དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་སླར་ཡང་ནང་བསྟན་གྱི་མཚན་བརྫད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཕྱོགས་གཅིག་ནས “རྒན་ཡོལ་ཞུ་བ ”ཟེར་བ་དང་ཕྱོགས་གཞན་ཞིག་ནས་ཕྱི་ལ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བྲེལ་བའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སོ་སོས་འཁྲབ་འཁྲིད་བྱེད་པའི “རྒན་ཡོལ་ཞུ་བའི ”དགོད་བྲོ་བའི་ཟློས་གར་དེར་ཕྱོགས་མྱུལ་ངན་འབྲེལ་བྱེད་རིང་སྐྱེ་བོ་མང་པོའི་མིག་གི་དབང་པོ་འགུག་རྒྱུའི་རེ་ངན་ཆེན་པོ་འཆང་གི་ཡོད། ད་རེས་ཁོ་པའི་རེ་ངན་གྲུབ་ཡོད་ཤས་ཆེ། ཉེ་ཆར་ཁོ་པས་ཕྱོགས་མྱུལ་ངན་འབྲེལ་བྱེད་རིང་བསྒྲུབས་པའི་བྱ་བ་གཅིག་ལ་དངོས་འབྲེལ་མི་མང་པོས་དོ་ཁུར་བྱས་ཡོད། འོན་ཏེ་བྱ་བ་དེ་ནི་ཁོ་པས་སྔོ་ལོ་འཕྱར་བའི་བྱ་བ་ཞིག་ཡིན་པ་དང་ཐ་ན་ནང་བསྟན་གྱི་མཚན་ཡང་བརྫད་ཡོད།

        ཉེ་ཆར་ཏཱ་ལ་ཨ་རིའི་ལྷོ་ཅ་ལི་ཕུའུ་ཉི་ཡ་སློབ་ཆེན་དུ་བསྐྱོད་ནས “བཟོད་སྒོམ ”དང “སྙིང་རྗེ ”ལ་སོགས་པ་ཆེ་གླེང་བྱས་ནས་མིའི་རིགས་ཀྱི་བསམ་པའི་སློབ་དཔོན་ཞིག་ཡིན་བཟོ་བསྟན། བསམ་ཡུལ་ལས་འདས་པ་ཞིག་ལ་གཏམ་བཤད་བྱེད་རིང་སློབ་མ་གཅིག་གིས་ཁོ་པར་ཨ་རིས་ལ་ཏེན་དམར་གསོད་བཏང་བའི་བྱ་བ་དེར་ལྟ་སྟངས་གང་འདྲ་ཞིག་ཡོད་མེད་འདྲི་སྐབས་དེ་མ་ཐག་ཏཱ་ལའི་མཚང་བརྡོལ་བ་རེད།

        《ལུའོ་ཧྲན་ཅིའི་སྐབས་དོན་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉན་མཁན་སློབ་མ་མང་པོའི་མདུན་དུ་ཏཱ་ལས་ལན་འདི་འདྲ་ཞིག་བཏབ་པ་སྟེ། “དགོངས་པ་དྭངས་རུང་བརྗེད་པ་མིན། གལ་ཏེ་བྱ་བ་ལ་ལ་ཚབས་ཆེན་པོ་ཡོད་པ་དང་ཁ་གཏད་གཅོག་དགོས་ཚེ་ངེས་པར་དེ་ལྟར་བྱེད་དགོས ”ཞེས་པའི་སྐད་ཆ་དུམ་བུ་དེ་ཐོག་ནས་ཨ་རིས་ལ་ཏེན་དམར་གསོད་བཏང་པའི་བྱ་སྤྱོད་ནི “ལུགས་དང་མཐུན་པ ”དང “ངེས་པར་བྱེད་དགོས་པ ”ཡིན་པ་ཏཱ་ལས་ཤུགས་སུ་བསྟན་པ་དང་ཨ་རིས་ལ་ཏེན་དམར་གསོད་བཏང་བར་ཁོ་པས “ཡི་རངས ”བྱེད་ལུགས་མཚོན་གྱི་ཡོད་ཅེས་འགྲེལ་བཤད་རྒྱག་ཆོག

