དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འབད་འཐབ་ཀྱི་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་ཐུབ་པ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )ཚོགས་འདུ་ཐེངས་བརྒྱད་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་ཐུབ་པ་བྱས་ནས་2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་དམིགས་ཚད་ཅིག་ཡིན་ལ་ཏན་ཏིག་ངང་སྤེལ་དགོས་པའི་འདུ་འགོད་ཅིག་ཀྱང་ཡིན་ཞིང་། དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་དཀའ་ཚེགས་ཆེ་བའི་ལས་དོན་སྒྲུབ་པ་དང་འབད་བརྩོན་བྱེད་དགོས་ཀྱི་ཡོད།

        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཐོག་བཏོན་པའི་འབད་འཐབ་དམིགས་ཚད་ཅིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཐད་བླང་བྱ་གསར་པ་དང་ལས་འགན་གསར་པ་བཏོན་ནས་2020ལོར་སླེབས་སྐབས་མི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་2000ལོ་ལས་ལྡབ་གཉིས་འཕར་བ་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་སྔར་བས་གསལ་སྟོན་བྱས་ནས་2020ལོར་སླེབས་སྐབས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། བློ་མཐུན་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་ཞེས་མཛུབ་སྟོན་གནང་ཡོད། བོད་ཚུད་པའི་རྒྱལ་ཡོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་རང་རེའི་ཏང་གིས་གཏན་འཁེལ་གནང་བའི་2020ལོར་སླེབས་སྐབས་ངེས་པར་དུ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་སྔོན་གཏན་འཁེལ་བའི་དམིགས་ཚད་ཅིག་ཡིན་ཞིང་། དེའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་རེ་བ་ཟབ་མོ་ཚུད་ཡོད། མིག་སྔར་རང་ལྗོངས་འདི་ཉིད་སྔར་བཞིན་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ཞིག་ཡིན་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕེལ་རྒྱས་ཆུ་ཚད་དང་ཧེ་བག་ཅུང་ཆེན་པོ་ཡོད་པ་སྟེ་2010ལོར་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་60%ཙམ་ལས་ཟིན་གྱི་མེད་པ་དང་ཞིང་འབྲོག་པ་མི་རེའི་ཡོང་འབབ་ཁེ་གཙང་གིས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་69.9%ལས་ཟིན་གྱི་མེད། ཧེ་བག་ཆེན་པོ་དེ་འདྲ་དང་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་རྒྱལ་ཁབ་ཀྱིས་བོད་ལ་དམིགས་བསལ་གྱི་སྲིད་ཇུས་བཏོན་པ་དང་རྒྱབ་སྐྱོར་བྱས་ཡོད་པ་སྟེ་འདི་ལོའི་ཟླ་7ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིར 》ཆོག་མཆན་སྤྲད་པ་དང་དེའི་མཐའ་མཇུག་གི་ཤུགས་རྒྱག་གཞི་ནི་བོད་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་ཡིན། རྣམ་གྲངས་དེའི་འཆར་འགོད་ཇུས་གཞི་ནི་མིག་སྔའི་བོད་ཀྱི་མངོན་གསལ་དོད་ཤོས་དང་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་ལ་གཞིགས་པ་དང་དམངས་འཚོ་འགན་ལེན་དང་ལེགས་གཏོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་། སྤྱི་ཚོགས་དོ་དམ་བྱེད་ནུས་ཆེར་གཏོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཁག་226བཀོད་སྒྲིག་བྱས་ཡོད་པའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་ཡོད་པ་དང་། འཆར་འགོད་རྣམ་གྲངས་ཀྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3305ཟིན་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་མ་དངུལ་སྒོར་དུང་ཕྱུར་1931གཏོང་རྒྱུ་ཡིན་པའི་ནང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་1384གཏོང་རྒྱུ་ཡིན་པ་དེ་ནི་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ལྟ་ནས་བཟུང་གི་ལོ་བཅུའང་མེད་པའི་དུས་ཚོད་ནང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་དུས་ཚོད་ཧ་ཅང་གཏུགས་པ་དང་ལས་འགན་བལྟོས་བཅས་ཀྱིས་དཀའ་ཚེགས་ཆེ་བ་ཞིག་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཐོབ་པར་དཀའ་བའི་གོ་སྐབས་དེ་དམ་འཛིན་ནན་པོ་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་རྒྱུར་གཡོ་འགུལ་མི་ཐེབས་པ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པར ”གཞི་བཙུགས་ནས་རྨང་གཞི་འདིང་དགོས།

        བོད་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་ནི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་ཚད་ཅིག་ཡིན། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ནི་བརྗོད་བྱ་གཙོ་བོ་ཞིག་དང་། སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་གཞི་རྩའི་གནས་གཉིས། ཆེས་གཞི་རྩའི་བླང་བྱ་ཞིག མངོན་འགྱུར་ཡོང་བ་བྱེད་པའི་ལས་འགན་ཞིག་བཅས་ཡིན། དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན།

        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ང་ཚོས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་བྱེད་པ་དང་། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་རྒྱུས་གཙོ་བོར་བྱེད་པ། དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུག་གི་བསམ་པར་བརྟེན་པ་བཅས་ཀྱི་ཐོག་ནས་གོམ་སྟབས་་མགྱོགས་སུ་གཏོང་བ་དང་འབད་འབུངས་ཧུར་ལེན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་དང་དེ་བཞིན་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་ཐད་གོམ་སྟབས་གསར་པ་སྤོས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུ་འགན་ལེན་བྱེད་པའི་ལམ་བུའི་ཐོག་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ཏེ་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བ་བྱས་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།