དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “རྒན་ཡོལ་ཞུས་ཀྱང་ངལ་གསོ་མ་བརྒྱབ་པའི”ཏཱ་ལ་ནི་སྔར་བཞིན་ཁ་ཕྲལ་རུ་ཚོགས་ཀྱི་སྤྱིའི་འགོ་པ་རེད།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “རྒན་ཡོལ ”ཞུས་ནས “ཆབ་སྲིད་ཀྱི་དབང་ཆ ”གསར་དུ་བདམས་པའི “ཡུལ་གྱར་སྲིད་གཞུང ”གི་འགོ་པར་རྩིས་སྤྲོད་བྱེད་ཀྱི་ཡིན་ཞེས་སྐད་ཅོར་རྒྱག་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མི་རྣམས་ཀྱི་བསམ་ཚོད་ལྟར་ངལ་གསོ་མི་རྒྱག་པར་ད་ཆ་དེ་ལས་ལྡོག་སྟེ་བྲེལ་བ་ཆེ་རུ་ཕྱིན་ཡོད། ཉེ་དུས་རིང་གི་ཁོ་པའི་བྱེད་སྤྱོད་ཁ་ཤས་དང་དེ་བཞིན་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ནང་ཁུལ་གྱིས་ཁོ་པའི “རྒན་ཡོལ་ཞུ་བའི ”གནད་དོན་ཐད་ལ་འཛིན་པའི་ཚོར་སྣང་ཐོག་ནས “རྒན་ཡོལ ”ཞུ་གི་ཡིན་ཟེར་བའི་ཁོ་པའི་བྱེད་སྟངས་དེ་རིགས་ནི་མི་རྣམས་ཀྱི་མཐོང་ཐོས་རྨོངས་སུ་འཇུག་པའི་དར་རྟགས་གཞན་ཞིག་ཡིན་ལ་དོན་དངོས་ཐོག་ཁོ་པས “རྒན་ཡོལ་ཞུས་ཀྱང་ངལ་གསོ་མི་རྒྱག་པ ”ནི་འབིར་སྒྲ་བཟོ་ཆེད་ཡིན་པ་མངོན་ཐུབ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་སྔར་བཞིན་ཁ་ཕྲལ་རུ་ཚོགས་ཀྱི་སྤྱིའི་འགོ་པ་འཕྲུལ་མེད་ཅིག་རེད།

        ཉེ་དུས “དམངས་གཙོའི་འདེམས་བསྐོ ”ཟེར་བའི་ཐོག “བོད་ཡུལ་གྱར་སྲིད་གཞུང ”ཟེར་བའི་འགོ་པ་གསར་པ་ཐོན་རྗེས་ཏཱ་ལ་ནས “དབང་ཆ་རྩིས་སྤྲོད ”བྱེད་པའི་འདོད་བློ་དང་བྱ་སྤྱོད་གང་ཡང་མེད་པར་འཕྲལ་མར་འཛམ་གླིང་ཐོག་ཕྱོགས་མྱུལ་ངན་འབྲེལ་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད། ཕྱོགས་མྱུལ་ངན་འབྲེལ་གྱི་བྱེད་ལུགས་བྱེད་སྟངས་ནི་དེ་སྔ་དང་གཅིག་པ་གཅིག་ཀྱང་ཡིན་པ་ལས་འགྱུར་ལྡོག་གང་ཡང་མེད་པས་ཐ་ན་ཕྱིའི་སྨྱན་སྦྱོར་ཚང་མས་ཀྱང་ཁོ་པའི་ཕྱོགས་མྱུལ་ངན་འབྲེལ་རིང་གི་རྒྱུན་གཏན་གྱི་བྱེད་སྤྱོད་དེ་ཡང་སྔར་བཞིན “བོད་དུ་འཛིན་པའི་ཀྲུང་གོའི་སྲིད་ཇུས་ལ་སྐྱོན་འཛུགས་བྱ་རྒྱུ ”དེ་ཡིན་པ་དང་རྒྱུན་གཏན་གྱི་བྱེད་སྤྱོད་གཞན་ཞིག་ནི་ཁོ་པས་མིང་ཐོག་ཏུ་ཆོས་ལུགས་མི་སྣའི་ཐོབ་ཐང་ཐོག་གདན་ཞུས་ལྟར་བྱེད་སྒོ་ཁ་ཤས་ནང་ཞུགས་ཏེ “ཆབ་སྲིད་མི་སྣ་དང་ཐུག་འཕྲད ”ཡོང་རེ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག “ཟིལ་ཤུགས ”བཟོ་རྒྱུ་དེ་ཡིན་པ་ཚོད་དཔག་བྱས་ཡོད།

