དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་ཐུག་འཕྲད་ཇི་ཙམ་བྱས་ཀྱང་ཟད་པའི་ལམ་ལས་སྐྱོབ་མི་ཐུབ།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་ཆར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཨ་རིར་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བསྐྱོད་དེ་ཐབས་ཤེས་ཡོད་རྒུ་བཏོན་ནས་ཨ་རིའི་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་ཐུག་འཕྲད་ལ་བྲེལ་བ་ཤིན་ཏུ་ཆེ་བས་མི་རྣམས་ཧ་ལས་དགོས་པ་ཞིག་ཡོད་པ་རེད།

        ཏཱ་ལ་ད་རེས་ཨ་རིར་བསྐྱོད་པའི་དམིགས་ཡུལ་ནི་ཁོ་པས་ཕྱི་ཕྱོགས་སུ་ནང་ཆོས་སྒྲོག་འགྲེལ་བྱ་རྒྱུ་དེ་ཡིན་ཞེས་བཤད་ཡོད་ཀྱང་ཁོ་པ་དང་མཉམ་དུ་ཨ་རིར་བསྐྱོད་མཁན་ནི “ཡུལ་གྱར་སྲིད་གཞུང ”ཟེར་བ་དེའི་མགོ་པ་གསར་ཪྙིང་གཉིས་ཡིན་སྟབས་ཕྱི་ཕྱོགས་ཀྱི་སྨྱན་སྦྱོར་བས་ཀྱང “ཏཱ་ལ་ད་རེས་ཨ་རིར་བསྐྱོད་པ་དེར་སྔར་བཞིན་ཆབ་སྲིད་ཀྱི་ཤན་མང་པོ་ཞུགས་ཡོད ”ཅེས་ཧ་ལས་པའི་སྒོ་ནས་བཤད་པ་རེད།

        དངོས་འབྲེལ་དེ་ལྟར་ཡིན། ཏཱ་ལ་ཨ་རིར་སླེབས་མ་ཐག་ཨ་རིའི་སྲིད་ཕྱོགས་ཀྱི་དཔོན་རིགས་དང་ངོ་ཐུག་བྱ་རྒྱུར་བྲེལ། འོན་ཀྱང་ཁོ་པས་ཐུག་འཕྲད་བྱེད་འདོད་ཆེ་ཤོས་ནི་ཨ་རིའི་ཙུང་ཐུང་ཨའོ་པ་མ་ཡིན་པ་རེད།

        “ཨ་རིའི་རྒྱང་བསྲིངས་རླུང་འཕྲིན་ལས་ཁུངས ”ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཁོ་པས་ཨ་རིའི་ཙུང་ཐུང་ཨའོ་པ་མར “ཕྲན་དང་ཙུང་ཐུང་རྒྱུས་མངའ་ཆེན་པོ་ཡོད། གལ་སྲིད་མཇལ་འཛོམས་ཀྱི་གོ་སྐབས་བྱུང་ཚེ་ཕྲན་ཧ་ཅང་དགའ་པོ་ཡོང་སྲིད ”ཅེས་ཡོངས་བསྒྲགས་སུ་བཤད་པ་རེད།

