དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླབས་ཆེན་གྱི་རྒྱང་སྐྱོད། ཡུན་གཏན་གྱི་དྲན་ཤེས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བོད་ཀྱི་ལོ་རྒྱུས་དེབ་ཐུག་པོ་ལྟ་ཀློག་བྱེད་སྐབས་ང་ཚོས་བཅིངས་འགྲོལ་དམག་བོད་དུ་མ་སྐྱོད་གོང་བོད་དུ་གློག་དང་། གཞུང་ལམ། ཁེ་ལས། གནམ་གྲུ་ཐང་། འོད་འཁྲིད་ཚི་སྐུད་ལ་སོགས་མེད་པ་ང་ཚོས་འཕྲལ་མར་ཤེས་རྟོགས་ཐུབ། བོད་སྡོད་དཔུང་སྡེའི་རོགས་རམ་འོག་བོད་དུ་བཟོ་གྲྭ་དང་པོ་བཙུགས་པ་དང་། སློབ་གྲྭ་དང་པོ་བཙུགས་པ། གནམ་གྲུ་ཐང་དང་པོ་བསྐྲུན་ཞིང་། དུས་ཐུང་ལོ་བཅུ་ཕྲག་འགའ་ཞིག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། བོད་ཀྱི་ལོ་རྒྱུས་ནི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་་མི་རིགས་ཁག་གི་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ། འཕེལ་རྒྱས་ཡོང་ཐབས་བཅས་བྱས་པའི་ལོ་རྒྱུས་ཤིག་རེད།

        བཅིངས་འགྲོལ་དམག་གིས་བོད་ལ་དཔུང་སྐྱོད་བྱས་པའི་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་ཆེན་ལ་དྲན་གསོ་བྱ་ཆེད་དང་རླབས་ཆེན་གྱི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་ཆེད 《བོད་ལྗོངས་ཉིན་རེའི་ཚགས་པར 》གྱིས་2010 ལོའི་ཟླ་བ་དགུ་པའི་ཟླ་མཇུག་ནས་འགོ་བཙུཌ་ཏེ་གསར་འགོད་པ་ཁག་བདུན་ཆབ་མདོ་དང་། ནག་ཆུ། ཉིང་ཁྲི། ལྷ་ས། མངའ་རིས། པེ་ཅིང་། ཁྲེང་ཏུའུ། ཤིས་ཨན། ཀྲེང་ཀྲོའུ་སོགས་སུ་འདེམས་གཏོང་བྱས་ནས་བཅིངས་འགྲོལ་དམག་གི་བོད་བསྐྱོད་ལམ་བུར་སླར་ཡང་བསྐྱོད་པ་དང་བོད་སྐྱོད་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་རྒན་གྲས་འཚོལ་བཅར་བྱས་ཡོད་པ་རེད།

        ལོ་རྒྱུས་ཀྱི་ཆུ་མོ་མདུན་ཕྱོགས་སུ་རྒྱུན་མི་ཆད་པར་ཤང་ཤང་དུ་རྒྱུག་ཅིང་། བརྩེ་སེམས་ཤིག་ལོ་ཟླའི་དྲག་ཏུ་རྒྱུག་པའི་ཆུ་མོའི་ཁྲོད་སྔར་བས་ཟབ་ཏུ་སོང་བ་དང་འདུ་ཤེས་ཤིག་དུས་ཚོད་ཀྱི་ཞུན་བརྡར་འོག་སྔར་བས་བརྟན་དུ་སོང་། ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་གསར་འགོད་པས་དཔའ་བོ་ཚོའི་རྗེས་ཤུལ་འདེད་ནས་སྐྱོད་པ་དང་དཔའ་བོ་ཚོའི་མི་སེམས་འགུལ་བའི་གནས་ཚུལ་སྣ་ཚོགས་ཉན་འཇོག་བྱས། དེའི་རིང་རང་ཉིད་ཀྱི་སེམས་པ་དེ་ལོ་རྒྱུས་དང་ད་ལྟའི་བར་དང་སྔོན་མ་དང་འབྱུང་འགྱུར་བར་དུ་མཚམས་འཇོག་མེད་པར་རྒྱུ།

        ཆབ་མདོར་བཅར་འདྲིར་སྐྱོད་མཁན་ཚོགས་ཆུང་2010 ལོའི་ཟླ་བ་དགུ་པར་ཆབ་མདོར་སྐྱོད་འགོ་ཚུགས་ཤིང་། དེའི་རིང་ལྷོ་རོང་དང་། དཔལ་འབར། སྟེང་ཆེན། རི་བོ་ཆེ། འཇོ་མདའ། ཆབ་མདོ་རྫོང་སོགས་སུ་བཅར་འདྲི་བྱེད་པར་བསྐྱོད་པ་དང་ལམ་ཐག་སྤྱི་ལེ་5000 ལྷག་ཙམ་ཟིན་ཡོད། ཉིན་25ཡི་རིང་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དང་། ནང་མི་སྤུན་མཆེད། གནས་ཚུལ་ཤེས་མཁན་བཅས་ཁྱོན་མི་50 ལྷག་ཙམ་ལ་བཅར་འདྲི་ཞུས་ནས་རྩོམ་ཡིག་21 བྲིས་པ་དང་པར་སྟོང་ཡན་བརྒྱབ་ཡོད་པ་རེད།

