དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        མིག་སྔར་ཏང་ཡོངས་ཀྱི་མདུན་དུ་འཕྲད་པའི་ལས་འགན་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཡིན། ཏང་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཁྲི་8000ལྷག་ཙམ་གྱི་ངོས་ནས་བརྗོད་ན་ཆོས་ཉིད་ཁོང་དུ་ཆུད་པ་དང་འབྱུང་འགྱུར་ལ་སྟངས་འཛིན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཞིག་ཡིན་ལ་ཡིད་ཆེས་དང་ཁ་ཕྱོགས་བརྟན་དུ་གཏོང་བའི་ཏང་གཤིས་སློབ་གསོ་ཞིག་ཀྱང་ཡིན།

        ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་བརྗིད་ཆགས་ཉམས་དང་ལྡན་པ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཡིད་ཆེས་ཀྱིས་ཁེངས་ཤིང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་གསུང་བཤད་དེ་ལོ་རྒྱུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་རང་རེའི་ཏང་གི་ལོ་90ཡི་བརྗིད་ཆགས་ཉམས་དང་ལྡན་པའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་སྤྲོ་སེམས་འཁོལ་བའི་ངང་བསྟོད་གླུ་ཕུལ་བ་དང་། ལོ་90ཡི་རིང་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་འགོ་ཁྲིད་གནང་བའི་རྩ་ཆེའི་ཉམས་མྱོང་ལ་ཆ་ལག་ཚང་བའི་ངང་ཕྱོགས་སྡོམ་བྱས་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་དམིགས་ཚད་དང་ལས་འགན་ཁ་གསལ་བྱུང་བ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ཁྱོན་ཡོངས་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་རྒྱས་བཤད་གཏིང་ཟབ་བཅས་བྱས་ཡོད། གསུང་བཤད་དེ་གཟིགས་རྒྱང་རིང་ལ་སྤྱི་ཡོངས་ཀྱི་གནས་ཚུལ་སྟངས་འཛིན་བྱས་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ། མི་རྣམས་ལ་སྐུལ་ལྕག་ཐེབས་པ། མི་རྣམས་ཡར་རྒྱས་ལ་སྐུལ་བ་བཅས་ཡོད་ཁར་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡོད་པ་དང་གསུང་བཤད་ཆ་ཚང་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད་པས་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པར་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

        《གསུང་བཤད 》ནང་ལོ་90ཡི་ལོ་རྒྱུས་ལམ་བུར་ཁྱོན་ཡོངས་ནས་ཕྱིར་མིག་བལྟས་པ་དེ་སློབ་སྦྱོང་ནན་ཏན་བྱས་ཚེ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ང་ཚོས་གཞི་ནས་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་སྟེ་ཡིད་ཆེས་ཀྱི་སེམས་པ་བརྟན་དུ་གཏོང་ཐུབ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་ནས་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཕྱེ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་ཏེ་ཀྲུང་གོའི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ལ་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་མངོན་འགྱུར་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་། མཐའ་འཁྱོངས། འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་ལེགས་གྲུབ་དང་སྐུལ་འདེད་བཏང་བའི “དོན་ཆེན་གསུམ ”གྱི་ཐོག་ནས་སྡོམ་ཚིག་འདི་འདྲ་ཞིག་ཐོབ་པ་སྟེ་ཉེ་རབས་ཚུན་དུ་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་འཕེལ་རིམ་ཁྲོད་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གདམ་ག་བྱས་པས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་མཁན་སྲོག་ཤིང་ཏུ་གྱུར་པའི་སྟོབས་ཤུགས་ངོ་གནོང་མི་དགོས་པ་ཞིག་ཡིན་པ་དེ་རེད།

        《གསུང་བཤད 》ནང་ལོ་90ཡི་འབད་འཐབ་ལ་ཚད་མཐོའི་སྙིང་བསྡུས་བྱས་པ་དེ་ནན་ཏན་ངང་སློབ་སྦྱོང་བྱས་ཚེ་ང་ཚོས་གཞི་ནས་དེ་བས་གཏིང་ཟབ་ངང་ཏང་གིས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་རིང་གསར་གཏོད་བྱས་པའི་རླབས་ཆེན་གྲུབ་འབྲས་ཁོང་དུ་ཆུད་ཐུབ་ནས་དད་སེམས་བརྟན་དུ་གཏོང་ཐུབ། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཆགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པ ”བཅས་ནི་ཏང་དང་མི་དམངས་ཀྱིས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་། ཡུན་རིང་མཐའ་འཁྱོངས། རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་བཅས་ཀྱི་རླབས་ཆེན་གྲུབ་འབྲས་ཁག་གསུམ་ཡིན། དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་དང་མི་དམངས་ལ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དང་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མུ་མཐུད་མདུན་སྐྱོད་བྱེད་པ་དང་། ལས་ཀའི་རྣམ་པ་གསར་པ་གཏོད་པ། བྱ་གཞག་ལ་རྒྱལ་ཁ་གསར་པ་ཐོབ་པ་བཅས་ཀྱི་རྩ་བའི་འགན་ལེན་ཞིག་ཡིན།