        ཏཱ་ལས “རྒན་ཡོལ་ཞུས་ནས ”“ཆོས་ལུགས་ཀྱི་གཙོ་འཛིན ”མ་གཏོགས་བྱེད་ཀྱི་མིན་ཞེས་བཤད་ཡོད། འོན་ཏེ་ཁོ་པས་ཨ་རིའི་ཙུང་ཐུང་དང་ཐུག་འཕྲད་བྱ་རྒྱུར་བྲེལ་བ་དེ་ལྟ་བུ་བྱས་ནས་ཆོས་ལུགས་ཀྱི་གནད་དོན་གང་ཞིག་གླེང་འདོད་དམ། ཨ་རིའི་ས་གནས་དེ་གའི་སྨྱན་སྦྱོར་ཡང་དོན་དེར་གོ་བ་མི་ལོན་པ་དང་ཧ་ལས་ཡོད་པ་རེད། ཨ་རིའི་ཀོ་ལུན་པི་ཡ་རླུང་འཕྲིན་ཀུང་སིས་གད་མོ་སློང་བའི་ཚུལ་དུ་དཔྱད་གཏམ་སྤེལ་ནས་མིག་སྔར་ཨ་རིར་བུ་ལོན་ཁ་ཆད་དང་འགལ་བའི་ཉམས་ཉེན་ཆེན་པོ་འཕྲད་བཞིན་ཡོད་པ་དང་ཨ་རིའི་རྒྱལ་ཚོགས་ཀྱི་ཏང་གཉིས་དབར་བུ་ལོན་གྲངས་ཚད་མང་ཤོས་ཀྱི་གནད་དོན་སྐོར་གྱི་གྲོས་མོལ་དེ་འཕེལ་མེད་དུ་གནས་ཡོད་པས “གཅིག་བྱས་ན་ཏཱ་ལས་ད་རེས་ཀྱི་བུ་ལོན་གྱི་གནད་དོན་གྲོས་མོལ་བྱ་རྒྱུར་འདུམ་འགྲིག་བྱས་ནས ”“(གྲོས་མི་ཚོའི )ཉམས་པའི་དབང་རྩ་དང་རྨས་སྐྱོན་ཕོག་པའི་ལ་རྒྱར་སེམས་གསོ་བྱེད་ཐུབ ”ཅེས་བཤད་ཡོད། —དེ་ག་རང་རེད། ཨ་རིའི་བུ་ལོན་ཟུག་པའི་གནད་དོན་སྐོར་ཨའོ་པ་མས་རང་མགོ་མི་ཐོན་པར་ཏཱ་ལ་དང་ལྐོག་གྱུར་གྱི་ཆོས་ལུགས་གནད་དོན་གླེང་བའི་ཁོམ་པ་ག་ལ་ཡོད།

        དོན་དངོས་ཐོག་ཏཱ་ལས་ཨའོ་པ་མ་དང་ཐུག་འཕྲད་བྱེད་པའི་དམིགས་ཡུལ་དེའང་ཆོས་ལུགས་ཀྱི་གནད་དོན་གཏན་ནས་གླེང་འདོད་མེད་པ་དེ་རེད། མཐའ་མ་ཁོ་པ་ཨ་རིའི་རྒྱལ་ས་ནས་ཁ་བྲལ་ཉེར་ཡོད་པའི་མཐའ་མའི་ཆུ་ཚོད་ཁ་ཤས་རིང་གོང་དཀྲིས་མ་དཀྲིས་པའི་ཨའོ་པ་མ་ཡིས་ཕོ་བྲང་དཀར་པོའི་ས་བཀྲ་ཁང་དུ “སྒེར་གྱི་ཐབས་ཤེས ”ཐོག་ནས་ཏཱ་ལར་ཐུག་འཕྲད་བྱས་པ་རེད། ཏཱ་ལ་ཡང “བསམ་དོན་འགྲུབ་པ ”ལྟར་བྱུང་ནས་ངང་སྒུག་བྱེད་ཁོམ་མེད་པར་ཕྱི་ཕྱོགས་ལ་ཨ་རིའི་ཙུང་ཐུང་གིས “(བོད )ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་མོས་ལ་དངོས་འབྲེལ་ཐུགས་ཁྲལ་གནང་གི་འདུག ”ཅེས་ཁྱབ་བསྒྲགས་བྱས་པ་རེད། རང་ཉིད “ཆོས་ལུགས་ཀྱི་གཙོ་འཛིན ”ཡིན་ཞེས་བརྗོད་མཁན་ཏཱ་ལས་ཐབས་ངན་ཡོད་དགུ་བཏོན་ནས་ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་ཐུག་འཕྲད་བྱེད་རོགས་བྱེད་པའི་དམིགས་ཡུལ་ནི་ཕྱི་རྒྱལ་བར་བརྟེན་ནས་རང་ཉིད་ལ་བརྩི་མཐོང་བྱེད་པ་དང་ཕྱི་རྒྱལ་གྱི་ཕྱོགས་གཏོགས་ཀྱིས “བོད་ཀྱི་གནད་དོན ”ཟེར་བར་ཁ་གཡར་ཏེ་ཀྲུང་གོར་གནོན་ཤུགས་སྤྲོད་རྒྱུའི་རེ་ངན་འཆང་བ་དེ་ཡིན་པ་མངོན་གསལ་དོད་པོ་རེད།

