུབ་བྱེད་དགོས་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ལ་རྣམ་གྲངས་གནས་ཚུལ་སྙན་སེང་ཞུ་སྐབས་རང་འགུལ་ངང་རྒྱལ་ཁབ་ཀྱི་ཁ་གཏད་པུའུ་ཨུད་དང་འབྲེལ་གཏུགས་ཧུར་ཐག་བྱས་ཏེ་ཞིབ་མཆན་འགོད་པ་དང་ཆ་འཕྲིན་འབྲེལ་མཐུད་བྱ་རྒྱུ་དུས་ཐོག་ཏུ་ཚུར་ལན་བྱེད་དགོས་པ། དོན་དངོས་ལས་དོན་ཁྲོད་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྱང་ཕན་ཚུན་ཆ་འཕྲིན་གསང་པོ་ཡོང་བ་དང་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་བྱས་ནས་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་མ་འཇོག་དོན་འཁྱོལ་ལས་དོན་ལ་ཐུན་མོང་ཐོག་སྐུལ་མ་གཏོང་དགོས།

        མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ངེས་པར་དུ་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་ལས་ཕྱོད་ཆེར་གཏོང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཞིབ་མཆན་འགོད་པ་མ་ཟད་དོན་འཁྱོལ་བྱུང་བའི་མ་འཇོག་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་དམ་འཛིན་བྱས་ཏེ་དུས་ཐོག་ཏུ་མ་དངུལ་སྤྲོད་པ་དང་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་ནན་པོ་བྱེད་དགོས། ལས་འགོ་བཙུགས་ཟིན་པའི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ལོ་ཧྲིལ་པོའི་མ་འཇོག་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གིས་རང་ལྗོངས་ཀྱི་འཛུགས་སྐྲུན་ཁག་ལ་ས་གནས་ཀྱི་རྟ་སྒ་ཆ་སྒྲིག་གི་རྣམ་གྲངས་མེད་པ་བཟོ་བའི་གོ་སྐབས་དམ་འཛིན་བྱེད་ཁར་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དེ་དོན་འཁྱོལ་ཡོང་བའི་དམ་འཛིན་བྱེད་པ་མ་ཟད་རང་སྐྱོང་ལྗོངས་ཀྱིས་ས་ཁུལ་དང་རྫོང་ལ་བཏོན་པའི་རྟ་སྒ་ཆ་སྒྲིག་སྲིད་ཇུས་མེད་པ་བཟོ་རྒྱུའི་ཞིབ་འཇུག་བྱས་ཏེ་གང་མགྱོགས་མེད་པ་བཟོ་བ་དང་གང་མགྱོགས་དོན་འཁྱོལ་ཡོང་བའི་བརྩོན་ལེན་བྱེད་དགོས།

        ལོ་སྨད་ཀྱི་མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཧ་ཅང་ཆེ་ལ་གཟི་བརྗིད་ཀྱང་ཆེ་བས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་བརྡ་ཁྱབ་གཏོང་བའི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་ལོ་མཇུག་ཏུ་གྲུབ་འབྲས་ཡག་པོ་ཐོབ་པ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་ཕྱིར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།