དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་ཀྱི་ཚོད་བགམ་ཐེག་པ་བྱས་ཏེ་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་ལ་སྐུལ་མ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ་དང་ཏང་འཛུགས་སྐྱོང་ཇི་ལྟར་བྱ་རྒྱུ་ནི་སྲིད་ཏང་ཞིག་གིས་སྔ་ཕྱི་བར་གསུམ་དུ་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྲིད་སྐྱོང་ལག་ལེན་ནང་རྒྱུན་ཆད་མེད་པར་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཏང་ཡོན་ཁྲི་8000ལྷག་ཙམ་ཡོད་པ་དང་མི་དམངས་དུང་ཕྱུར་13གྱི་སྣེ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་བྱ་གཞག་གསར་དུ་གཏོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ངོས་ནས་བརྗོད་ན་དེ་བས་འདི་ལྟར་རེད།

        “ང་ཚོས་ངེས་པར་དུ་དོན་དངོས་གསར་པ་དང་བསྟུན་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཏང་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཀྱི་ཐོག་ནས་ཏང་འཛུགས་སྐྱོང་ལ་འཕྲད་པའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུར་དམིགས་པ། མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་སྒོ་ཀུན་ནས་ངོས་འཛིན་དང་རང་རྟོགས་ངང་སྤྱོད་པ། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྒོ་ཀུན་ནས་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས ”

        ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་པའི་དུས་སུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་བདེ་སྡོད་ཉེན་བསམ་གྱི་འདུ་ཤེས་དྲག་པོའི་ཐོག་ནས་ཏང་ཡོངས་ལ་ཁ་ཏ་བསླབ་བྱ་ནན་ཏན་བསྐྱོན་ནས “ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས ”པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་བཏོན་གནང་བ་དེ་ཐོག་ནས་རང་རེའི་ཏང་གིས་རང་ངོས་ཀྱི་ལོ་རྒྱུས་ཁ་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་ངོས་འཛིན་གསལ་པོ་གནང་ལུགས་མཚོན་པ་དང་རང་རེའི་ཏང་གིས་དངོས་ཡོད་ཀྱི་ཚོད་བགམ་ལ་ཕྱོགས་པ་དང་ལོ་རྒྱུས་ཀྱི་ལས་འགན་བློ་ཁོག་ཆེན་པོས་ཁུར་བའི་བློ་རྒྱ་དང་རང་ཡིད་རང་ཆེས་མཚོན་གྱི་ཡོད།

        དུས་རབས་ཀྱི་ཁྱད་ཆོས་ལ་བརྡར་ཤ་ཡང་དག་གཅོད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ། དམིགས་ཚད་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་བཅས་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་ལ་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་རེད། ལོ་90ཡི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་བརྒྱུད་པ་དང་འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་འཛམ་གླིང་མདུན་དུ་ཀྲུང་གོས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་ཡོང་བའི་དུས་བབ་གསར་པའི་འོག་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྔར་བྱུང་མྱོང་མེད་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྲན་སློང་གསར་པ་བཅས་མང་པོའི་མདུན་དུ་སྲིད་སྐྱོང་གི་ཚོད་བགམ་དང་། སྒྱུར་བཅོས་སྒོ་དབྱེའི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ། ཕྱི་རོལ་ཁོར་ཡུག་གི་ཚོད་བགམ་བཅས་ནི་ཡུན་རིང་དང་། ཪྙོག་འཛིང་། ཛ་དྲག་བཅས་ཡིན་པ་ང་ཚོས་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས། རྣམ་གཡེང་གི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ཏང་ཡོངས་ཀྱི་མདུན་དུ་དེ་བས་རྣོ་ངར་ཆེན་པོ་ཐོན་པས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་ལས་འགན་དོན་འཁྱོལ་བྱ་རྒྱུ་དེ་དུས་གང་འདྲ་ཞིག་ལས་ཀྱང་ལྗིད་རྫོབ་དང་དགོས་གཏུག་ཆེ་བ་ཞིག་ཡིན།

        ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མུ་མཐུད་མདུན་དུ་བསྐྱོད་ནས་ལས་ཀའི་རྣམ་པ་གསར་པ་གཏོད་པ་དང་བྱ་གཞག་ལ་རྒྱལ་ཁ་གསར་པ་ཐོབ་པ་བྱེད་པར་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡི་བླང་བྱ་ལྟར་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྒོ་ཀུན་ནས་སྐུལ་མ་བཏང་སྟེ་ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དེང་སྐབས་ང་ཚོས “མཐའ་འཁྱོངས་ལྔ ”ཐུབ་པ་བྱེད་དགོས་པ་སྟེ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་ལ་འགྱུར་རྒྱུར་སྐུལ་མ་ཤུགས་ཆེན་དང་ཏང་ཡོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས་དང་སྤྱོད་ཡོན་གཉིས་ལེགས་དང་ཀུན་སྤྱོད་གཙོ་བོར་འཇོག་པའི་མི་སྤྱོད་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་གཅིག་སྡུད་ཐུབ་པ་བྱེད་དགོས་པ། མི་རྩ་བར་འཛིན་རྒྱུ་དང་དམངས་ཆེད་སྲིད་འཛིན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་བརྟན་པོ་འཛུགས་པ་དང་ཏང་གི་མང་ཚོགས་ལངས་ཕྱོགས་རང་རྟོགས་ངང་ལག་ལེན་བསྟར་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་མཉམ་སྤེལ། སྔོན་འགོག་གཙིགས་ཆེན་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ། ལམ་ལུགས་ཀྱིས་དབང་ཆར་དོ་དམ་དང་། བྱ་བར་དོ་དམ། མི་ལ་དོ་དམ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུཌ་འཐུས་ཚང་དུ་བཏང་སྟེ་ཏང་འཛུགས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་མ་གཏོང་དགོས།

        འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་གི་འཕེལ་རྒྱས་ལོ་རྒྱུས་ལ་ལྟ་སྐབས་སྲིད་ཏང་གསོན་ཤུགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ནི་འགྱུར་ལྡོག་འགྲོ་བའི་ཆ་རྐྱེན་ལ་གཞིགས་ཏེ་རང་ངོས་ལ་རྒྱུན་ཆད་མེད་པར་སྒྱུར་བཅོས་བྱེད་པ་དང་ཁོར་ཡུག་ལ་འཕྲོད་ནུས་མཐོ་རུ་བཏང་སྟེ་འཚོ་ཐབས་དང་འཕེལ་རྒྱས་ཡོང་ཐབས་བྱེད་ཐུབ་པ་དེ་ཡིན་པ་ཤེས་ཐུབ། “རླབས་ཆེན་འདུ་འགོད ”ནས “རླབས་ཆེན་འདུ་འགོད་གསར་པའི ”བར་གྱི་ལོ་90ཡི་རིང་དུས་རབས་ཀྱི་བླང་བྱ་དང་ལོ་རྒྱུས་ཀྱི་ལས་འགན་ལ་གཞིགས་ནས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པར་བརྟེན་ང་ཚོའི་ཏང་གིས་གཞི་ནས་མི་དམངས་ལ་རྒྱུན་ཆད་མེད་པར་སྣེ་ཁྲིད་དེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རྟག་ཏུ་ཏང་གི་དོན་དུ་སེམས་ཁྲལ་བྱེད་པ་དང་ཏང་དར་རྒྱས་གཏོང་བའི་འགན་འཁྲི་གཙང་སྒྲུབ་བྱས་ཏེ་སྔར་བས་འབད་འབུངས་ལྷུར་ལེན་གྱི་བསམ་པའི་རྣམ་པའི་ཐོག་ནས་ཏང་འཛུགས་སྐྱོང་ལ་སྐུལ་མ་བཏང་ཚེ་ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་རླབས་རྒྱུན་མདུན་དུ་དཔའ་ངར་ཆེན་པོས་སྒྲེང་པ། སྤྱི་ཚོགས་ཡར་རྒྱས་ཀྱི་སྣེ་ཁྲིད་བཅས་བྱེད་ཐུབ་ནས་མི་དམངས་ཀྱི་ཡིད་ཆེས་དང་རེ་བ་ནམ་ཡང་ཆུད་ཟོས་སུ་གཏོང་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།