དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། བོད་ཀྱི་ལོ་60རིང་གི་འཛུགས་སྐྲུན་གྲུབ་འབྲས་རླབས་ཆེན་དང་ལོ་60རིང་གི་འཕེལ་རྒྱས་ཀྱི་ཉམས་མྱོང་རྩ་ཆེན་ཚང་མའི་ཐོག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེཌ་སུ་གཏོང་རྒྱུ་དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་ར་སྤྲོད་གང་ལེཌ་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        ཏང་འཛུགས་སྐྱོང་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱེད་པར་ངེས་པར་དུ་ཏང་གི་བསམ་བློའི་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས། བསམ་བློའི་ཐོག་གི་རིག་པ་དྭངས་གསལ་ནི་ཆབ་སྲིད་ཐོག་བློ་བརྟན་འགྱུར་མེད་ཡོང་བ་བྱེད་པའི་སྔོན་འགྲོ་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཆབ་སྲིད་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བརྟན་པོ་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་སྔ་ཕྱི་བར་གསུམ་དུ་ལངས་པ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་བཅས་བྱེད་དགོས། དུས་མཚུངས་སུ་ཆབ་སྲིད་སློབ་སྦྱོང་བྱས་པ་བརྒྱུད་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་གི་ཁེ་ཕན་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡང་ཡིན་པས་ངེས་པར་དུ་ཡིན་མིན་ཆེན་པོ་དབྱེ་འབྱེད་གསལ་པོ་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་དང་བདེ་འཇགས་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་སྔ་ཕྱི་བར་གསུམ་དུ་ལངས་ཕྱོགས་གསལ་པོ་དང་། དར་ཆ་གསལ་སྟོན། བྱ་སྤྱོད་བློ་ཐག་ཆོད་པོ་བཅས་ཡོང་བ་བྱེད་དགོས།

        བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པར་ངེས་པར་དུ་ཏང་རྩ་འཛུགས་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ལས་བྱེད་པ་ནི་རང་ལྗོངས་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བ་བྱེད་པའི་སྲོག་ཤིང་སྟོབས་ཤུགས་ཡིན། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོར་བཟུང་བྱེད་པའི་མི་སྤྱོད་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། ལས་གནས་ཀྱི་འགན་འཁྲི་སྒྲུབ་པ་དང་། བྲེལ་དཀའ་ཉེན་ལྕིའི་ལས་འགན་ལེགས་གྲུབ་བྱེད་པ། འགག་རྩའི་སྐབས་སུ་མཚོན་པར་བྱེད་པ་སོགས་ཀྱི་ཐད་ནས་ལས་བྱེད་པའི་སྤྱོད་ཡོན་ལ་རྟོག་ཞིབ་བྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། ལས་ཀའི་གྲུབ་འབྲས་དངོས་མངོན་གསལ་དོད་པ། མང་ཚོགས་ཁྲོད་དུ་བསྔགས་བརྗོད་བྱེད་པ་དང་སྙན་གྲགས་ཆེ་བ། སྤྱོད་ཡོན་གཉིས་ཀའི་མཚོན་ཚུལ་མངོན་གསལ་དོད་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་རང་ལྗོངས་ཀྱི་རིམ་ཁག་འགོ་ཁྲིད་ཀྱི་ལས་གནས་ཐོག་གདམ་གསེས་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ལོ་དང་ཤེས་ཡོན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་ཞིབ་ཚགས་ངང་ལེགས་འདེམས་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་དེ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་མཁས་པ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཉམ་སྡེབ་ཅིག་ཏུ་འཛུགས་སྐྱོང་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་ཆབ་སྲིད་ཐོག་བློས་འཁེལ་བ་དང་། ལས་ཀའི་ཐོག་འཇོན་ཐང་ཡོད་པ། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་དགོས། དུས་བབ་ཀྱི་འཕོ་འགྱུར་དང་དུས་རབས་ཀྱི་བླང་བྱ་དང་འཚམས་པ་བྱེད་པ་དང་ལས་བྱེད་པའི་གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་ལས་བྱེད་པའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བོད་སྐྱོར་ལས་བྱེད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་ལས་བྱེད་པར་བོད་མི་དམངས་ལ་བྱ་བ་དངོས་མང་པོ་བསྒྲུབ་རྒྱུ་དང་དཀའ་ངལ་ཆེ་བའི་ཁོར་ཡུག་ཁྲོད་ཚོད་བགམ་ཐེག་ཐུབ་པ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་དགོས། “ཕྱོགས་བཞི་མཚམས་བརྒྱད ”དང “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པའི་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། མི་རིགས་གང་ཞིག་གི་ལས་བྱེད་པ་ཡིན་ཡང་ཚང་མ་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་བ། མི་རིགས་ཁག་གི་ལས་བྱེད་པའི་དབར་གྱི་མཐུན་སྒྲིལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སློབ་སྦྱོང་། དགེ་ལེན་སྐྱོན་སྤོང་། མཉམ་དུ་མཐོར་གཏོང་བཅས་བྱེད་དགོས།

