དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཐུགས་ཁུར་ཟབ་མོ་དང་སྐུལ་ལྕག་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་མཛད་སྒོའི་རིང་། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཚོགས་འདུ། བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གསུང་བཤད་གལ་ཆེན་གནང་ཡོད་པས་ང་ཚོས་ངེས་པར་དུ་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། བསམ་བློ་སྔར་བས་གཅིག་གྱུར། ངོས་འཛིན་མཐོར་གཏོང་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་བྱ་སྤྱོད་དེ་གསུང་བཤད་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལས་ཀ་བྱེད་ནུས་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་ཐོག་གོང་བུ་འགྲིལ་བ་བྱས་ཏེ་ཏན་ཏན་ཏིག་ཏིག་སྒོ་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། མཐུན་སྒྲིལ་ཡར་ཐོན་གྱིས་གོམ་སྟབས་གསར་པ་སྤོས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས།

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་གསུང་བཤད་ཀྱི་དགོངས་པའི་ངོ་བོ་དང་ནང་དོན་ཕུན་སུམ་ཚོགས་པོར་གོ་བ་གཏིང་ཟབ་ལེན་དགོས། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཚོགས་འདུ། བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་བོད་ལ་ལོ་ངོ་60ཡི་རིང་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་ལ་གདེང་འཇོག་གང་ལེགས་གནང་བ་དང་། “བློ་བརྟན་འགྱུར་མེད་ལྔའི ”ལས་དོན་གྱི་བླང་བྱ་བཏོན་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་ཁ་ཕྱོགས་བསྟན་པ་དང་ཐུགས་རེ་ནན་པོ་བཏོན་གནང་ཡོད་པ་རེད། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་གྱི་དོན་དངོས་ལ་དམ་པོར་དམིགས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་ལེགས་པར་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གི གསུང་བཤད་གལ་ཆེན་གྱི་གོངས་དོན་མཚོན་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཚོན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་མཚོན་པ། ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལྷག་ཙམ་ལ་ཐུགས་ཁུར་ཟབ་མོ་ནང་ལུགས་མཚོན་པ་བཅས་བྱས་ཡོད་པས། དོན་སྙིང་ཟབ་ལ་རིང་བ་དང་བརྩེ་སེམས་ལྷད་མེད་བཅངས་གནང་ཡོད་པ་དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་ལྕག་ཆེན་པོ་གནང་བ་དང་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་ལག་ལེན་དངོས་ཀྱི་དོན་སྙིང་ལྡན་ཡོད་ལ། དམིགས་བཀར་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཡང་ཧ་ཅང་ཆེན་པོ་ལྡན་ཡོད་པ་དེར་ང་ཚོས་ངེས་པར་དུ་གོ་བ་གཏིང་ཟབ་ལེན་དགོས། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་ལ་མཐར་ཕྱིན་པ་བྱེད་པ། བསམ་བློའི་ནང་ཟུག་པ་བཅས་བྱས་ནས་ལས་དོན་ཐད་དོན་འཁྱོལ་དང་བྱ་སྤྱོད་ཐད་ལག་བསྟར་ཡོང་བ་བྱེད་དགོས།