        ཏཱ་ལའི་ཁ་ཕྲལ་རུ་ཚོགས་ནང་ཁུལ་གྱི་མིས་ལྟ་སྐབས “རྒན་ཡོལ་ཞུས་པའི ”ཏཱ་ལ་དང་རྒན་ཡོལ་མ་ཞུས་གོང་གི་ཏཱ་ལའི་དབར་ཁྱད་པར་གང་ཡང་མེད། ཐ་ན “བོད་ཡུལ་གྱར་སྲིད་གཞུང ”ཟེར་བའི་འགོ་པ་གསར་པས་ཀྱང “ཏཱ་ལའི་བླ་མ་ནི་ལམ་ལུགས་ཤིག་ཡིན་པའི་ཐོག་ནས་ལོ་400ལྷག་ཙམ་གནས་པས་མི་སུ་འདྲ་ཞིག་གིས་ཀྱང་ཏཱ་ལའི་ཚབ་བྱེད་མི་ཐུབ། མི་སུ་འདྲ་ཞིག་གིས་ཀྱང་ཆབ་སྲིད་ཀྱི་གཙོ་འཛིན་བྱེད་ཀྱང་གཙོ་བོའི་འགྲན་སློང་ནི་རང་ཉིད་ཀྱི་སྙན་གྲགས་དང་ཡིད་ཆེས་ཐོབ་ཚད་ཆེ་རུ་གཏོང་རྒྱུ ”དེ་ཡིན་པ་ཁས་ལེན་གྱི་ཡོད། དེའི་ཐད་ཕྱིའི་སྨྱན་སྦྱོར་གྱིས་ཀྱང་གསལ་པོ་མཐོང་ཐུབ་པ་སྟེ། ཏཱ་ལར་དེ་བས་གལ་ཆེ་བའི་བསམ་པའི་གཙོ་འཛིན་དང་སྲིད་ཇུས་གཙོ་བོ་བཟོ་བའི་གཏན་འབེབས་བྱེད་དབང་རང་སོར་འཇོག་རྒྱུ་ཡིན་པ་དང “དབང་ཆ་རྩིས་སྤྲོད ”ཟེར་བ་དེ་རིགས་ནི “བོད་ཡུལ་གྱར་སྲིད་གཞུང ”གི་འགོ་པ་གསར་པར་དེ་སྔའི་འགོ་པ་ལས་བྱེད་སྤྱོད་སྤེལ་ཁོམ་དེ་བས་མང་བ་ཡོང་ཆེད་ཙམ་ཡིན་པ་དང “གཏན་འབེབས་གལ་ཆེན་ཡིན་ཕྱིན་ངེས་པར་དུ་ཏཱ་ལའི་བླ་མ་དང་གྲོས་བྱེད་དགོས་པ ”དེ་རེད།

        ཏཱ་ལ་རང་ཉིད་ཀྱིས་ཀྱང་དེའི་ཐད་གསལ་པོ་ཤེས་ཀྱི་ཡོད། ཁ་ཕྲལ་རུ་ཚོགས་ནང་གི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་མི་སྒེར་གྱི “ཚབ་བྱེད་ཐབས་བྲལ་བའི ”དབང་གྲགས་ཀྱི་གནས་བབ་དེ་རིགས་ལོ་བརྒྱ་ཕྲག་རིང་ཀྲུང་དབྱང་སྲིད་གཞུང་གིས་དབང་ཆ་སྤྲད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་བོད་སྡོད་ཨམ་བན་གྱིས་ཐུན་མོང་ཐོག་བོད་ཀྱི་བྱ་བ་དོ་དམ་བྱེད་པའི་ཡུན་རིང་ལོ་རྒྱུས་ནས་བྱུང་བ་ཞིག་ཡིན་ལ་དེ་ནས་བཟུང་མི་རྣམས་ཀྱི་སེམས་ནང་འགྱུར་དཀའ་བའི་སྲོལ་རྒྱུན་གྱི་བསམ་གཞིགས་དེ་ཆགས་པ་དང་གནས་ཚུལ་གང་རུང་འོག་དང་མིང་གང་འདྲ་ཞིག་གི་ཐོག་ནས་འགྱུར་ལྡོག་ཅི་འདྲ་བཏང་ཡང་ཁོ་པས་དུས་རྟག་ཏུ་ཁ་ཕྲལ་རུ་ཚོགས་དེའི་གཏན་འཁེལ་དབང་ཆ་མཐོ་ཤོས་དེ་ལག་ནང་དམ་པོར་བཟུང་ཐུབ་ཀྱི་ཡོད།