        པེ་ཅིང་དང་། ཤིས་ཨན། ཁྲེང་ཏུའུ་བཅས་སུ་སྐྱོད་མཁན་བཅར་འདྲི་ཚོགས་ཆུང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཟླ་བ་གཉིས་ལྷག་ཙམ་རིང་དབྱིང་ཕ་ཐང་དང་། ཆེ་ཅིང་ཝུའུ། ཅང་ཧུང་ཆོན་སོགས་བོད་སྐྱོད་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་རྒན་གྲས་དང་འགོ་ཁྲིད་རྒན་གྲས་60 ལྷག་ཙམ་ལ་བཅར་འདྲི་ཞུས་པ་དང་བཅར་འདྲི་དང་ལེན་གནང་མཁན་ནང་རྒན་ཤོས་དེ་དགུང་ལོ་97 ལ་ཕེབས་པ་དང་ཆུང་ཤོས་དེའང་དགུང་ལོ་70 ལྷག་ཙམ་ལ་ཕེབས་ཀྱི་ཡོད། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དེ་ལས་གསར་འགོད་པར་མཆོག་ནོར་ཐོབ་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་བ་རེད།

        རང་ཉིད་ཀྱི་དངོས་སུ་བསྐྱོད་ན་གཞི་ནས་ལོ་རྒྱུས་ཤེས་རྟོགས་ཡོང་བ་དང་རང་ཉིད་ཀྱིས་ནན་ཏན་ངང་ཉན་འཇོག་བྱས་ན་གཞི་ནས་བློ་སྐྱེད་ཡོང་ལ་སེམས་འགུལ་ཡང་ཐེབས། སྔོན་མ་བཅིངས་འགྲོལ་དམག་གིས་བོད་དུ་སྐྱོད་པའི་རྗེས་ཤུལ་འདེད་ནས་རི་ཀླུང་ཡོངས་སུ་འགྲིམ་སྐབས་ང་ཚོར་སྲིད་ཏང་ཤིག་ལ་སྐྱེ་སྟོབས་དང་གསོན་ཤུགས་ཆེ་ཆུང་ལྡན་མིན་དེ་མི་དམངས་མང་ཚོགས་ཁྲོད་དུ་རྩ་བ་གཏིང་རིང་ཐུང་ཚུགས་མིན་ལ་ཐུག་པའི་མྱོང་ཚོར་ཟབ་མོ་བྱུང་། རྩ་ཆེའི་དྲན་ཤེས་སྣ་ཚོགས་བརྒྱུད་ལོ་ངོ་60 ཡི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་ཆབས་ཅིག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་གྱི་གདུང་རྒྱུད་གཅིག་གི་འབྲེལ་བ་དེ་ནི་ཉ་ཆུ་ལྟ་བུ་བཞིན་ཁ་ཕྲལ་ཐབས་མེད་པ་ཞིག་ཡིན་པ་ཤེས་རྟོགས་ཟབ་མོ་བྱུང་།

        ལོ་ངོ་60 ཡི་རྗེས་ཀྱི་དེང་དུས་བོད་སྐྱོད་བཅིངས་འགྲོལ་དམག་གི་སྲོལ་རྒྱུན་བཟང་པོ་དེ་གངས་ལྗོངས་ས་མཐོར་གོང་ནས་གོང་དུ་འཕེལ་བ་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཀྱི་དར་ཆ་དེ་གངས་ལྗོངས་ས་མཐོར་སྔར་བཞིན་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ 60 འཁོར་བར་དྲན་གསོ་ཞུ་བའི་དུས་འདིར་འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང 《བཅིངས་འགྲོལ་དམག་གིས་བོད་དུ་སྐྱོད་པའི་ལམ་བུར་སླར་ཡང་བསྐྱོད་པ་—བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60 འཁོར་བར་སྐྱེས་སུ་འབུལ 》དང 《གངས་རིའི་དྲན་ཤེས་—དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་བོད་དུ་སྐྱོད་རིང་གི་གཏམ་རྒྱུད 》ཅེས་པའི་ཆེད་བསྒྲགས་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་བསྟན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་དུ་རླབས་ཆེན་གྱི 《བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས 》དེ་གོང་ནས་གོང་དུ་འཕེལ་བ་དང་འོད་སྟོང་སྔར་བས་རབ་ཏུ་འབར་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

        ལོ་60 ཡི་དུས་ཚོད་རིམ་བཞིན་འདས་ནའང་ལོ་60 ཡི་ནང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། བོད་ཀྱི་ད་ལྟའི་བདེ་སྐྱིད་འཚོ་བ་དེ་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན་པས་ང་ཚོས་ངེས་པར་དུ་ལོ་རྒྱུས་སེམས་སུ་བརྟན་པོར་ངེས་པའི་ཁར་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དུས་བསྟུན་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི “ཏན་ཏན་ཏིག་ཏིག་བཞི ”ཡི་བླང་བྱ་གཞིར་བཟུང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཐའ་འཁྱོངས་བྱེད་པ། སྔོན་མ་བཅིངས་འགྲོལ་དམག་གིས་བོད་དུ་སྐྱོད་རིང་ཆགས་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་བརྩོན་ཆེན་པོས་བཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།