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60ཡི་རིང་གི་འོད་སྟོང་རབ་ཏུ་འཕྲོ་བའི་བྱས་རྗེས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བློ་ལ་བརྟན་པོ་ངེས་དགོས། ལོ་ངོ་60ཡི་རིང་བོད་དུ་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བཪྙེས་པ། སྒྱུར་བཅོས་སྒོ་དབྱེ་བྱས་པ་སོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་བརྒྱུད་དེ་སྤྱི་ཚོགས་ལམ་ལུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཆེན་པོ་གཉིས་མངོན་འགྱུར་བྱུང་ནས་དུས་ཐུང་ལོ་ངོ་60ཡི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་ཆེ་བའི་བྱས་རྗེས་བཏོད་ཡོད། ལོ་ངོ་60ཡི་རིང་གི་བོད་ཀྱི་འཕོ་འགྱུར་ཆེན་པོ་ནི་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པོ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ལ་མཁས་མཛངས་ལྡན་པའི་ཐབས་ཇུས་གཏན་འབེབས་དང་འགོ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན (གྲོང་ཁྱེར )དང་། ཀྲུང་དབྱང་གི་པུའུ་ཨུད་། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་བསམ་པ་རྣམ་དག་ངང་རོགས་རམ་གནང་བའི་འབྲས་བུ་ཞིག བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཞུགས་པ་དང་རྒྱབ་སྐྱོར་ཡོད་རྒུ་གནང་བའི་འབྲས་བུ་ཞིག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་སྲོག་བསྡོས་བྱས་པའི་འབྲས་བུ་ཞིག་བཅས་རེད། ལོ་ངོ་60ཡི་འོད་སྟོང་རབ་ཏུ་འཕྲོ་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ན་གཞི་ནས་བོད་ལ་དར་རྒྱས་ཕུན་སུམ་ཚོགས་པ་དང་ཡར་ཐོན་གྱི་དེང་དུས་དང་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཡོང་བའི་རླབས་ཆེན་གྱི་བདེན་དོན་འདི་འདྲ་ཞིག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་གསལ་ཤོས་ཤེས་ཡོད། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར “བློ་བརྟན་འགྱུར་མེད་ལྔའི ”བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་བཏོན་གནང་བའི “བློ་བརྟན་འགྱུར་མེད་ལྔའི ”བླང་བྱ་ནི། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཐོག་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་འཚོ་བ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་འཛུགས་སྐྱོང་དམ་འཛིན་ལེགས་པར་བྱེད་པ་བཅས་རེད། བློ་བརྟན་འགྱུར་མེད་ཀྱི་བླང་བྱ་ལྔ་པོ་དེའི་ཚིག་བསྡུས་ལ་གོ་དོན་ཟབ་པ་དང་། གཟིགས་རྒྱང་རིང་བ། དོན་སྙིང་ཟབ་པ་བཅས་ཡོད་པས་བོད་ཀྱི་ལས་དོན་གྱི་དོན་དངོས་དང་འཚམས་པར་བརྟེན་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་ལེན་མཐའ་གཅིག་ཏུ་བསྟར་བ་བཅས་བྱེད་དགོས། “བློ་བརྟན་འགྱུར་མེད་ལྔའི ”བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ལག་ལེན་ནན་པོ་བསྟར་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་འགན་ལེན་དུ་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་བཅས་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་དོན་ཆེན་དེ་གཉིས་དམ་འཛིན་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་མ་གཏོང་བ། དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱེད་པ། ཏང་འཛུགས་སྐྱོང་ལ་རྒྱུན་མཐུད་ནས་དམ་འཛིན་ལེགས་པོ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་སྤྱོད་ངོ་མ་དང་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་ལ་དྲིན་ལན་འཇལ་བ་དང་རྒྱལ་ཡོངས་མི་དམངས་ལ་དྲིན་ལན་འཇལ་དགོས།

        ཐུགས་ཁུར་བློ་ལ་བརྟན་པོ་ངེས་ཏེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད། མངགས་བཅོལ་ནན་པོ་ངེས་ཏེ་སླར་ཡང་འོད་སྟོང་གཏོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་དེ་གོ་སྐབས་སུ་བརྩི་བ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་བདུན་གཅིག་གི་གསུང་བཤད་གལ་ཆེན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྩ་ཆེའི་སྒོ་སྐབས་དམ་འཛིན་བྱེད་པ། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ལེགས་པར་སྤྱོད་པ།    དཀའ་སྤྱད་འབད་འཐབ་ཀྱི་བློ་སྟོབས་འཛུགས་པ་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་གྱི་བརྗིད་ཆགས་ཡིད་འོང་ལྡན་པའི་ལེའུ་ཞིག་ཧུར་ཐག་རྩོམ་དགོས། (ཚེ་རིང་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།