        ཏང་འཛུགས་སྐྱོང་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱེད་པར་ངེས་པར་དུ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། རང་ལྗོངས་ཀྱི་མི་འབོར་མང་ཆེ་བ་ཞིང་འབྲོག་ཁུལ་དུ་ཡོད་པར་བརྟེན་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ངེས་པར་དུ་ཏང་འཛུགས་སྐྱོང་གི་གཙོ་གནད་དུ་བརྩི་དགོས། མིག་སྔར་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་འབྲེལ་རྒྱུན་གཏན་རང་བཞིན་གྱི་ལས་དོན་གཞན་དག་དང་ཟུང་འབྲེལ་བྱས་ནས་སྔོན་གཏོད་ལེགས་བརྩོན་གྱིས་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། སྤེལ་བཞིན་པའི་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོ་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་རྩ་འཛུགས་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་བྱེད་སྒོ་དེར་དེ་བས་ཆེ་བའི་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་། དོ་དམ་བྱེད་པ། ཞབས་འདེགས་ཞུ་བ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་རྩ་འཛུགས་ཀྱི་འཐབ་ནུས་དང་། གསར་གཏོད་ནུས་པ། གོང་བུ་སྒྲིལ་ཤུགས་བཅས་མཐོ་རུ་ཧུར་ཐག་གཏོང་དགོས།

        བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པར་ངེས་པར་དུ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། འགོ་ཁྲིད་ཀྱི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ་གྱི་གནད་དོན་དེ་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ། ཏང་གི་བྱ་གཞག་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། མིག་སྔར་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འཁེལ་བྱས་ཟིན་པས་འགག་རྩ་ནི་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུར་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ལས་བྱེད་པས་ཏང་གི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་སེར་ལ་ཕན་བདེ་སྐྲུན་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་ཀའི་འགན་འཁྲི་ཆེ་ཤོས་ལ་བརྩི་བ། མང་ཚོགས་དང་སྔ་ཕྱི་བར་གསུམ་དུ་འབྲེལ་བ་དམ་ཟབ་བྱས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་ཆད་མེད་པར་དར་སྤེལ་གཏོང་བ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱ་རྒྱུའི་གཙོ་གནད་དེ་གཞི་རིམ་འཐབ་ཕྱོགས་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་དོན་དངོས་དང་། གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་སྐྱོད་དེ་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་བཟོ་བ། ལས་དོན་སྒྲུབ་པ་བཅས་ཚང་མའི་ཐད་དམངས་སེམས་དམངས་འདོད་མཚོན་པ་བྱེད་དགོས། ནུས་ལྡན་གྱི་སྒྲིག་འཛུགས་བྱེད་སྟངས་དང་། ཞིབ་དཔྱོད་བྱེད་སྟངས། སྐུལ་མ་གཏོང་སྟངས་བཅས་སྤྱད་དེ་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལྷག་པར་དུ་མི་ཀུན་གྱིས་འགན་འཁུར་བ་དང་། རིམ་པ་བཞིན་འགན་འཁུར་བ། ལྷུ་ཚིགས་གཅིག་ལ་གཅིག་འབྲེལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ། སྤྱོད་གོ་ཆོད་པའི་ལས་ཀའི་འགན་འཁྲིའི་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲིའི་ལམ་ལུགས་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་འགན་འཁྲིའི་ལམ་ལུགས་ཀྱིས་ཕན་འབྲས་འགན་ལེན་བྱས་ནས་རིམ་པ་བཞིན་དམ་འཛིན་བྱེད་པ་དང་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཆགས་པ་བྱེད་དགོས། གུང་ཁྲན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཚང་མས་ཏང་གཤིས་ལ་སྣང་ཆེན་བྱེད་པ་དང་། ཀུན་སྤྱོད་ལ་དོ་སྣང་བྱེད་པ། མིག་དཔེ་བལྟ་ས་བཅས་བྱས་ནས་ཚུལ་ལྡན་གྱི་མི་ཞིག་བྱེད་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་གུང་ཁྲན་ཏང་མིའི་སྐྱེ་སྟོབས་་དཔལ་འབར་བ་དང་། དཔའ་ངར་ཆེ་ལ་ངར་ཤུགས་ལྡན་པ། གཞུང་སེམས་དྲང་ཞིང་སྤྱོད་ཚུལ་བཟང་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རེ་རེ་བཞིན་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་ཐུབ་པ་བྱེད་དགོས།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཆབས་ཅིག་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་མུ་མཐུད་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་གིས་ཏང་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་པ། དུས་བབ་གསར་པའི་འོག་གི་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་པ། ཏང་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།