དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁས་ལེན་གང་ལེགས། སྐུལ་ལྕག་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་གི་དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་ལྟ་བུའི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོར་ཁས་ལེན་གང་ལེགས་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ནས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བར་ཁས་ལེན་གང་ལེགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བཅས་གནང་ཡོད།    

        དེ་ལས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས། དེ་ལས་མི་རྣམས་ཀྱི་སེམས་ཤུགས་རབ་ཏུ་འཕེལ། དེ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྔོན་ཆད་ཀྱི་ལས་དོན་ལ་ཁས་ལེན་དང་གདེང་འཇོག་གནང་བ་ཞིག་ཡིན་ལ་རང་ལྗོངས་ཀྱི་སླད་ཕྱིན་ལས་ཀར་སྐུལ་ལྕག་དང་སྐུལ་གཏོང་གནང་བ་ཞིག་ཀྱང་ཡིན་པ་མ་ཟད། སླད་ཕྱིན་གྱི་བོད་ལྗོངས་གསར་པར་རེ་སྒུག་ཆེན་པོ་གནང་ལུགས་དེ་བས་མཚོན་ཡོད།

        ལོ་ངོ་60ཡི་རིང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་ལྟ་སྐབས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཞིག་རོའི་ཐོག་བཙུགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ལོ་ངོ་60ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ངོ་60ཞིག་རེད། དཔལ་འབྱོར་རྒྱུན་བསྲིང་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག་དུས་རབས་གསར་པར་སླེབས་རྗེས་བོད་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྔ་རྗེས་སུ་སྒོར་དུང་ཕྱུར་200དང་། སྒོར་དུང་ཕྱུར་300 སྒོར་དུང་ཕྱུར་400 སྒོར་དུང་ཕྱུར་500བཅས་ཀྱི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་ན་ནིང་སྒོར་དུང་ཕྱུར་507.46ལོན་པ་དེ་2000ལོའི་ལྡབ་3.2རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་བཅས་ཆ་ལག་ཚང་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་ཆུ་གློག་གིས་གཙོ་བོ་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་རགས་ཙམ་བཙུགས་པ་དང་། མཚོ་བོད་ལྕགས་ལམ་དང་། མཚོ་བོད་སྤེལ་རྒྱུག་དང་ཐད་རྒྱུག་གློག་རྒྱུན་དྲ་སྦྲེལ་ལས་གྲྭ ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མ་ནི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཞིག་ཡིན་པ་དེ་ཐོག་ནས་སྐྱེ་བོ་ཀུན་ལ་བོད་དུ་དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་ལྟ་བུའི་མཆོང་སྐྱོད་བྱུང་བའི་མི་ཡུལ་ཁམས་ཀྱི་བྱས་རྗེས་ངོ་མཚར་ཅན་མངོན་ཡོད། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2010ལོར་ལྗོངས་དེ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4138.7ལོན་པ་དེ་2000ལོའི་ལྡབ་4.1ཡིན་པ་དང་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། རིག་གནས་སོགས་སྤྱི་ཚོགས་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་དུད་ཚང་ཁྲི་27.48ཀྱི་ཞིང་འབྲོག་པ་ཁྲི་140ལྷག་ཙམ་བདེ་འཇགས་དང་གོ་ཆོད་པའི་སྡོད་ཁང་དུ་སྡོད་རྒྱུ་བྱུང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། སྤྱི་ཚོགས་རྣམ་པ་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ཡོད། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་གཏིང་ཟབ་བྱས་ཏེ་ལྷ་སའི “3·14” རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་མགྱོགས་མྱུར་དང་འཕྲལ་ཐག་ཆོད་པོའི་ངང་ཐག་གཅོད་བྱས་པ་དང་དུས་མཚུངས་ཁྲིམས་ལུགས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་དང་དགོན་པར་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་བས་བོད་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་ལ་གནོད་པའི་རིམ་པ་ཟབ་བའི་གནད་དོན་ཐག་གཅོད་བྱེད་པར་ཉམས་མྱོང་གསོག་འཇོག་བྱས་ཡོད། གཞན་ཡང་ད་དུང་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་བྱེད་པར་སྔར་བས་སྐུལ་མ་བཏང་ཡོད། ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། ལྗོངས་དེ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རིམ་ཁག་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བཅས་ལ་སྒོ་ཀུན་ནས་ཤུགས་སྣོན་ཐེབས་པ་དང་སྔོན་གཏོད་ལེགས་བརྩོན་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཏང་རྩ་འཛུགས་ནི་སྲིད་འཛིན་གྲོང་ཚོ་དང་སྡེ་ཁུལ་ཡོངས་སུ་ཁྱབ་ཐུབ་པ་བྱུང་བ་དང་བོད་དུ་ཡོད་པའི་ཏང་གི་སྲིད་འཛིན་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ཡོད། མིག་སྔར་ལྗོངས་དེ་ཡོངས་སུ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། རིག་གནས་དར་རྒྱས། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དགའ་འོས་པའི་རྣམ་པ་ཞིག་ཐོན་ཡོད།

