དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “གསར་བརྗེའི་རིག་གནས”ལས་དུས་རབས་ཀྱི་བརྗོད་དོན་སྙིང་པོ་མཚོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་དུས་སྟོན་རིང་གྲོང་ཁྱེར་ནས་གྲོང་གསེབ་དང་ལས་ཁུངས་ནས་སློབ་གྲྭ་བར་ཚང་མར “གསར་བརྗེའི་གླུ་གཞས ”གངས་ལྗོངས་ས་མཐོར་ཡོངས་སུ་ཁྱབ་པ་དང་མང་ཚོགས་རང་ཉིད་ཀྱིས་སྒྲིག་འཛུགས་བྱས་པའི་རིག་རྩལ་འཁྲབ་སྟོན་ལེ་ཚན་བར་མི་ཆད་པར་ཐོན་པ་སྟེ། སྣེ་གདོང་རྫོང་ཁེ་གསུམ་གྲོང་ཚོའི་ཞིང་པའི་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་རང་ཉིད་ཀྱིས་བརྩམས་འཁྲབ་བྱས་པའི་གཏམ་བརྗོད་ཟློས་གར 《ཞིང་བྲན་གྱི་མིག་ཆུ 》དང་། ཆུ་གསུམ་ཤང་ཤག་ལྷོ་གྲོང་ཚོའི་སྒྱུ་རྩལ་པ་བསོད་ནམས་ཡོན་ཏན་གྱིས་གསར་རྩོམ་བྱས་པའི “གསར་བརྗེའི་འབྲས་དཀར ”《ཡར་ལངས་ཞིང་བྲན་གྱི་བདེ་སྐྱིད་གླུ་དབྱངས 》དག་ནི་འཁྲབ་ཚན་ཕུལ་བྱུང་ཞིག་ཡིན། ཞིང་འབྲོག་ཁུལ་གྱི་ལས་ཞོར་རིག་རྩལ་ལས་དོན་པས་རང་ཉིད་ཀྱིས་རྒྱུས་མངའ་ཆེ་བ་དང་མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྒྱུན་སྲོལ་སྒྱུ་རྩལ་རྣམ་པའི་ཐོག་ནས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་འཕེལ་བར་བྱས་ཏེ་གངས་ལྗོངས་ས་མཐོ་འདི་ཉིད་གསར་བརྗེའི་གླུ་དབྱངས་ཀྱི་རྒྱ་མཚོ་ལྟ་བུར་གྱུར་ཡོད།

        བརྩེ་སེམས་གང་ཞིག་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་ལས་ཞོར་རིག་རྩལ་འཁྲབ་སྟོན་ལས་བྱེད་པར “གསར་བརྗེའི་རིག་གནས ”འདི་འདྲ་གསར་རྩོམ་བྱེད་པའི་སྐུལ་སློང་བསྐྱེད་པ་ཡིན། བརྩེ་སེམས་གང་ཞིག་བཅངས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ལ་མྱོང་སྣང་ཤུགས་དྲག་འདི་འདྲ་སྦྱིན་དོན་ཅི་ཡིན་ཞེ་ན།

        དེ་ནི “གསར་བརྗེའི་རིག་གནས ”ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་འདུས་པས་དེ་འདྲའི་བརྩེ་སེམས་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་དུས་བབ་ཡ་ང་བར་དྲན་གསོ་བྱས་པ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་དགའ་ཞེན་ཚད་མེད་བྱས་པ་ཞིག་ཀྱང་ཡིན་པས་རེད། ད་ཆའི་བོད་ལྗོངས་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ། དུས་བབ་བརྟན་ལྷིང་། མཐའ་སྲུང་སྲ་བརྟན། རིག་གནས་དར་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོང་ཆེད་ལོ་60ནང་དཀའ་སྤྱད་འབད་བརྩོན་ཡུན་རིང་བྱས་ཡོད། “གསར་བརྗེའི་རིག་གནས ”ལས་མི་རིགས་ཁག་གི་མི་དམངས་ཚོས་ད་ཆའི་བདེ་སྐྱིད་འཚོ་བ་གླུ་རུ་བླངས་ནས་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མང་ཚོགས་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་ཀྱི་བརྗོད་དོན་གཙོ་བོ་མངོན་པར་བྱས་ཡོད།

        “གསར་བརྗེའི་རིག་གནས ”ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དད་སེམས་བརྟན་པོ་འདུས་པས་དེ་འདྲའི་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་འདི་ཉིད་ལ་འོད་སྟོང་འབར་བའི་མདུན་ལམ་ཡོད་པ་ཡིན་པས་ཡིན། “གསར་བརྗེའི་རིག་གནས ”ལས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་དད་སེམས་མཚོན་ལ་ཕུགས་འདུན་དོན་གཉེར་གྱི་བརྩོན་པ་ལྷོད་མེད་བྱས་པའང་མཚོན་ཡོད།

        “གསར་བརྗེའི་རིག་གནས ”ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་སྟོབས་འདུས་པས་དེ་འདྲའི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བྱེད་པའི་སྙིང་སྟོབས་ཀྱི་བརྟེན་ས་ཡིན་པས་རེད། “གསར་བརྗེའི་རིག་གནས ”ལས་མི་རིགས་ཀྱི་རིག་གནས་ཁྱད་ཆོས་རྒྱུན་འཛིན་དང་མངོན་པར་བྱས་ནས་དུས་རབས་ཀྱི་རྗེས་སུ་བསྙེགས་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་སོང་བ་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་འདུན་པ་གླུ་རུ་བླངས་ཏེ་གཅིག་སེམས་གཅིག་སྒྲིལ་ཐོག་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་ཟོལ་མེད་བརྩེ་སེམས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།