        འོན་ཀྱང་གཡོ་ཐབས་དེས་ཕན་ཐོགས་ཀྱི་རེད་དམ། ལོ་60གོང་ཏཱ་ལས “སྲིད་སྐྱོང་བའི ”སྔ་རྗེས་སུའང་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་མཐོ་རིམ “བོད་རང་བཙན ”པས་ཕྱི་རྒྱལ་གྱི་ཕྱོགས་གཏོགས་ལ་བརྟེན་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཁོ་པ་ཚོའི་དམིགས་ཡུལ་བསྒྲུབ་རྒྱུའི་རེ་ངན་བཅངས་ཡོད། ཁོ་པ་ཚོར་ཡང་ཨ་རི་ཚུད་པའི་ནུབ་ཕྱོགས་ཀྱི་མེ་སེར་སྤེལ་བའི་རིང་ལུགས་པ་གསར་ཪྙིང་གི་མངོན་ལྐོག་གང་རུང་གི་རྒྱབ་སྐྱོར་དངོས་འབྲེལ་ཐོབ་ཡོད། རྒྱབ་སྐྱོར་དེ་རིགས་ལས་མཇུག་འབྲས་གང་ཞིག་ཐོན་མིན་ཏཱ་ལའི་སེམས་ནང་གསལ་ཤོས་ཡིན་པ་ཏཱ་ལས་བརྗེད་མི་རུང་།

        ཨ་རིར་མཚོན་ན “འཛམ་གླིང་དམག་ཆེན་གཉིས་པའི ”རྗེས་ནས་བཟུང་། ཨ་རིས “བོད་ཀྱི་གནད་དོན ”ཟེར་བར་ཐད་ཀར་ཐེ་ཇུས་བྱས་ནས་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་སྤྱད་དེ་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་ལ་བཀག་འགོག་བྱེད་པ་དང་ཀྲུང་གོའི་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་དམིགས་ཡུལ་འགྲུབ་པ་བྱེད་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ཡུན་རིང་མ་སོང་བར་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བས་ལྐོག་ཏུ་ཏཱ་ལར་ཡི་གེ་བཏང་བ་དེའི་ནང “ད་ལྟ་དང་འབྱུང་འགྱུར་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ལ་འགོག་རྒོལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་དངོས་པོའི་རོགས་སྐྱོར་བྱ་རྒྱུ་ཡིན ”ཞེས་འཁོད་ཡོད་པ་རེད། དེ་རྗེས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་བོད་རིགས་ཁྲོད་ནས་གསང་མྱུལ་བསྡུས་པ་དེ་དག་ས་ཁོངས་ཕྱི་རོལ་དུ་སྦྱོང་བརྡར་བྱས་པ་དང་ཐ་ན་ཨ་རིར་སྦྱོང་བརྡར་གྱི་སྒར་ས་ཆེན་པོ་བསྐྲུན་པ་དང་དེ་རྗེས་བོད་དུ་ལྐོག་བརྒལ་བྱེད་པར་མངགས་ཏེ་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་བ་དང་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་སྤེལ་བ་རེད།

