དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        འགོ་ཡག་པོ་འཛུགས་རྒྱུ་ནི་གྲུབ་འབྲས་ཕྱེད་ཀ་ཐོབ་པ་དང་འདྲ། ལོ་སྟོད་ཀྱི་དགའ་འོས་པའི་གྲུབ་འབྲས་ཀྱིས་ང་ཚོས “ལོ་ལྔ་ཚན་བཅུ་གཉིས་པ ”ལས་འགོ་ཡག་པོ་འཛུགས་རྒྱུར་ས་ཞིང་བརྟན་པའི་རྨང་གཞི་ཞིག་བཏིང་ཡོད། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པས་ང་ཚོར་ལོ་སྨད་དང་དེ་བཞིན་སླད་ཕྱིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་། ཡིད་ཆེས་ཆེ་རུ་ཕྱིན་པ། འཐབ་སེམས་ལ་སྐུལ་ལྕག་ཐེབས་པ། སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བཅས་བྱུང་ཡོད།  

        ང་ཚོས་ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་བཏང་ནས་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་ཏན་ཏིག་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས།

        དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་དགོས་མཁོ་ཆེ་རུ་དང་མཁོ་སྤྲོད་འགན་ལེན་གྱི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཞིང་པའི་ཚོང་ཁང་1360བསྐྲུན་རྒྱུ་བརྩོན་ལེན་བྱེད་པ་དང “དྲ་གསར་འདུ་འགོད ”ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཁྱིམ་ལས་ཞབས་ཞུ་དང་། ཞོགས་ཟས་དཔེ་སྟོན། ཚད་ལྡན་ཅན་གྱི་ཚལ་ཁྲོམ་དཔེ་སྟོན། སླར་སྐྱེས་ཐོན་ཁུངས་བསྡུ་བའི་མ་ལག་འཛུགས་སྐྲུན་བཅས “འདུ་འགོད་ཆེན་པོ་བཞིར ”སྐུལ་འདེད་ཏན་ཏིག་གཏོང་དགོས།

        དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཁྱིམ་སྤྱོད་གློག་ཆས་དང་། འཛིན་ཆས། རླངས་འཁོར། སྦག་སྦག་བཅས་གཤམ་སྐྱེལ་དང་ཁྱིམ་སྤྱོད་གློག་ཆས་གསར་ཪྙིང་བརྗེ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་དང་རིན་གོང་ཐད་ཁ་གསབ་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྐྱོབ་གསོའི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

        དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཚོང་དོན་ཟོག་འགྲེམས་དང་། བཟའ་བཏུང་། རིག་གནས་ལུས་སྦྱོང་། སྡེ་ཁུལ་ཚོང་ལས། སྡོད་གནས་ཞབས་འདེགས། ཁྱིམ་ལས་སོགས་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཁྲོམ་རའི་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་སྤྲོ་འཆམ་དང་། སྡོད་ཁང་། རླངས་འཁོར་སོགས་འཛད་སྤྱོད་ཀྱི་ཚ་རླབས་མུ་མཐུད་འཕྱུར་བ་བྱེད་པ། ཏེན་ཚྭ་ཁྱབ་གདལ་དང་དེ་བཞིན་གྲུབ་འབྲས་བརྟན་དུ་བཏང་ནས་ཏེན་ཚྭ་མི་འདང་བའི་ནད་མེད་པ་བཟོ་བའི་རྒྱུན་མཐུད་རང་བཞིན་འགན་ལེན་བཅས་བྱེད་དགོས།

        དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ནོར་ཤུགས་ཞིང་འབྲོག་ཁུལ་གྱི་གཞི་རིམ་དུ་ཕྱོགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས།

        “མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་པའི ”འདུ་ཤེས་མཐའ་འཁྱོངས་དང་ལག་ལེན་བྱུང་བ་དང་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་ཐོབ་པ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱུང་ནས་ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོ་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་ལ། མུ་མཐུད་དམངས་སེམས་དང་དམངས་ཤུགས་གཅིག་སྒྲིལ་ཐུབ་ངེས་དང “ལོ་ལྔ་ཚན་བཅུ་གཉིས་པའི ”དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འབྲི་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།