        《གསུང་བཤད 》ནང་ལོ་90རིང་གི་འཚོལ་ཞིབ་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་དེ་སློབ་སྦྱོང་ནན་ཏན་བྱས་ཚེ་ང་ཚོས་གཞི་ནས་ཏང་གིས་རྒྱུན་བསྲིང་ལྷོད་མེད་ངང་འབད་འཐབ་བྱེད་རིང་ཐོབ་པའི་གཞི་རྩའི་སྡོམ་ཚིག་ལ་དེ་བས་གཏིང་ཟབ་ངང་གོ་བ་ལེན་ཐུབ་ནས་ཁ་ཕྱོགས་བརྟན་དུ་འགྲོ་ཐུབ། “ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་ཡོད ”ཅེས་པ་དེ་ནི་ཀྲུང་གོའི་སྤྱི་ཚོགས་ལོ་90འཕེལ་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་ལམ་བུའི་བློ་སྒོ་གལ་ཆེན་ཞིག་ཡིན། ལོ་90ཡི་སྤྱིར་བཏང་མིན་པའི་ལོ་ཟླ་བརྒྱུད་པའམ་ཡང་ན་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་དུས་བབ་གསར་པར་ཕྱོགས་པ་གང་ཞིག་ཡིན་རུང་ཏང་གི་གསར་འབྱེད་མདུན་སྐྱོད་ཀྱི་བསམ་པའི་སྒུལ་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཏང་གི་གསོན་ཤུགས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཏང་རང་ངོས་སྐྱོན་བྲལ་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་བཅས “ཐོག་མཐའ་བར་གསུམ་དུ་བཞི ”ནི་རང་རེའི་ཏང་གིས་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱ་ཞིག་ཡིན།

        《གསུང་བཤད 》ནང་འབྱུང་འགྱུར་གྱི་དུས་བབ་ལ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་ཞིབ་བྱས་པ་དེ་ནན་ཏན་ངང་སློབ་སྦྱོང་བྱས་ཚེ་ང་ཚོས་གཞི་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པའི་དོན་སྙིང་གལ་ཆེན་ལ་དེ་བས་གོ་བ་གཏིང་ཟབ་ལེན་ཐུབ་ནས་གདམ་ག་བརྟན་དུ་འགྲོ་ཐུབ། སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་གདམ་ག་ཞིག་ཡིན། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཡིད་ཆེས་བརྟན་པོ་དང་། བློ་སྟོབས་ཞུན་བརྡར་བྱེད་པ། རྒྱུན་བསྲིང་ལྷོད་མེད་ངང་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་ལྷུ་ཚིགས་ཁག་ལ་ཁྱབ་པ་བྱེད་པ། དཔལ་འབྱོར་གྱི་སྒྲིག་གཞི་དང་། ཆབ་སྲིད་ཀྱི་སྒྲིག་གཞི། རིག་གནས་ཀྱི་སྒྲིག་གཞི། སྤྱི་ཚོགས་ཀྱི་སྒྲིག་གཞི་བཅས་སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཚེ་གཞི་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མུ་མཐུད་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་ཐུབ་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ངོས་ནས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཐུབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་བསྣན་ཐུབ།

        རིགས་པའི་གཞུང་ལུགས་ནི་ད་ཡོད་ཀྱི་སྣེ་ཁྲིད་ཅིག་ཡིན། འདས་ཟིན་པའི་ལོ་90ལ་ཕྱིར་མིག་བལྟ་སྐབས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་གྱིས་སྤྱི་ཚོགས་ཟང་ཟིང་ཆེ་བའི་ཀྲུང་གོ་ཪྙིང་པར་འོད་སྣང་སྦྱིན་ནས་དབུལ་པོ་དང་རྗེས་ལུས་ཀྱི་ཀྲུང་གོ་ཪྙིང་པར་སྟོབས་འབྱོར་མངའ་ཐང་རྒྱས་པའི་རེ་བ་སྦྱིན་པ་དང་སྒྱུར་བཅོས་ཀྱི་དཔྱིད་དཔལ་རབ་ཏུ་བཞད་པའི་དེང་རབས་ཀྲུང་གོར་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད། རང་རེའི་ཏང་གི་ལོ་90ཡི་ལོ་རྒྱུས་ལམ་བུའི་ནང་རིགས་པའི་གཞུང་ལུགས་དུས་བསྟུན་འཕེལ་རྒྱས་གཏོང་རིམ་བཞིན་ཚང་མས་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་བསམ་པའི་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སྔར་བྱུང་མྱོང་མེད་པའི་གོ་སྐབས་དང་འགྲན་སློང་ལ་ཕྱོགས་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱས་ཚེ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པས་བྱ་གཞག་འཕེལ་རྒྱས་གསར་པ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ཁར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།