        1959ལོར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པའི་སྔ་རྗེས་སུ་ཨ་རིས “བོད་རང་བཙན ”པར་རྒྱབ་སྐྱོར་བྱ་རྒྱུ་དེ་རྩེར་སོན་པ་རེད། 1957ལོ་ནས་བཟུང་། སྔ་རྗེས་སུ་སྦྱོང་བརྡར་ཐོབ་པའི་ངོ་ལོག་ཇག་པ་ཁག་བརྒྱད་ལྷ་ས་དང་ཆབ་མདོ་སོགས་སྲོག་ཤིང་དུ་བྱས་པའི་ལྟེ་བའི་ངོ་ལོག་ཟིང་འཁྲུག་ཁུལ་དུ་གནམ་གྲུ་ནས་དབྱུག་སྟེ་གསང་འཕྲིན་བསྡུ་རུབ་དང་། ཨ་རིའི་མཁའ་དམག་གིས་མྱུལ་ཞིབ་བྱ་རྒྱུར་ཁྲིད་སྟོན། ངོ་ལོག་ཟིང་འཁྲུག་གི་དྲག་ཤུགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ལས་འགན་འཁུར་བ་རེད། ཨ་རི་སྲིད་གཞུང་གིས་ངོ་ལོག་ཟིང་འཁྲུག་པ་དེ་དག་ལ་སྦྱོང་བརྡར་མང་པོ་བྱས་པ་དང་བྱེད་སྤྱོད་ཀྱི་གྲོན་དངུལ་མང་པོ་བཏང་བ་དང་འབྲེལ་ཁོ་པ་ཚོའི་ཁྲིད་སྟོན་འོག་མཚོན་ཆ་འབོར་ཆེན་གནམ་གྲུ་ནས་དབྱུག་པ་རེད། ཨ་རི་དང་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱི་རོགས་སྐྱོར་འོག་ངོ་ལོག་ཟིང་འཁྲུག་པའི་མི་གྲངས་སྐབས་ཤིག་རིང་4000ལྷག་ཙམ་བར་འཕེལ་རྒྱས་བྱུང་ཞིང་། ཁོ་པ་ཚོས་ཏང་སྲིད་ལས་ཁུངས་དང་མི་དམངས་བཅིངས་འགྲོལ་དམག་ལ་རྒོལ་བ་དང་། འགྲིམ་འགྲུལ་གཏོར་བཤིག་གཏོང་བ། རྒྱལ་གཅེས་མི་སྣ་དམར་གསོད་གཏོང་བ་བཅས་བྱས་པས་མི་རྣམས་བ་སྤུ་གྱེན་ལ་གཟིང་བའི་ཁོང་ཁྲོ་ལངས་བའི་སྡིག་ཉེས་བསགས་པ་དང་འབྲེལ་1959ལོའི་ཟླ་3པར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། སྐབས་དེ་དུས་བཙུགས་མ་ཐག་པའི་ཀྲུང་གོ་གསར་པའི་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་ནང་རྩོད་ཕྱི་འཁྲུག་གི་དཀའ་ངལ་གྱི་གནས་སུ་གྱར་ཡོད། འོན་ཀྱང་གནས་ཚུལ་དེ་རིགས་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་མི་དམངས་བཅིངས་འགྲོལ་དམག་གིས་ངོ་ལོག་ཟིང་འཁྲུག་མགྱོགས་མྱུར་ཞོད་འཇགས་བཏང་བས་བོད་ཀྱི་མི་དམངས་སྲིད་དབང་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད།

        ཨ་རིས་གནས་ཚུལ་ཡག་པོ་མེད་པ་ཤེས་རྗེས་1965ལོར་གནམ་གྲུ་ནས་མི་དང་མཚོན་ཆ་དབྱུག་མཚམས་བཞག 1972ལོར་ཨ་རིའི་ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར་འཚམས་འདྲི་བྱས་རྗེས་ཨ་རིས་རང་ཉིད་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་བསམ་བློ་བཏང་ནས “བོད་རང་བཙན ”པར་མངོན་གསལ་ཐོག་ནས་རོགས་རམ་བྱེད་མཚམས་བཞག ཀྲུང་གོའི་བོད་ལྗོངས་ཀྱི་མཐའ་མཚམས་ཕྱིར་ཡོད་པའི་ངོ་ལོག་ཇག་པ་མང་པོ་ཞིག་ལ་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་དངོས་ཟོག་གི་རོགས་རམ་མ་ཐོབ་པར་བརྟེན་རི་སྟེང་ཐོག་འཁྱགས་ཤི་དང་ལྟོགས་ཤི་ཐེབས། ངོ་ལོག་ཇག་པ་ལྷག་མ་དག་ཀྱང་1974ལོར་དེ་གནས་སའི་རྒྱལ་ཁབ་སྲིད་གཞུང་གིས་རྩ་མེད་བཟོས། ཨ་རིས་བོད་ཀྱི་བྱ་བར་ཐེ་ཇུས་བྱེད་པ་དེ “བོད་མིར་རོགས་རམ་བྱེད་པ་དང་འབྲེལ་བ་གང་ཡང་མེད་པར་དེ་ནི་གུང་ཁྲན་ཏང་གི་ཀྲུང་གོར་ཪྙོག་དྲ་ཏོག་ཙམ་བཟོ་རྒྱུ་དེ་ཡིན ”པ་ཕྱི་རྒྱལ་གྱི་མཁས་དབང་གིས་གསལ་པོ་ཤེས་ཀྱི་ཡོད།