        ས་གནས་དེ་གའི་སྨྱན་སྦྱོར་མང་པོ་ཞིག་གིས་དེའི་ཐད་གནས་ཚུལ་འདི་འདྲ་སྤེལ་ཡོད། གནས་ཚུལ་སྤེལ་བའི་འགོ་བརྗོད་མང་པོ་ཞིག་ནི 《ཏཱ་ལའི་བླ་མ། པན ·ལ་ཏེན་དམར་གསོད་བཏང་པ་ནི་དྲང་བདེན་ཞིག་རེད 》དང 《ཏཱ་ལའི་བླ་མས་ཨའོ་ས་མ ·པན ·ལ་ཏེན་གྱིས་སོ་སོའི་ལས་དབང་ཁུར་དགོས་ཞེས་བཤད་པ 》《“སྙིང་རྗེའི ”མཚོན་བྱེད་ཡིན་པའི་ཏཱ་ལའི་བླ་མས་པན ·ལ་ཏེན་དམར་གསོད་བཏང་བ་ནི་ལུགས་དང་མཐུན་པ་ཞིག་ཡིན་པ་ཤུགས་ཀྱིས་བསྟན་ཡོད 》《ཏཱ་ལའི་བླ་མ། པན ·ལ་ཏེན་ཤི་བ་ནི་ལུགས་དང་མཐུན་པ་ཡིན་ཤས་ཆེ 》《པན ·ལ་ཏེན་ལ་བསམ་ཤེས་བྱེད་དགོས་སམ། ཏཱ་ལའི་བླ་མའི་ལྟ་ཚུལ་མི་རྣམས་ཧང་སངས་པ་དགོས་པ་ཞིག་ཡོད 》

        ཏཱ་ལའི་གཏམ་བརྗོད་དེར་དངོས་འབྲེལ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། ཨ་རིར་འདྲི་གཅོད་མ་བྱས་པར་པན ·ལ་ཏེན་དམར་གསོད་གཏོང་དབང་ཡོད་དམ། ཨ་རིའི་དམག་མིས་སྐབས་དེར་ལག་ཏུ་མཚོན་ཆ་གང་མང་མེད་ལུགས་བཤད་ཚུལ་ཡོད་པའི་ཉེས་གསོག་དོགས་ཅན་བསད་པ་ནི་ལུགས་མཐུན་ཡིན་ནམ། དེའི་ཐད་བཤད་སྟངས་སྣ་ཚོགས་ཡོད་པས་སུས་འགྲིག་སུས་ནོར་ཐད་མི་རེ་ལ་ལྟ་ཚུལ་རེ་ཡོད། འོན་ཏེ “ཤཱཀྱའི་དགེ་སློང ”ཡིན་རློམ་བྱེད་པའི་ནང་བསྟན་པས “སེམས་ཅན་ཐམས་ཅད་མར་བརྩི་བ ”དང “བྱམས་སྙིང་རྗེ་སྒོམ་པའི ”རྩ་དོན་ལྟར་གནས་ཚུལ་གང་འདྲ་ཐོན་ཡང་བྱམས་སྙིང་རྗེ་མངོན་པར་བྱེད་དགོས། འོན་ཏེ་ཏཱ་ལས་སློབ་མ་མང་པོའི་མདུན་དུ་དམར་གསོད་གཏོང་པའི་བྱ་སྤྱོད་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བསྔགས་བརྗོད་བྱས་པ་དེར་མི་རྣམས་ཧང་མི་སངས་བ་ག་ལ་སྲིད།

