དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་ཁྲོད“ཀྲུང་གོའི་འགྲོ་ལམ”ཐོག་ཡག་པོ་སྐྱོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་ཤས་སོང་རྗེས་སླར་ཡང་ཕྱིར་དྲན་བྱེད་སྐབས་ང་ཚོས་དེང་རབས་ཀྱི་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་གདམ་ག་གལ་ཆེན་ཡིན་པའི་སྒྱུར་བཅོས་སྒོ་དབྱེས་ཀྲུང་གོའི་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་རྒྱུར་ཚོད་དཔག་བྱེད་ཐབས་བྲལ་བའི་དོན་སྙིང་ལྡན་པ་མཐོང་སྲིད།

        “བདུན་གཅིག ”གསུང་བཤད་གལ་ཆེན་ནང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས “འདས་ཟིན་པའི་ལོ་30ལྷག་ཙམ་ནང་རང་རྒྱལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་རང་རྒྱལ་གྱི་འབྱུང་འགྱུར་འཕེལ་རྒྱས་གཏོང་བར་ཡང་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་བརྟེན་དགོས ”ཞེས་མཛུབ་སྟོན་གནང་ཡོད། ཏང་གི་ལོ་90རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ལྷག་པར་དུ་ལོ་30ལྷག་ཙམ་རིང་གི་ལོ་རྒྱུས་ཀྱི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལམ་བུ་ཧྲིལ་པོའི་ཁྲོད་ངེས་པར་དུ་སྒྱུར་བཅོས་སྒོ་དབྱེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

        ལོ་30ལྷག་ཙམ་རིང་སྒྱུར་བཅོས་སྒོ་དབྱེས་བསེར་བུས་ཆར་ཁྲིད་ལྟར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོར་སྐུལ་འདེད་བཏང་སྟེ་ཀྲུང་གོ་འདི་ཉིད་དབུལ་ཕོངས་རྗེས་ལུས་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པ་བར་མཆོང་སྐྱོད་ཐུབ་པ་དང་། མི་དམངས་ཀྱི་འཚོ་བའི་ཐད་ལྟོ་གོས་མི་འཕྱིད་པ་ནས་སྤྱི་ཡོངས་འབྱོར་འབྲིང་དུ་གྱུར་པའི་བར་འཕེལ་རྒྱས་ཕྱིན་པ། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་མཆོང་སྐྱོད་ཧ་ཅང་ཆེན་པོ་བྱུང་བ། རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འདི་ཉིད་འཛམ་གླིང་ཤར་ཕྱོགས་སུ་འགྱིང་ངེར་གནས་ཐུབ་པ་བྱུང་ཡོད།

        ལོ་30ལྷག་ཙམ་དེ་ཏང་གི་ལོ་90ཡི་ནང་བཞག་ནས་རྟོག་ཞིབ་བྱེད་པ་དང་། 1840ལོ་ཚུན་གྱི་ལོ་170ལྷག་ཙམ་ནང་བཞག་ནས་གདེང་ཚོད་བྱེད་པ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རིམ་ནང་བཞག་ནས་ཞིབ་དཔྱོད་བཅས་བྱས་ཚེ་སྒྱུར་བཅོས་སྒོ་དབྱེ་ནི་མི་ནུབ་པའི་མཛད་རྗེས་རྡོ་རིང་ཞིག་ཡིན་པས་དུས་རབས་དབྱེ་བའི་དོན་སྙིང་ལྡན་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་ཡོད། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་ལ་ཀྲུང་གོ་ཡར་ཐོན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་རེད། “ཀྲུང་གོའི་འགྲོ་ལམ ”འདི་ལེགས་གྲུབ་བྱུང་བ་དེས་གུང་ཁྲན་ཏང་མིའི་ངོས་ནས་བརྗོད་ན་རྒྱལ་ཁབ་འབྱོར་ཕྱུག་དང་། མི་དམངས་ཕྱུག་པོ། མི་རིགས་བསྐྱར་དར་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་ཡང་དག་འཚོལ་ཐུབ་པ་བྱུང་བ་མཚོན་པ་དང་། ཉེ་རབས་ཚུན་གྱི་སྤྱོད་བཟང་འདུན་ཆེའི་མི་སྣའི་ངོས་ནས་བརྗོད་ན་འཚོལ་ཞིབ་བྱེད་སྐབས་འགྱུར་མེད་དམ་བཅའ་འཇོག་པའི་དེང་རབས་ཅན་གྱི་ཕུགས་བསམ་ལ་ལམ་བུ་གསལ་པོ་ཞིག་ཡོད་པ་མཚོན་པ། འཛམ་གླིང་ཐོག་གི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་མཁན་རྒྱལ་ཁབ་དེ་དག་གི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ལ་བློ་སྒོ་ཡང་ཕྱེ་བ་བཅས་རེད། ང་ཚོར་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཀྱང་ང་ཚོའི་དམིགས་ཚད་ཆེན་པོ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་རེ་འགུག་བྱེད་པ་དང་བསྡུར་ན་ད་དུང་ཧེ་བག་ཡོད་པ་རེད། ང་ཚོས་མདུན་སྐྱོད་ཀྱི་འགྲོ་ལམ་བཏོད་ཀྱང་མདུན་སྐྱོད་ཀྱི་འགྲོ་ལམ་སྔར་བཞིན་བདེ་བགྲོད་ཡོང་མི་སྲིད། སྒྱུར་བཅོས་སྒོ་དབྱེ་བྱས་ཚེ་གཞི་ནས་མུ་མཐུད་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་ཐུབ་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་གཞི་དང་ལམ་སྲོལ་གྱི་འགོག་རྐྱེན་མཐའ་དག་བསལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་ཡོང་ཐུབ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ནང “ཀྲུང་གོའི་འགྲོ་ལམ ”ཐོག་ཡག་པོ་བསྐྱོད་ཚེ་ཀྲུང་གོ་འདི་ཉིད་གཞི་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་པ་དང་ཀྲུང་གོའི་མི་དམངས་གཞི་ནས་དེ་བས་ཡོངས་ཁྱབ་དང་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ལ་རྒྱ་ཡོད་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ།

        སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ནང་ཇི་ལྟར་བྱས་ནས “ཀྲུང་གོའི་འགྲོ་ལམ ”ཐོག་ཡག་པོ་སྐྱོད་དགོས་སམ་ཞེ་ན་དེའི་སྐོར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད། དེ་ནི་མདུན་སྐྱོད་བྱེད་པའི་འགྲོ་ལམ་ཐོག་ང་ཚོས་ལྟེ་བ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་ལ་དམ་འཛིན་བྱ་རྒྱུ་མུ་མཐུད་གཡོ་འགུལ་མི་གཏོང་བར་བློ་བརྟན་འགྱུར་མེད་ངང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཆབ་སྲིད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་མུ་མཐུད་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། དམངས་འཚོར་མུ་མཐུད་འགན་སྲུང་ཤུགས་ཆེན་བྱེད་པ་དང་དེ་ལེགས་སུ་བཏང་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དེ་རེད། ཕྱོགས་བཞི་པོ་འདིའི་སྐོར་གྱི་བཀོད་སྒྲིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་རྒྱ་ཆེར་གཏོང་བའི་གཞི་འཛིན་ས་ཞིག་ཡིན་ལ་དེང་རབས་ཅན་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ཡོང་བའི་རྩ་བའི་འགན་ལེན་ཡང་ཡིན།

        མདུན་སྐྱོད་བྱེད་པའི་འགྲོ་ལམ་ཐོག་ད་དུང་དཀའ་ཚེགས་དང་གེགས་བར་འདི་འདྲ་དང་དེ་འདྲ་འཕྲད་སྲིད་པ་དང་། འགལ་ཟླ་དང་གནད་དོན་འདི་འདྲ་དང་དེ་འདྲ་འཕྲད་སྲིད་པས་ང་ཚོས་སྔ་ཕྱི་བར་གསུམ་དུ་རིག་པ་དྭངས་གསལ་བྱེད་པ་དང་། སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ། ནམ་ཡང་རེངས་པོར་མི་འགྱུར་བ་དང་ནམ་ཡང་འཕེལ་མེད་སོར་གནས་སུ་མི་ལུས་པ། གཡོ་འགུལ་མི་གཏོང་བ། སྒྱིད་ལུག་མི་བྱེད་པ། ཁག་པོ་མི་བཟོ་བ། ཉེན་ཁ་མཐའ་དག་ལ་མི་སྐྲག་པ། འགོག་རྐྱེན་མཐའ་དག་སེལ་བ་བཅས་བྱས་ཚེ་མདུན་སྐྱོད་འགྲོ་ལམ་ཐོག་གི་འགོག་རྐྱེན་རྒྱུན་ཆད་མེད་པར་སེལ་ནས་གྲུབ་འབྲས་ཐོབ་པའི་ཕྱོགས་སུ་བསྐྱོད་པའི་འགྲོ་ལམ་རྒྱུན་ཆད་མེད་པར་སྐྱོད་ཐུབ་ངེས་རེད།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་7ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།