        དེ་དང་ཆབས་ཅིག་ཏཱ་ལས་གཙོ་ཁྲིད་བྱས་པའི་ད་ཐེངས་ཀྱི “འདེམས་བསྐོ ”དེ་ཡང་མ་གཞི་ནས་མི་རྣམས་ཀྱིས་ཁས་མི་ལེན་པའི “བོད་ཡུལ་གྱར་སྲིད་གཞུང ”གི་ཚབ་བྱེད་རང་བཞིན་ལ་དོགས་གནད་བཞག་ཡོད། ཕྱིའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “བོད་ཡུལ་གྱར་སྲིད་གཞུང ”ཟེར་བས་བཤད་པར་གཞིགས་ན། རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་ཡུལ་གྱར་བོད་མི་ཁྲི་8.34ལ “འདེམས་ཤོག་འཕེན་དབང ”ཡོད་མོད། འོན་ཀྱང་དངོས་སུ་འདེམས་ཤོག་འཕེན་མཁན་ཁྲི་4.9ལས་མེད། དེ་ལྟར་བདམས་པའི “བཀའ་བློན་ཁྲི་པ ”དང་ཏཱ་ལའི “རྒྱུན་འཛིན་པར ”ཚབ་བྱེད་རང་བཞིན་དང་དབང་གྲགས་རང་བཞིན་གང་ཞིག་ཡོད་དམ། ཏཱ་ལ་རང་ཉིད་ཀྱིས་ཀྱང “དམངས་གཙོའི་འདེམས་བསྐོ ”དེ་ངོ་མ་ཞིག་ཏུ་འཛིན་གྱི་མེད་ཤས་ཆེ། མངའ་ཁོངས་ཕྱིའི་སྨྱན་སྦྱོར་གྱིས་“བཀའ་བློན་ཁྲི་པ་སུ་ཞིག་ཡིན་ཡང་གནད་འགག་ནི་ཏཱ་ལ་དང་བསྡུར་ན་ཆེད་མངགས་བོད་མིའི་འཁོར་རྒྱའི་ཕྱིར་ཁོ་པར་སྤྱིར་ན་སྙན་གྲགས་གང་ཡང་མེད་པས་དཀའ་ངལ་ཆེ་བའི་རྣམ་པ་ཞིག་རེད ”ཅེས་དང་ད་དུང་“བོད་ཡུལ་གྱར་སྲིད་གཞུང ”ཟེར་བ་དེ “ཁས་ལེན་མཁན་རྒྱལ་ཁབ་གང་ཡང་མེད་པ ”དང་གལ་ཏེ་ཏཱ་ལའི་ལྟ་རྟོག་མེད་ན་བོད་མིའི་མིག་ནང་དེའི་ཁྲིམས་མཐུན་རང་བཞིན་ལ “དོགས་གནད་ཆེན་པོ་ཡོང་སྲིད ”ཅེས་གདེང་འཇོག་བྱས་ཡོད། དེས་ན་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ནང་གི་མི་ཁག་གཅིག་གིས་འུད་བསྟོད་བྱས་པའི་ཏཱ་ལའི “མིག་རྒྱང་རིང་བའི་སྲིད་ཇུས ”ཀྱི “རྒན་ཡོལ་ཞུ་བ ”ཟེར་བ་དང “ཆབ་སྲིད་དབང་ཆ་རྩིས་སྤྲོད་བྱེད་པ ”ཟེར་བ་ཐོས་སྐབས་འཁྲུག་ཆ་དོད་པ་དང་བྱ་བ་ཡོལ་རྗེས་སྔོན་མ་ལྟར “དགོད་བྲོ་བའི ”བྱ་བ་ཞིག་ཏུ་གྱུར་པ་དང་དེའི་འབྲས་བུ་འབའ་ཞིག་ནི་དོན་གསལ་པོ་མི་ཤེས་མཁན་དང་ཏཱ་ལའི་བྱེད་སྟངས་ལ་ཡིད་ཆེས་བྱེད་སྲིད་མཁན་ཁག་གཅིག་གི་མིག་གི་དབང་པོ་འགུག་རྒྱུ་དེ་རེད། “འདེམས་བསྐོ ”ཟེར་བ་དང “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད ”ཟེར་བ་ཚར་རྗེས་ཀྱིས་ཏཱ་ལའི་གཏམ་བརྗོད་དང་བྱེད་སྟངས་སྣ་ཚོགས་ལས་དཔྱོད་ལྡན་མང་པོས་དེ་གོང་ངོས་འཛིན་བྱེད་པའི་ཁོ་པས “རྒན་ཡོལ་ཞུས་ཀྱང་ངལ་གསོ་མི་རྒྱག་པའི ”སྔོན་དཔག་དེ་རྦད་དེ་ར་སྤྲོད་བྱུང་ཡོད།