        ཨ་རིའི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཀྱང་གཏན་ནས་རྟོགས་ཐུབ་ཀྱི་མེད། 《ལུའོ་ཧྲན་ཅིའི་སྐབས་དོན་ཚགས་པར 》ཐོག་མི་རྣམས་ཧང་སངས་དགོས་པའི་ཏཱ་ལའི་གཏམ་བརྗོད་སྤེལ་བ་དང་ཕྱོགས་མཚུངས་ཏཱ་ལའི་གཏམ་བརྗོད་ནང་གི་ནང་འགལ་ཆེད་མངགས་ངོ་སྤྲོད་བྱས་ཡོད་པ་སྟེ “བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་ཡིན་པའི་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་བྱམས་སྙིང་རྗེ་སྒོམ་ཚུལ་ཚད་འདི་འདྲ་ཞིག་ཏུ་སླེབས་ཡོད་ཅེས་བཤད་པ་སྟེ ‘ངའི་བློ་ཁ་བདེ་བའམ་ཡང་ན་ནད་ཡམས་ཀྱི་ཉེན་ཁ་མི་འཕྲད་སྐབས ’ཁོ་པས་དུག་སྦྲང་ཡང་མི་གསོད་པ་དང་སྐབས་འགར་དེ་དག་ལ་ཁོ་པའི་ལུས་ཁྲག་ཁེངས་སྐབས་ད་དུང་དེ་དག་ལ་ལྟ་གི་ཡོད ”འོན་ཏེ་གནས་ཚུལ་སྤེལ་བའི་ནང “གཟའ་མིག་དམར་ལ་ལྷོ་ཅ་ལི་ཕུའུ་ཉི་ཡ་སློབ་ཆེན་དུ་ཁོ་པས་ཨ་རིས་ཨའོ་ས་མ ·པན་ལ་ཏེན་དམར་གསོད་བཏང་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་པ་ཤུགས་ཀྱིས་བསྟན་ཡོད ”ཅེས་ནན་བཤད་བྱས་ཡོད།

        སྨྱན་སྦྱོར་ལ་ལས་ཏཱ་ལའི་བྱེད་སྤྱོད་ནི་ནང་བསྟན་གྱི་སྙིང་པོ་དང་འགལ་ཚུལ་ཐད་ཀར་བསྟན་ཡོད། རྩོམ་ཡིག་ཅིག་གི་དཔྱད་བརྗོད་ནང་སྟོན་པའི 《ཚིགས་སུ་བཅད་པའི་མདོ 》ནང་སྟོན་པས་གདམས་ངག་དེ་འདྲ་ཞིག་གནང་བ་སྟེ། “ང་ལ་སྨད་ཅིང་ང་ལ་གནོད། ང་ལས་འཕྲོག་ཅིང་ང་ཕམ་ཞེས། གང་གིས་དེ་དག་སེམས་བྱེད་པ། དེ་རྣམས་ཁྲོ་བ་ཞི་མི་འགྱུར ” “འོན་ཏེ་ཏཱ་ལའི་བླ་མ ”ནི “བྱམས་སྙིང་རྗེར་འགྱུར་བ་ནམ་ཡང་མེད་པར་སྐད་གྲགས་ཆོད་པའི་བོད་རིགས་ཀྱི་བསམ་པའི་གཙོ་འཛིན ”ཡིན་པའི “ཁོ་པའི་ལན་ནི་མི་རྣམས་ཀྱི་རེ་སྒུག་ལ་ཟང་ཟིང་བཟོས་ཡོད ”ཅེས་འཁོད་ཡོད། རྩོམ་ཡིག་ནང་ཐ་ན་དོན་རྐྱེན་དེའི་ཐད་ཀྱི་ཆོས་ལུགས་གཞན་དག་གི་ལྟ་སྟངས་བགྲངས་ནས “ཆོས་ཀྱི་སྙིང་པོ་དང་འགལ་བའི ”ཏཱ་ལའི་བཤད་སྟངས་དང་བསྡུར་ཡོད་པ་སྟེ། “གང་ཟག་ཅིག་ཤི་བའི་མདུན་དུ་ཡེ་ཤུའི་ཆོས་པ་ཞིག་ལ་ནམ་ཡང་དགའ་བ་མི་ཚོར་བར་གནམ་བདག་དང་མིའི་རིགས་ཀྱི་མདུན་དུ་གང་ཟག་ཚང་མས་ཁུར་བའི་བརྗིད་ཉམས་ལྡན་པའི་འགན་འཁྲིར་བསམ་གཞིགས་བྱེད་སྲིད ”ཅེས་པ་དེ་རེད། “ཇུས་འགོད་མི་ལེགས་པའི་འོག ”ཏཱ་ལས་བཤད་པའི་མི་འཚམས་པའི་གཏམ་བརྗོད་དེར་ཟུར་ཟ་བྱས་པས་ཏཱ་ལ་རང་ཉིད་ཀྱི་སྔོ་ལོ་འཕྱར་བ་མ་ཟད་ནང་བསྟན་གྱི་མཚན་ཡང་བརྫད་ཡོད།

