དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞོན་ནུ་བརྩོན་ལེན་བྱེད་པ་ནི་འབྱུང་འགྱུར་དང་རེ་བ་བརྩོན་ལེན་བྱེད་པ་དང་གཉིས་སུ་མེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མིག་རྒྱང་རིང་བའི་མི་རིགས་ཤིག་གིས་རྒྱུན་དུ་དོ་སྣང་བྱེད་པའི་མིག་ཟུང་དེ་གཞོན་ནུར་ཕྱོགས་ཀྱི་ཡོད། མིག་རྒྱང་རིང་བའི་སྲིད་ཏང་ཞིག་གིས་རྒྱུན་དུ་གཞོན་ནུ་ནི་སྤྱི་ཚོགས་མདུན་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་བའི་སྟོབས་ཤུགས་འཁྲུག་ཤོས་ཤིག་ཏུ་བརྩི་གི་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”་གསུང་བཤད་གལ་ཆེན་ནང་གཞོན་ནུ་ནི་ང་ཚོའི་ཏང་གི་འབྱུང་འགྱུར་དང་རེ་བ་རེད་ཅེས་ནན་བཤད་གནང་བ་དེ་ནི་ལོ་རྒྱུས་ཇི་མ་ཇི་བཞིན་མཚོན་པ་དང་དངོས་ཡོད་ཀྱི་རེ་འབོད་ཟབ་མོ་ཞིག་ཡིན་ལ་མེས་རྒྱལ་འབྱོར་ཕྱུག་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་བར་རེ་བ་ཟབ་མོ་བཅོལ་བ་ཞིག་ཀྱང་རེད། གཞོན་ནུ་བརྩོན་ལེན་བྱེད་པ་ནི་འབྱུང་འགྱུར་བརྩོན་ལེན་བྱེད་པ་དང་གཉིས་སུ་མེད། མའོ་ཙེ་ཏུང་གིས་གཞོན་ནུ་ནི་ཞོགས་པའི་ཆུ་ཚོད་བརྒྱད་པ་དགུ་པ་ཙམ་གྱི་ཉི་མ་ལྟ་བུར་བརྩིས་གནང་བ་ནས་ཏེང་ཞའོ་ཕིང་གིས་གཞོན་ནུའི་མི་རབས་འཚར་ལོངས་ཡོང་བ་ནི་ང་ཚོའི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པའི་རེ་བ་བྱེད་ས་ཞིག་རེད་ཅེས་བཏོན་གནང་བའི་བར་དང་། ཅང་ཙེ་མིན་གྱིས “གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་རྒྱས་ན་རྒྱལ་ཁབ་རྒྱས ”ཞེས་ནན་བཤད་ཡང་ཡང་གནང་བ་ནས་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་ནང “གཞོན་ནུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་ལ་ང་ཚོའི་ཏང་གི་འབྱུང་འགྱུར་དང་རེ་བ་ཡང་རེད ”ཅེས་མཛུབ་སྟོན་ཟབ་མོ་གནང་བའི་བར་གྱི་ལོ་90ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ནང་གཞོན་ནུའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྔ་ཕྱི་བར་གསུམ་དུ་གཙིགས་ཆེན་དང་གཞོན་ནུའི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བར་བརྟེན་ཏང་གི་རླབས་ཆེན་བྱ་གཞག་ལ་གཞི་ནས་སྔ་འཛིན་ཕྱི་གཏོད་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད།