        དེ་འདྲ་ཡིན་སྟབས་ཏཱ་ལས་རྩེ་གཅིག་ཏུ་འཁྲབ་ཁྲིད་བྱས་པའི “རྒན་ཡོལ་ཞུ་བ ”ཟེར་བ་དང་། “དམངས་གཙོའི་འདེམས་བསྐོ ”ཟེར་བ། “ཆབ་སྲིད་དབང་ཆ་རྩིས་སྤྲོད ”ཟེར་བ་སོགས་པ་ཚང་མས་ཁ་ཕྲལ་རུ་ཚོགས་ཀྱི་སྲོག་ཤིང་ཡིན་པའི་ཏཱ་ལའི་གནས་བབ་དང “ཡུལ་གྱར་སྲིད་གཞུང ”གི་རྩ་བའི་ལམ་ཕྱོགས་ལ་རྩ་བ་ནས་འགྱུར་ལྡོག་གཏོང་མི་ཐུབ་ལ་ཁྲིམས་འགལ་གྱི་ཆབ་སྲིད་རྩ་འཛུགས་ཡིན་པའི “ཡུལ་གྱར་སྲིད་གཞུང ”གི་ད་ལྟའི་གནས་བབ་ལ་དེ་བས་འགྱུར་ལྡོག་གཏོང་མི་ཐུབ། དེ་བས་གལ་ཆེ་བ་ཞིག་ནི་ཏཱ་ལས་མེས་རྒྱལ་ཁ་ཕྲལ་བཏང་ནས “བོད་རང་བཙན ”ཡོང་རེ་བྱེད་པ། རྨི་ལམ་དུ་ཡང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྤྱིའི་འགོ་པའི་གསེར་ཁྲི་ཐོབ་རེ་བྱེད་པའི་ངོ་བོ་བཅས་ཀྱི་ལྐོག་གཡོར་འགྱུར་ལྡོག་བཏང་མེད་སྟབས་ཁོ་པས་དངོས་འབྲེལ “རྒན་ཡོལ ”གཏན་ནས་ཞུ་མི་སྲིད་པར་རྟག་ཏུ་རྫུན་ཆས་སྤྲས་ནས་ཐབས་བརྒྱ་ཇུས་སྟོང་ངང “འཐབ་ཕྱོགས་དང་པོར ”ཤོར་ཏེ་མུ་མཐུད་འཛམ་གླིང་ཐོག་ཕྱི་ཚུལ་ཐོག་གི “ཆོས་ལུགས་ཀྱི་དྲང་བདེན ”དང་། “ཞི་བདེ ”“ཁོར་ཡུག་སྲུང་སྐྱོང ”སོགས་དར་སོ་ཆེ་བའི་ཐ་སྙད་བཤད་པ་དང་དོན་དམ་དུ་མེས་རྒྱལ་ལ་དམའ་འབེབས་བཏང་ནས “བོད་རང་བཙན ”གྱི་ལྐོག་གཡོ་གཤོམ་རྒྱུ་དེ་རེད། འོན་ཏེ་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ཀྱིས་ཀྱང “བོད་རང་བཙན ”གྱི་ལྐོག་གཡོ་གཤོམས་མཁན་དེ་དོར་མི་སྲིད་པ་དེའི་འབྲས་བུ་ནི་ཏཱ་ལ་སྔར་བཞིན་ཁ་ཕྲལ་རུ་ཚོགས་ཀྱི་སྤྱིའི་འགོ་པ་ཡིན་པ་དང་ཁོ་པས་མུ་མཐུད་སྔོན་ཆད་ལྟར་དང་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྡིག་ཉེས་བྱེད་སྤྱོད་སྤེལ་རྒྱུ་རེད། དུས་ཚོད་འགྲོ་བ་དང་ཆབས་ཅིག་གནས་ཚུལ་དེ་གསལ་པོ་ཤེས་མཁན་ཇེ་མང་དུ་འགྲོ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།