        ཏཱ་ལ་ནི “ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་སྲིད་ཚོང་པ ”ཡིན་པ་མི་ཤེས་པའི་ནུབ་ཕྱོགས་བ་མང་པོའི་མིག་ལམ་དུ་ཏཱ་ལ་ནི་ནང་བསྟན་གྱི་བྱམས་སྙིང་རྗེ་སྒོམ་མཁན་མཚོན་བྱེད་དང་ཐ་ན་ནང་བསྟན་གྱི་མགྲིན་ཚབ་པ་ཞིག་རེད། ད་རེས་ཕྱོགས་མྱུལ་ངན་འབྲེལ་བྱ་ཡུལ་རྒྱལ་ཁབ་ཀྱི་ཉན་མཁན་ཚོར་སྤྲེལ་ལད་ཤོད་ཆེད་ཁོ་པས་ནང་བསྟན་གྱི་སྙིང་པོ་“སྲོག་མི་གཅོད་པ ”ལས་ཚབས་ཆེན་འགལ་བར་བརྟེན་ནུབ་ཕྱོགས་བ་མི་ཉུང་བ་ཞིག་ཧང་སངས་བ་ནི་ལོས་ཡིན།

        དབྱིན་ཡིག་སྨྱན་སྦྱོར་ཞིག་གིས་དེའི་ཐད་གནས་ཚུལ་སྤེལ་ཏེ་ཏཱ་ལར་བློ་ཕམ་བྱུང་ཚུལ་ཐད་ཀར་བསྟན་ཡོད། གནས་ཚུལ་སྤེལ་བའི་འགོ་བརྗོད་ ཀྱི་དཔྱད་གཏམ་ནང་ཡིག་འབྲུ་ཆེན་པོའི་ཐོག་ནས “ཏཱ་ལའི་བླ་མས་ཨ་རིས་ཨའོ་ས་མ ·པན ·ལ་ཏེན་དམར་གསོད་བཏང་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་ཤས་ཆེ་ཞེས་བཤད་པ་དེ་ཆོས་ལུགས་གཙོ་འཛིན་དེའི་འབྲེལ་ཡོད་ཞི་བ་དང་སྙིང་རྗེའི་སེམས་པའི་ཀུན་སློང་ལས་འགལ་བ་དེ་ནི་མཐོང་དཀོན་པའི་འགྱུར་བ་ཞིག་རེད ”ཅེས་དང “དེ་ནི་སྙིང་རྗེའི་སེམས་པའི་སྔོན་བྱོན་པ་ཡིན་པ་འཛམ་གླིང་ཡོངས་སུ་ཀུན་གྱིས་ངོས་འཛིན་ས་དེའི་ས་ནས་མི་རྣམས་ཧང་སངས་དགོས་པའི་ཆ་འཕྲིན་ཐོབ་ཡོད ”ཅེས་འཁོད་ཡོད། དབྱིན་ཡིག་གི་སྨྱན་སྦྱོར་གཞན་ཞིག་གི་འདྲེན་ཚིག་ནང “ཏཱ་ལའི་བླ་མ -བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་པོ་དང་སྙིང་རྗེའི་སེམས་པ་དང་ཞི་བར་རྒྱབ་སྐྱོར་བྱེད་མཁན་ཆོས་ལུགས་ཀྱི་གཙོ་འཛིན་གྱིས -ཨ་རིས་ཨའོ་ས་མ ·པན ·ལ་ཏེན་དམར་གསོད་གཏོང་བའི་བྱ་སྤྱོད་ནི་ངེས་པར་དུ་བྱེད་དགོས་པ་ཞིག་ཡིན་ཤས་ཆེ་ཞེས་བཤད ”ཅེས་འཁོད་ཡོད།

