དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲུབ་འབྲས་ལོ་རྒྱུས་དེབ་ཐེར་ནང་དུ་བཀོད། ཉམས་མྱོང་གིས་འབྱུང་འགྱུར་ལ་བློ་སྒོ་ཕྱེ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ ”བཅས་ནི་ཏང་དང་མི་དམངས་ཀྱིས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་། ཡུན་རིང་མཐའ་འཁྱོངས། རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་བཅས་ཀྱི་གྲུབ་འབྲས་ཆེན་པོ་གསུམ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་རྒྱས་བཤད་ནང་ང་ཚོའི་ཏང་གི་ལོ་དགུ་བཅུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་ཉམས་མྱོང་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་སྡོམ་གནང་ཡོད་པ་མ་ཟད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

        གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཉམས་མྱོང་ནི་རྩ་ཆེ་ཡིན། ལོ་དགུ་བཅུའི་རིང་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་དང་མཉམ་དུ་འབད་འབུངས་སྟོབས་བརྩོན་དང་། འབད་འཐབ་ལྷོད་མེད། མགོ་བོ་དོར་ཞིང་ཁྲག་དམར་འདོན་པ། སྔོན་འགྱེལ་རྗེས་མཐུད་བཅས་ཀྱི་སྒོ་ནས་གསར་བརྗེའི་ལས་དོན་བསྒྲུབས་པ་དང་། ངར་ཤུགས་སྒྲིམ་ནས་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་དང་དམ་པ་དོན་གཉེར་གྱི་སྒོ་ནས་འཛུགས་སྐྲུན་བྱས་པ། སྒྱུར་བཅོས་ལ་སྐུལ་འདེད་དང་གསར་གཏོད་དོན་གཉེར་བྱས་ཏེ་བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱས་ཡོད། ལོ་དགུ་བཅུའི་འབད་འཐབ་དང་རང་སྲོག་བློས་གཏོང་དང་། གསར་གཏོད་དང་ཉམས་མྱོང་བསགས་པར་བརྟེན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོའི་ནང་ང་ཚོའི་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་སྒྲུབ་བྱས་པ་མ་ཟད། མི་འབོར་དུང་ཕྱུར་བཅུ་གྲངས་ཁ་ཤས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་དང་སྐུལ་འདེད་བཏང་ཡོད། “གྲུབ་འབྲས་ཆེན་པོ་གསུམ ”ནི་ང་ཚོའི་ཏང་གིས་འབད་འཐབ་གསར་འབྱེད་ཀྱི་འབྲས་བུ་ཞིག་ཡིན་ལ་ཀྲུང་གོ་མི་དམངས་ཀྱིས་ཐུན་མོང་ཐོག་གདམ་ག་དང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན།

        གྲུབ་འབྲས་ཆེན་པོ་དེ་གསུམ་ལོ་རྒྱུས་ནས་འབྱུང་བ་དང་། དེང་དུ་རྩ་བ་ཚུགས་པ། འབྱུང་འགྱུར་ལ་ཕྱོགས་པ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ནི་ཏང་དང་མི་དམངས་ལ་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡང་དག་པའི་རིགས་པའི་གཞུང་ལུགས་ཤིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་གཅིག་སྡུད་ཐོག་མངོན་ཡོད། གྲུབ་འབྲས་ཆེན་པོ་གསུམ་གྱིས་དེང་གི་ཀྲུང་གོའི་འཕེལ་རྒྱས་ལ་རྩ་བའི་རྨང་གཞི་བཏིང་ཡོད་ལ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་ཡང་འབྲེལ་བ་ཡོད། ང་ཚོར་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་ཡུན་རིང་གནས་རྒྱུའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེར་འགྱུར་ལྡོག་བྱུང་མེད་པ། རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གནས་བབ་དེར་འགྱུར་ལྡོག་བྱུང་མེད། འཕེལ་རྒྱས་ནི་སྔར་བཞིན་རང་རྒྱལ་གྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་འགག་རྩ་ཡིན། གྲུབ་འབྲས་གང་རུང་གི་མདུན་དུ་ང་ཚོས་སྤོབས་པ་བྱེད་མི་རུང་ལ་དེ་སྔའི་བྱས་རྗེས་ཁོ་ནའི་ཐོག་ལུས་ནས་སྡོད་རྒྱུ་མེད། འགྱུར་ལྡོག་འགྲོ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱིས་ང་ཚོའི་ཏང་ལ “གྲུབ་འབྲས་ཆེན་པོ་གསུམ ”ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་བྱ་གཞག་ལ་རྒྱལ་ཁ་གསར་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག “གྲུབ་འབྲས་ཆེན་པོ་གསུམ ”དེ་བས་ལེགས་པའི་སྒོ་ནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་དུས་བསྟུན་འཕེལ་རྒྱས་དང་སྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་ཡིན། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ལྟེ་བ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་ལ་དམ་འཛིན་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་གྲ་རྒྱས་ཆེན་པོར་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་ཆད་མེད་པར་ཡངས་སུ་གཏོང་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བརྒྱུད་རིམ་ཁྲོད་དུས་ཐོག་ཏུ་ལག་ལེན་གྱིས་བཏོན་པའི་གནད་དོན་གསར་པར་ལན་རྒྱག་པ་དང་། དུས་ཐོག་ཏུ་ཏང་གིས་མི་དམངས་ལ་འགོ་ཁྲིད་གནང་ནས་བཏོད་པའི་ཉམས་མྱོང་གསར་པར་ཕྱོགས་སྡོམ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་གཙོ་གནད་ཐོག་དམ་འཛིན་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་གསར་པ་བཏོན་པ་བཅས་བྱས་ཚེ་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་གོ་སྐབས་མི་ཤོར་བའི་སྒོ་ནས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་གཞིའི་ལམ་སྲོལ་ངན་པ་མཐའ་དག་མེད་པ་བཟོས་ཚེ་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཐུབ།

        ལག་ལེན་འཕེལ་རྒྱས་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་འཐུས་ཚང་། ཡངས་པའི་འགྲོ་ལམ་བཅས་ནི་ནམ་ཡང་དོན་གཉེར་བྱེད་དགོས། གཅིག་ལ་གཅིག་བརྟེན་གྱི་ལག་ལེན་གྱི་བརྗོད་གཞི་ཞིག་ཡིན་པའི “གྲུབ་འབྲས་ཆེན་པོ་གསུམ ”ནི་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཐོག་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་ཞིག་ཡིན། ང་ཚོས་རྩ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་རྒྱུན་འཛིན་དར་སྤེལ་དང་། བློ་ཁོག་ཆེན་པོས་འགྱུར་ལྡོག་གཏོང་ཕོད་པ། གསར་གཏོད་བྱེད་ཕོད་པ། ནམ་ཡང་རེངས་པོར་མི་འགྱུར་བ། ནམ་ཡང་རྗེས་ལུས་ཀྱི་རྣམ་པའི་ཐོག་མི་གནས་པ་བཅས་བྱས་ཚེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་ཏང་དང་མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ནང་དེ་བས་རྒྱ་ཆེ་དང་འོད་ཟེར་ལྡན་པ་ཞིག་ཏུ་གྱུར་ངེས་ཡིན།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་4ཉིན་འབྱོར་བའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།