        ཏཱ་ལ་མི་སྒེར་གྱིས་ཀྱང་ཨ་རིའི “བློས་འཁེལ་རང་བཞིན ”དོན་དངོས་ཐོག་གསལ་ཐག་ཆོད་ཤེས་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ཁོ་པའི “རང་རྣམ ”ནང “དེ་ནི་ཁོང་ཚོས (ཨ་རི )བོད་རང་བཙན་ལ་དོ་ཁུར་བྱེད་པ་ཞིག་མིན་པར་ཁོང་ཚོས་འཛམ་གླིང་ཡོངས་སུ་གུང་ཁྲན་ཏང་སྲིད་གཞུང་གི་བརྟན་ལྷིང་ལ་གཏོར་བཤིག་གཏོང་རེ་བྱེད་པའི་ཐད་འབད་བརྩོན་བྱེད་པ་ཙམ་ཞིག་ཡིན ”ཞེས་བཤད་ཡོད། འོན་ཀྱང་ཨ་རིའི་ཐད་ཀའི་རྒྱབ་སྐྱོར་མེད་པ་ཆགས་རྗེས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་དུས་མཇུག་དང་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནས་བཟུང་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་དྲག་པོའི་ཐོག་ནས་ཁ་གཏད་དུ་ལངས་ཀྱི་ཡིན་ཞེས་སྨྱོ་ཧམ་ཆེན་པོས་སྐད་ཅོར་རྒྱག་མཁན་ཏཱ་ལས་ཐབས་ཟད་འུ་ཐུག་ངང “དབུ་མའི་ལམ ”དང “འཚེ་མེད་ཞི་བའི་ལམ ”གྱི་དར་རྟགས་འཕྱར་བ་དང “ཆོས་ལུགས་གཙོ་འཛིན ”གྱི་ཕྱི་གོས་གྱོན་ནས་གང་སར་འཁྱམ་མྱུལ་བྱས་ཏེ་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ནས་ལྐོག་ལྐོག་སུད་སུད་ངང་དཔལ་འབྱོར་གྱི་རྒྱབ་སྐྱོར་ཁག་གཅིག་ཐོབ་ཐབས་བྱས་པ་རེད།

        དེ་དང་དུས་མཚུངས་ཁོ་པས་ཐབས་བརྒྱ་ཇུས་སྟོང་ངང་ནུབ་ཕྱོགས་ཀྱི་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་དང་འབྲེལ་གཏུག་བྱས་ཏེ་རང་ཉིད་ཀྱི་རིན་ཐང་ཆེ་རུ་གཏོང་བ་དང་དམར་རྗེན་དུ་དོན་ཤུགས་མང་དུ་བཏང་སྟེ་རང་ཉིད་ཀྱི “བསོད་སྙོམས ”ལ་ཞལ་འདེབས་རག་རྒྱུར་སྟབས་བདེ་ཡོང་བ་བྱེད་པ་དང་དུས་མཚུངས་གོ་སྐབས་བཙལ་ནས “བོད་ཀྱི་གནད་དོན ”ཟེར་བའི་ཐོག་ནས་ཀྲུང་གོ་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད། ཕྱིས་སུ་བྱེད་སྤྱོད་དེ་ཁོ་པས “བོད་རང་བཙན ”ཕྱོགས་གཏོགས་ལ་གར་སྟེགས་ཤིག་འཚོལ་རྒྱུའི་རྒྱུན་བཀོལ་གཡོ་ཐབས་སུ་འགྱུར་བ་བྱས་ཡོད། ནུབ་ཕྱོགས་ཀྱི་སྲིད་ཚོང་པ་ཁག་གཅིག་གིས་རང་ལུས་བཙོངས་ནས་བསྐྱབས་བཅོལ་བྱེད་འདོད་མཁན་ཏཱ་ལ་ཁོང་ཚོའི་ལག་ནང་གི “ཀྲུང་གོར་ངོ་རྒོལ ”དང “ཀྲུང་གོར་བཀག་འགོག ”བྱེད་པའི་ལག་ཆར་བརྩིས་ཏེ་རྟག་ཏུ་ཀྲུང་གོར་ཪྙོག་དྲ་བཟོ་གི་ཡོད།