        ཏཱ་ལའི་གཏམ་བརྗོད་དེ་དོན་དངོས་ཐོག “ཁོ་པའི་རྗེས་འབྲངས་པས་ཀྱང་ཧང་སངས་ཡོད ”དེ་རྗེས་ཏཱ་ལའི་གཞུང་ལས་ཁང་གིས་དེའི་དྲ་ཚིགས་ཐོག་ཏཱ་ལའི “གཏམ་བརྗོད་ཕྱོགས་སྡོམ ”ཟེར་བ་བཏོན་ནས་ཁོ་པའི་བཤད་སྟངས་བསྒྱུར་རྒྱུའི་རེ་ངན་བཅངས་ནས “དང་ཐོག་ཏཱ་ལའི་བླ་མས་ནན་བཤད་བྱས་པའི་སྙིང་རྗེའི་སེམས་པ་ནི་ཀུན་སྤྱོད་མཐའ་དག་གི་རྨང་གཞི་རེད། དམིགས་བསལ་གྱི་གནས་ཚུལ་འོག་དྲང་བདེན་བསྐྱང་རྒྱུ་འགན་ལེན་བྱེད་དགོས་པ་དེ་ཉེས་གསོག་ལ་སྙིང་རྗེ་བྱས་པ་ལས་གལ་ཆེ་བ་ཡོད ”ཅེས་འཁྱོག་བཤད་བྱས་ཡོད། འོན་ཏེ་བཤད་པའི་གཏམ་ནི་འཕངས་པའི་མདའ་ལྟར་ཧམ་བཤད་བྱས་ཀྱང་མི་རྣམས་ཀྱི་དོགས་འཆར་སེལ་མི་ཐུབ་པར་དེ་ལས་ལྡོག་སྟེ་མི་རྣམས་ཀྱིས “ཞི་བའི་ཕོ་ཉ ”དང “བྱམས་སྙིང་རྗེའི་དེད་དཔོན ”ཟེར་བ་དེའི་གདོང་རིས་ངོ་མ་སྔར་བས་གསལ་རྟོགས་ཐུབ་རྒྱུ་རེད།

        ཏཱ་ལའི་ལོ་རྒྱུས་ཤེས་མཁན་ཚོས་1959ལོར་དྲག་པོའི་ངོ་ལོག་ཟིང་འཁྲུག་ལ་ཕམ་ཉེས་བྱུང་བ་དང་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་ས་ཁོངས་ཕྱི་རོལ་དུ་བྲོས་རྗེས་ཀྱི་དུས་ཚོད་རིང་པོའི་ནང་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ངན་སྐྱོར་འོག་ཏཱ་ལས་ཕྱི་རྒྱལ་དུ “ཡུལ་གྱར་སྲིད་གཞུང ”ཟེར་བ་བཙུགས་ནས་སོ་སོས་སྤྱིའི་འགོ་པ་བྱས་ཏེ་ཕྱིར་བྲོས་པའི་ངོ་ལོག་དྲག་ཆས་རྒྱུན་ཆད་མེད་པར་ངན་རུབ་བྱས་ནས་མཐའ་མཚམས་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ་མི་རྣམས་ཁོང་ཁྲོ་ཟ་དགོས་པའི་སྡིག་ཉེས་བསགས་ཡོད་པ་བརྗེད་མི་སྲིད། ཕྱིས་སུ་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་ངོ་ལོག་དྲག་ཆས་པར་རྒྱལ་སྤྱིའི་རྒྱབ་སྐྱོར་མི་ཐོབ་སྟབས་ཏཱ་ལས “ཞི་བ ”དང “འཚེ་མེད ”ཀྱི་ཕྱི་གོས་གྱོན་དགོས་བྱུང་ཡོད། འོན་ཏེ་ལྷ་སར “3·14” དོན་རྐྱེན་ཐོན་རྗེས་ཏཱ་ལས་བསམ་དོན་གྲུབ་པར་སྙམ་སྟེ་འཕྲལ་མར་གདུག་རྩུབ་ཀྱི་གདོང་རིས་མངོན་ནས་མངོན་སུམ་འཛེམ་མེད་ངང་རྡུང་གཅོག་འཕྲོག་སྲེག་བཅས་ཀྱི་རྩུབ་སྤྱོད་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་རྗེས་སུ་དོན་རྐྱེན་མགྱོགས་མྱུར་ངང་ཞོད་འཇགས་སུ་བཏང་བ་མ་ཟད། རྩུབ་སྤྱོད་ཀྱི་བྱེད་སྤྱོད་དམར་རྗེན་དུ་བཏོན་རྗེས་རྒྱལ་སྤྱིའི་གླེང་ཕྱོགས་ལ་འགྱུར་བ་ཕྲན་བུ་བྱུང་ནས་ཏཱ་ལས་སླར་ཡང “ཞི་བ ”དང “འཚེ་མེད ”ཀྱི་དར་རྟགས་འཕྱར་ནས་མུ་མཐུད་རྫུན་ཆས་སྤྲས་དགོས་བྱུང་ཡོད།

