དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དགོངས་དོན་གྱི་ངོ་བོ་ཁོང་དུ་ཡག་པོ་ཆུད་པ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )ཚོགས་འདུ་ཐེངས་བརྒྱད་པའི་ཐོག་བློ་མཐུན་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཕེབས་པའི་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སྐུལ་སློང་ཁྱོན་ཡོངས་ནས་བྱས་ཡོད།

        ད་རེས་ཀྱི་ཚོགས་འདུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། བློ་མཐུན་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཚོགས་འདུ། ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བཅས་དང་། དེ་བཞིན་གཟིགས་ཞིབ་ལས་དོན་ཁྲོད་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གནང་སྟེ་བོད་ཀྱི་ལས་དོན་ཐད་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བསམ་ཕྱོགས། དམིགས་ཚད་ཀྱི་ལས་འགན། གལ་ཆེའི་བྱ་ཐབས་བཅས་བཏོན་གནང་བ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བར་བསམ་བློ་དང་། རིགས་པའི་གཞུང་ལུགས། དམིགས་ས། བཀོལ་སྤྱོད་ཆོག་པ་བཅས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། གལ་ཆེའི་གསུང་བཤད་རབ་དང་རིམ་པ་དེ་དག་གིས་བོད་ཀྱི་ལས་དོན་ཁག་མུ་མཐུད་ཡག་པོ་འགྲུབ་རྒྱུར་ང་ཚོར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པར་རྒྱལ་ཁ་གསར་པ་ལེན་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་དགོས།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་བོད་ཀྱི་ལས་དོན་ལ་འཛིན་པའི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ་གནང་རྗེས་ཀྱི་བོད་ཀྱི་ལས་དོན་ལ་འཛིན་པའི་ཀྲུང་དབྱང་གི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་གལ་ཆེན་གཞན་ཞིག་རེད། གསུང་བཤད་ནང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློར་ཐོག་མཐའ་བར་གསུམ་དུ་གཡོ་སྒུལ་མི་གཏོང་རྒྱུའི་ནན་བཤད་སྔར་ལས་ལྷག་པ་གནང་སྟེ་ཁ་ཕྱོགས་སྟངས་འཛིན་བྱ་རྒྱུ་དང་ཁྱོན་ཡོངས་སྟངས་འཛིན་བྱ་རྒྱུའི་ཐད་ང་ཚོར་བླང་བྱ་གསར་པ་བཏོན་གནང་ཡོད། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློས་བོད་ཀྱི་ལས་དོན་མཐའ་དག་ཁྲོད་ཁ་ཕྱོགས་དང་། ཁྱོན་ཡོངས། ཕུགས་བཅས་ལ་དོ་དམ་བྱེད་པའི་གནས་བབ་བཟུང་ཡོད་པ་དེ་ནི་བོད་ཀྱི་ལས་དོན་མཐའ་དག་གི་སྤྱིའི་རྩ་འཛིན་ཡིན་པས་ང་ཚོས་མཛུབ་ཁྲིད་ཀྱི་བསམ་བློ་དེ་ཐོག་མཐའ་བར་གསུམ་དུ་སྟོབས་ཆེའི་མཚོན་ཆ་ཞིག་དང་། ལམ་སྟོན་གྱི་སྒྲོན་མེ་ཞིག དོན་གཉེར་ལྷོད་མེད་བྱ་རྒྱུ་བཅས་ལ་བརྩིས་ནས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་དང་མཛུབ་ཁྲིད་ཀྱི་བསམ་བློ་དེར་བརྟེན་ནས་ལས་དོན་མཐའ་དག་ལ་གཅིག་འདོམས་དང་། འཆར་འགོད། སྐུལ་འདེད་བཅས་བྱེད་དགོས།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བོད་ཀྱི་དམིགས་བསལ་གནས་ཚུལ་སྔར་བས་རྒྱས་བཤད་གནང་སྟེ་དོན་དངོས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་ང་ཚོར་རྨང་གཞི་གསར་པ་མཁོ་འདོན་གནང་ཡོད། ད་ལྟ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་དེ་རང་ཡིན་པ་དང་དུས་མཚུངས་བོད་ལ་ད་དུང་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་སྟོབས་ཤུགས་དབར་གྱི་དམིགས་བསལ་འགལ་བ་གནས་ཡོད་ཅིང་། དེ་ནི་ཀྲུང་དབྱང་གིས་བོད་ཀྱི་ད་ལྟའི་དུས་མཚམས་