        “ཆུ་ལ་ནུབ་པའི་གྲུ་གཟིངས་འགྲམ། གྲུ་གཟིངས་ཁྲི་སྟོང་ཤར་མར་སྐྱོད ”ཞེས་པ་ལྟར། ལོ་མང་རིང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ལྐུག་པ་ཨུ་ཚུགས་ངང་བཀག་འགོག་ག་ཚོད་བྱས་ཀྱང་བོད་ཚུད་པའི་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་མགྱོགས་མྱུར་ཆེ་རུ་འགྲོ་རྒྱུ་འགོག་ཐབས་བྲལ་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད། ཏཱ་ལས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་གང་ཐུབ་ཅི་ཐུབ་ཀྱིས་སྤེལ་བའི་བྱ་ངན་གྱིས་བོད་ཚུད་པའི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་དེ་བས་འགོག་མི་ཐུབ།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་རྒྱུས་ཀྱི་ཐོག་ནས་ཀྲུང་གོ་གསར་པར་དཀའ་ངལ་ཆེ་ཤོས་འཕྲད་པའི་དུས་སྐབས་ཡིན་པ་དང་དུས་མཚུངས་སྐབས་དེ་དུས་སྟོབས་ཤུགས་ཆེ་ཤོས་ཡིན་ལ་ང་མིན་སུ་ཡིན་སྙམ་མཁན་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱིས་མངོན་སུམ་འཛེམ་མེད་ངང་ཀྲུང་གོ་གསར་པར་བསྐོར་རྒོལ་བྱེད་པའི་སྐབས་སུ་ཡང་བོད་ཪྙིང་པའི་མཐོ་རིམ་ལོག་སྤྱོད་ཕྱོགས་གཏོགས་ཀྱིས་ཀྲུང་དབྱང་ལ་འགྲན་རྒོལ་དང “བོད་རང་བཙན ”ཡོང་རེ་བྱེད་པ་ཚང་མ་ནི་བྱེ་མའི་ཆངས་བུ་ལྟ་བུ་ཡིན་པ་མངོན་ཡོད། ད་ཆ་སྟོབས་ཆེའི་ཀྲུང་གོའི་མདུན་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མིའི་བློ་ལ་མི་བབ་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མི་རྣམས་ཀྱིས་མཆིལ་མ་བཞིན་དོར་བའི་འཛམ་གླིང་གི་མདུན་དུ་ཏཱ་ལས་ཕྱི་རྒྱལ་ལ་བརྟེན་ནས “བོད་རང་བཙན ”གྱི་རེ་ངན་སྒྲུབ་བསམ་པ་དེ་ནི་ཉིན་མོའི་རྨི་ལམ་ཙམ་ཞིག་རེད།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་རྒྱུས་ཀྱི་ཐོག་ནས་དེ་སྔ་དང་ཕྱིན་ཆས་གང་གི་དུས་སུ་ཡང་ཏཱ་ལས་ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་ག་ཚོད་ཐུག་འཕྲད་བྱས་ཀྱང་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ཀྱི་འགྲོ་ལམ་ཟད་པ་དང་ཕམ་ངེས་ཡིན་པའི་ལས་དབང་དེ་སྐྱོབ་ཐབས་བྲལ་བ་མངོན་ཡོད། ཏཱ་ལས་ཁ་ཕྲལ་རིང་ལུགས་ཀྱི་གཏམ་སྤྱོད་མཐའ་དག་དང་ཕྱི་རྒྱལ་གྱི་ཕྱོགས་གཏོགས་དང་ངན་འབྲེལ་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོ་དང་བྱེད་སྤྱོད་མཐའ་དག་དངོས་འབྲེལ་དོར་ཚེ་གཞི་ནས་ཁ་ཕྲལ་རིང་ལུགས་པ་ཞིག་ཡིན་པའི་ཁོ་པ་ལོ་རྒྱུས་ཀྱི་ཞབས་འདྲེན་ཀ་བའི་ཐོག་གཟེར་རྒྱུ་ལས་གཡོལ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།