        ད་རེས་ཐ་ན་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གི་དྲ་གྲོགས་ཀྱིས་ཀྱང་ཏཱ་ལའི་གདོང་རིས་ངོ་མ་གསལ་པོར་ཤེས་ཡོད། ནུབ་ཕྱོགས་སྨྱན་སྦྱོར་གྱིས་འབྲེལ་ཡོད་གནས་ཚུལ་སྤེལ་བའི་ཐོག་དྲ་གྲོགས་ལ་ལས “ད་ལྟ་ཏཱ་ལའི་བླ་མ་ནི་ཨ་རིར་སྤྲེལ་ལད་ཤོད་མཁན་སྲིད་ཚོང་པ་ཞིག་ཡིན་པ་དང་བོད་ཀྱི་གནད་དོན་ཐད་ཨ་རིའི་རོགས་རམ་ཐོབ་རེ་བྱེད་ཀྱི་ཡོད ”ཅེས་དཔྱད་པ་བརྗོད་པ་དང་། ལ་ལས “ངས་ཏཱ་ལའི་བླ་མ་ནི་ཨ་རིའི་སྲིད་ཚོང་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད ”ཅེས་ཐད་ཀར་བཤད་ཡོད། དབྱིན་ཡིག་གི་སྨྱན་སྦྱོར་ཞིག་གི་ཐོག་གནས་ཚུལ་སྤེལ་བའི་འགོ་བརྗོད་དུ 《ཏཱ་ལའི་བླ་མ་ནི་ལ་ཏེན་གྱི་དཀའ་གནས་སུ་ལྷུང་བ 》ཞེས་འཁོད་པ་ལྟར་ཏཱ་ལས་ཀྱང་རང་ཉིད་ཀྱིས་ཪྙོག་དྲ་བཟོས་པ་དང་གདོང་རིས་ངོ་མ་གཟབ་གཟབ་མ་བྱས་པར་དམར་རྗེན་དུ་ཐོན་པ་ཤེས་ཀྱི་ཡོད། དེར་བརྟེན་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཐོག་ཁོ་པས་ཕྱོགས་མྱུལ་ངན་འབྲེལ་བྱེད་རིང་སྐད་ཆ་དེ་སྐོར་ཡེ་ནས་མི་གླེང་བར་སླར་ཡང་གཡོ་ཟོལ་གྱིས་ཐར་ཐབས་བྱེད་པའི་རེ་ངན་འཆང་གི་ཡོད་ཅེས་འཁོད་ཡོད། འོན་ཏེ་ད་རེས་གཡོ་སྒྱུ་འཁྲབ་པ་བརྒྱུད་དེ་སྔ་གནས་ཚུལ་ངོ་མ་མི་ཤེས་པའི་སྐྱེ་བོ་དེ་བས་མང་བ་ཞིག་གིས་ཏཱ་ལའི་ངོ་བོར་ངོས་འཛིན་གསར་པ་བྱེད་འགོ་ཚུགས་ཡོད། ཏཱ་ལའི་ཁ་བདེ་ལྕེ་བདེས་སྐྱེ་བོར་ཚེ་གང་མགོ་སྐོར་གཏོང་མི་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།