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་འགལ་བའི་གནས་སྟངས་ལ་ཡང་དག་པའི་ཁ་ཚོན་བཅད་པ་ཞིག་ཡིན་ལ། བོད་འདི་ཉིད་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་གི་ཞིབ་ཕྲའི་གནས་ཚུལ་དང་མི་འདྲ་བ་ཆགས་ཡོད་པས་འགལ་བ་དེ་གཉིས་ལ་འགྱུར་བ་མ་བཏང་ཕྱིན་ང་ཚོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུའི་བརྗོད་བྱ་གཙོ་བོར་འགྱུར་བ་གཏོང་མི་རུང་།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་མངོན་གསལ་དོད་པའི་ཁྱད་ཆོས་སྙིང་བསྡུས་བྱས་པ་དེས་ང་ཚོས་གང་ཞིག་འཕེལ་རྒྱས་གཏོང་དགོས་པ་དང་ཇི་ལྟར་བྱས་ཏེ་འཕེལ་རྒྱས་གཏོང་དགོས་རྒྱུར་ཐབས་ལམ་གསར་པ་གསལ་སྟོན་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ནི་བོད་ལ་སྣེ་ཁྲིད་དེ་མདུན་སྐྱོད་བྱེད་པའི་དར་ཆ་དང་སྤྱིའི་བླང་བྱ་ཞིག་ཡིན་པ་དང་། བོད་ཀྱི་ཁྱད་ཆོས་ནི་བོད་ཀྱི་དོན་དངོས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་མཐའ་འཁྱོངས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག ལམ་ལུགས་མ་ལག་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པར་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གཞི་རྩའི་དཔལ་འབྱོར་ལམ་ལུགས་བཅས་ཀྱི་རྨང་གཞིའི་ཐོག་བོད་ཀྱི་དོན་དངོས་དང་མཐུན་པའི་ཞིབ་ཕྲའི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས། ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ས་ཆ་དེ་གའི་ཐོན་ཁུངས་ཆ་རྐྱེན་དང་ཐོན་ལས་རྨང་གཞི་སོགས་དོན་དངོས་གནས་ཚུལ་ལ་གཞིགས་ནས་བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་ལ་ལེགས་ཆ་དང་ཁྲོམ་རའི་འགྲན་ནུས་ཀྱང་ངེས་ཅན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མི་མངོན་པའི་ནུས་པ་སྔོག་ཤུགས་ཆེ་རུ་གཏོང་བ་དང་རྗེས་འཕེལ་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁོར་ཡུག་ཆེན་པོའི་ཁྲོད་བྱ་གཞག་གསར་པ་གཏོད་དེ་བྱས་རྗེས་གསར་པ་འབུལ་དགོས།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བོད་ཀྱི་ལས་ཀའི་གཙོ་གནད་ལས་འགན་སྔར་བས་གསལ་སྟོན་གནང་སྟེ་གཙོ་གནད་མངོན་གསལ་དོད་པོ་དང་གཙོ་གནད་ཚད་བརྒལ་ཡོང་རྒྱུར་ང་ཚོར་བཀོད་སྒྲིག་གསར་པ་གནང་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་ནན་བཤད་གནང་བའི་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་། བློ་བརྟན་འགྱུར་མེད་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་བཅས “བློ་བརྟན་འགྱུར་མེད་ལྔའི ”ལས་འགན་དེ་དག་ལས་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ལ་བཀོད་སྒྲིག་དང་བླང་བྱ་གསར་པ་བཏོན་ལུགས་མཚོན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་ཡོང་རྒྱུའི་བསམ་འདུན་དང་རེ་བ་གསར་པའང་ཟབ་མོ་མཚོན་ཡོད།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བོད་ཀྱི་ལས་ཀའི་རྩ་བའི་བྱ་ཐབས་སྔར་བས་རྒྱས་བཤད་གནང་བ་དེས་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་རྒྱུར་ང་ཚོར་མཛུབ་སྟོན་གསར་པ་གནང་ཡོད། ང་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རང་བྱུང་ཐོན་ཁུངས་གསར་སྤེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་རང་ངོས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཕྱིན་ལྗོངས་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།