        ལོ་ངོ་60ཡི་རིང་ཐུགས་ཁུར་ཟབ་བཞེས་གནང་། བོད་ལ་གྲུབ་འབྲས་ཐོབ་པ་དེ་ནི་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་མཁས་མཛངས་ལྡན་པའི་ཇུས་འགོད་དང་ཡང་དག་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་དོན་དུ་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན (གྲོང་ཁྱེར )དང་། ཀྲུང་དབྱང་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་ཞུགས་པ་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་འབད་འབུངས་བྱེད་པའི་རླབས་ཆེན་ལག་ལེན་བཅས་ལས་བྱུང་བ་ཞིག་རེད།

        ལོ་ངོ་60ཡི་དཀའ་སྤྱད་འབད་བརྩོན་བྱས། དུས་ཡུན་རིང་པོའི་ནང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་སེམས་གཅིག་གཏད་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དཀའ་ཚེགས་ལ་མི་འཛེམས་པ་དང་། རང་འགན་ལེགས་གྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་རྒྱུན་དང་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་མི་ཡུལ་ཁམས་ཀྱི་བྱས་རྗེས་ངོ་མཚར་ཅན་ཡང་ཡང་གཏོད་པ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། བློ་མཐུན་ཀྲང་ཆིང་ལིས་གཙོ་བོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་གསར་གཏོད་རང་བཞིན་ངང་ལས་དོན་བསྒྲུབས་པ་དང་མཐུན་སྒྲིལ་ཡར་བརྩོན་དང་དཀའ་སྤྱད་འབད་འཐབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་དང་དེ་བཞིན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་འབྲེལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པས་བོད་འདི་ཉིད་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

        ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་སྐྱོབ་ཐུབ་པ་དང་། བོད་འཕེལ་རྒྱས་གཏོང་ཐུབ་པ། བོད་དར་རྒྱས་གཏོང་ཐུབ་པ་བཅས་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཡོང་སྲིད་པའི་གཞོམ་པ་མེད་པའི་བདེན་དོན་དེ་མཚོན་ཡོད།

        ལོ་ངོ་60ཡི་རིང་སྔར་སོང་རྒྱུན་འཛིན་བྱས་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་འགག་རྩའི་དུས་དང་ང་ཚོས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་རྒྱུའི་འབད་འཐབ་བྱེད་པའི་འགག་རྩའི་དུས་དེར་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་ང་ཚོས་དཀའ་ངལ་ཁྱད་བསད་དང་ལས་ཀ་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་ཐུབ་པ་བྱུང་བ་དང་ང་ཚོར་ཐུགས་ཁུར་དང་སྐུལ་ལྕག་ཆེན་པོ་གནང་བ་ཞིག་རེད། ང་ཚོས་ངེས་པར་དུ་འབད་བརྩོན་ལྡབ་འགྱུར་དང་ངར་ཤུགས་ལྡབ་འགྱུར་གྱི་ཐོག་ནས་གོམ་སྟབས་རེ་རེ་བཞིན་ལས་ཀ་ཏན་ཏིག་བྱས་པ་བརྒྱུད་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོར་དྲིན་ལན་འཇལ་བ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོར་དྲིན་ལན་འཇལ་ནས་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།