        གཞོན་ནུས་སྒེར་གྱི་མདུན་ལམ་དང་མེས་རྒྱལ་གྱི་ལས་དབང་ཟུང་འབྲེལ་དམ་ཟབ་བྱས་ཚེ་གཞི་ནས་མདུན་ལམ་ཆེན་པོ་ཡོད་པ་ལོ་རྒྱུས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད། གསར་བརྗེའི་རྗེས་སུ་འབྲངས་ནས་ཡན་ཨན་དུ་བསྐྱོད་པའི་རྒྱལ་གཅེས་གཞོན་ནུ་ནས “མེས་རྒྱལ་ལ་ལང་ཚོ་འབུལ་འདོད་པའི ”སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པའི་བར་དང “ལོ་20རྗེས་སུ་འཛོམས་རྒྱུ ”ཁ་ཆད་བྱས་པའི་ལོ་རབས་བརྒྱད་ཅུ་པའི་མི་རབས་གསར་པ་ནས་གསར་བརྗེའི་རྗེས་ཤུལ་བཙལ་འཚོལ་བྱེད་པའི་ལོ་རབས་བརྒྱད་ཅུ་པ་དང་ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་པའི་བར་གྱི་གཞོན་ནུ་མི་རབས་ཚོས་སེམས་ཤུགས་དང་བྱ་སྤྱོད་ཀྱི་ཐོག་ནས་ཁོང་ཚོས་ཏང་གི་རེ་སྒུག་དང་མི་དམངས་ཀྱི་རེ་བ་ཟབ་མོར་ངོ་གནོངས་མི་དགོས་པ་མངོན་ཡོད་ལ་ཁོང་ཚོས་ལས་འགན་གྱི་རེ་འབོད་ལའང་ངོ་གནོང་མི་དགོས་པ་བྱེད་ངེས་ཡིན་པ་ཁྱབ་བསྒྲགས་ཀྱང་བྱས་ཡོད།

        ད་ལྟ་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འཕོ་འགྱུར་གཏིང་ཟབ་ཡོང་བཞིན་ཡོད་པ་དང་ཁེ་ཕན་དང་། རིན་ཐང་། འདུ་ཤེས་བཅས་ཉིན་བཞིན་སྣ་མང་ཅན་དུ་འགྱུར་བཞིན་ཡོད། གཞོན་ནུའི་ནུས་པ་འདོན་སྤེལ་དང་གཞོན་ནུའི་ལས་དོན་ལ་མཐོང་ཆེན་བྱ་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་དེ་བས་ལྡན་ཡོད། གཞོན་ནུ་བརྩོན་ལེན་བྱེད་པར་ངེས་པར་དུ་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཀྱིས་ཁྲིད་སྟོན་དང་། འོད་སྟོང་འབར་བའི་བྱ་གཞག་གིས་གཞོན་ནུ་གཅིག་ཏུ་འགྲིལ་བ། སྤྱོད་ལམ་བཟང་པོས་གཞོན་ནུ་འགུག་ཐབས་བཅས་བྱེད་དགོས་པ་དེར་ཏང་ཡོངས་ཀྱིས་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞོན་ནུར་དོ་ཁུར་དང་། གཞོན་ནུར་སེམས་ཁུར། གཞོན་ནུར་གཅེས་སྐྱོང་བཅས་བྱས་ནས་གཞོན་ནུའི་སྙིང་གཏམ་ཉན་པ་དང་། གཞོན་ནུ་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་བ། གཞོན་ནུའི་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱེད་ཐུབ་པ་བྱེད་དགོས། རྒྱ་ཆེའི་གཞོན་ནུས་ནམ་ཡང་ང་ཚོའི་རླབས་ཆེན་ཏང་དང་། རླབས་ཆེན་མེས་རྒྱལ། རླབས་ཆེན་མི་དམངས་བཅས་ལ་དགའ་ཞེན་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཤེས་བྱ་ཡོན་ཏན་འཕེལ་བ་བྱེད་པ། ཀུན་སྤྱོད་དང་བློ་སྟོབས་སྦྱོང་བརྡར་བྱེད་པ། ཡར་བརྩོན་འབད་འབུངས་བཅས་བྱས་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་བའི་རླབས་ཆེན་གྱི་བྱ་གཞག་ནང་བྱས་རྗེས་འཇོག་པ་དང་ཤེས་ལྡན་པར་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།