དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བདེ་སྐྱིད་ལྡན་པའི་མེ་ཏོག་ཉི་མར་གཏད་ནས་བཞད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རྣ་བས་དངོས་སུ་མ་ཐོས་ཚེ་རྟ་དམག་བའི་དེ་སྔའི་འཚོ་བར་དཀའ་ཚེགས་ཆེན་པོ་ཇི་འདྲ་ཡོད་མེད་བསམ་ཚོད་བྱེད་དཀའ། མིག་གིས་དངོས་སུ་མ་མཐོང་ཚེ་རྟ་དམག་བའི་ད་ཆའི་བདེ་སྐྱིད་འཚོ་བ་ཇི་འདྲ་ཡོད་མེད་ཀྱང་བསམ་ཚོད་བྱེད་དཀའ། སྐར་ལྔའི་དར་དམར་རེ་རེ་བཞིན་རྟ་དམག་གྲོང་ཚོར་ལྷབ་ལྷུབ་ཏུ་གཡོ་སྐབས་ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་སྤོབས་སེམས་ངང་གིས་སྐྱེས།

        རྟ་དམག་བ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་རྗེས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཁོང་ཚོའི་འཚོ་བ་དང་ལས་དབང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་གོང་དུ་ལོ་རྒྱུས་སོགས་དམིགས་བསལ་རྒྱུ་རྐྱེན་ལས་རྟ་དམག་བར་ཐོན་སྐྱེད་རྒྱུ་ཆ་གང་ཡང་མེད་པས་འཚོ་བར་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་རྗེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྟ་དམག་བར་ཐུགས་ཁུར་ཟབ་བཞེས་དང་ལྟ་རྟོགས་ཧ་ཅང་ཆེན་པོ་གནང་ཡོད། ད་ཆའི་རྟ་དམག་བར་བདེ་སྡོད་ཀྱི་སྡོད་ཁང་གསར་པ་དང་ཐོན་སྐྱེད་རྒྱུ་ཆ་ཡོད་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་དང་འདྲ་བར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་དབང་ཆ་ཡོངས་རྫོགས་ལོངས་སྤྱོད་བྱེད་རྒྱུ་ཡོད།

        རང་རྒྱལ་འདི་ཉིད་ས་རྒྱ་ཆེ་ཞིང་མི་རིགས་མང་བ་དང་གྲངས་ཉུང་མི་རིགས་55ཡོད་པ་ཕུད། ད་དུང་དབྱེ་འབྱེད་དམ་ངོས་འཛིན་བྱས་མེད་པའི་གྲངས་ཉུང་མི་རིགས་མང་པོ་ཡོད།

        རང་ལྗོངས་སུ་ཏེང་པ་བ་དང་། ཤར་པ་བ། རྟ་དམག་བ་སོགས་ཡོད་པ་དང་ཁོང་ཚོའི་མི་འབོར་ཧ་ཅང་ཉུང་ཉུང་ཡིན་རུང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་གཅིག་པ་ཡིན། ཁོང་ཚོ་མང་ཆེ་བ་ཐག་རིང་ལུང་ཁུག་དང་དབུལ་པོའི་ས་ཁུལ་དུ་སྡོད་ཀྱི་ཡོད་པས་ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཕོག་སྟབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་ཅུང་རྗེས་སུ་ལུས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་ཐུགས་ཁུར་དང་མི་རིགས་ཁག་གི་མང་ཚོགས་ཚོས་འབད་བརྩོན་ལྷོད་མེད་བྱས་པའི་འོག་ཏེང་པ་བ་དང་། ཤར་པ་བ། རྟ་དམག་བ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་སྟེ། དེ་སྔའི་རྗེས་ལུས་དང་ཕྱི་བཀག་ནང་སྡོམ་གྱི་གྲོང་ཚོ་དེ་ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། དབུལ་པོའི་ཞིང་འབྲོག་མང་ཚོགས་ཁག་གཅིག་གི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་པ། དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་འཕྲིན་གསང་པོ་མེད་པ་ནས་ད་ཆ་མཐོང་རྒྱ་ཧ་ཅང་ཆེ་རུ་ཕྱིན་ཏེ་ལག་ཁྱེར་ཁ་པར་དང་། བཪྙན་འཕྲིན། ཚགས་པར་སོགས་ཀྱི་ཐོག་ནས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཤེས་རྟོགས་བྱས་ཆོག་པ་སོགས་ཡིན།

        བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ཏེང་པ་བ་རྣམས་ཀྱིས་མེས་སྲེག་གྲིས་འདེབས་དང་། སྐུད་པར་མདུད་པ་བརྒྱབ་ནས་བརྗེད་ཐོ་འགོད་པ། ཉ་འཛིན་རྔོན་རྒྱག་བཅས་ཀྱི་གདོད་མའི་འཚོ་བ་སྐྱེལ་བ་དང་། ནགས་ཚལ་སྟུག་པོའི་རི་ཁུག་ནང་ཤིང་ལྤགས་གྱོན་པ་དང་རི་དྭགས་ཀྱི་ཤ་བཟས་ནས་སྡོད་ཀྱི་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ཏེང་པ་བའི་ཚོ་པ་དེ་ཚོ་པའི་འགོ་པས་རྒྱུན་འཛིན་བྱེད་པའི་ལམ་ལུགས་མཇུག་འགྲིལ་ནས་མཐུན་སྦྱོར་དང་ཤེས་དཔལ་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད། རྫ་ཡུལ་སྨད་གྲོང་རྡལ་ས་སྐྱོང་ཏེང་པ་བའི་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་དང་། མི་ཕྱུགས་ཀྱི་འཐུང་ཆུ། གཞུང་ལམ་སྒྱུར་བཀོད་སོགས་ཁོ་ནར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་སྒོར་ཁྲི་500ལས་བརྒལ་ཡོད། ན་ནིང་གྲོང་ཚོ་དེའི་མི་རེའི་ཆ་སྙོམས་ཀྱི་ལོའི་ཡོང་འབབ་སྒོར་7600ཟིན་པའི་ནང་དངུལ་སྨར་ཡོང་འབབ་སྒོར་3600ཡོད་པ་དང་ཆབས་ཅིག་གྲོང་མི་མང་པོ་ཞིག་ལ་ཡུལ་སྐོར་སྤྲོ་འཆམ་ལས་ཕན་པ་ཐོབ་པ་དང་ཁྱིམ་ཚང་གི་རྒྱུ་ནོར་འཕེལ་ཡོད།

        མི་རིགས་ཀྱི་མེ་ཏོག་ཉི་མར་གཏད་ནས་བཞད་ཅིང་། ཏེང་པ་བ་དང་། ཤར་པ་བ། རྟ་དམག་བ་བཅས་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དེ་ཡར་ངོའི་ཟླ་ལྟར་གྱི་འཕེལ་རྒྱས་ཐོག་ནས་མཚོན་ཐུབ། ལྟ་བས་མི་ངོམས་པའི་འགྱུར་ལྡོག་རེ་རེ་བཞིན་གྱི་ཐོག་ནས་ཁོང་ཚོས་གནས་ལུགས་ཤིག་གསལ་པོ་ཤེས་ཡོད་པ་སྟེ། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོ་ཡོད་པ་དང་མེས་རྒྱལ་གྱི་མི་རིགས་ཁྱིམ་ཚང་ཆེ་མོའི་པང་དུ་འཚོ་བ་ཡག་པོ་ཡོད་པ་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།