དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཅེས་སེམས་ཆེན་པོ་ལས་གྲུབ་པའི་ངོ་གནོང་མི་དགོས་པའི་བློ་དཀར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཕེང་ཡན་གྱིས་ལོ་ངོ་12རིང་ཉིན་གཅིག་ལྟར་བོད་བྱང་ཐང་ས་མཐོར་རྩ་བ་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་ནག་ཆུའི་དམག་དམངས་ལ་ཞབས་འདེགས་ཞུས། ཁོང་གིས་ཏང་དང་མི་དམངས་ལ་བཅངས་པའི་བློ་དཀར་སེམས་དཀར་དང་མི་དམངས་དམག་དཔུང་དང་ས་མཐོའི་མི་སེར་ལ་བཅངས་པའི་གཅེས་སེམས་ཆེན་པོར་བརྟེན་ནས་མི་དམངས་བུ་ཕྲུག་དམག་གིས་བློ་དཀར་སེམས་དཀར་ངང་འགན་འཁྲི་སྒྲུབ་པ་དང་སྒེར་སེམས་མེད་པའི་ངང་ལེགས་སྐྱེས་འབུལ་བའི་མི་སེམས་འགུལ་པའི་ལེའུ་ཞིག་བརྩམས་པ་རེད། ཕེང་ཡན་ནི་བོད་བྱང་ཐང་ས་གཞི་ཆེ་མོར་འཚར་ལོངས་བྱུང་བའི་སྔོན་ཐོན་མིག་དཔེ་ཞིག་དང་བོད་དམག་ཁུལ་ཁང་གི་དཔུང་སྡེའི་སྨན་བཅོས་འཐབ་ཕྱོགས་ཐོག་དེང་རབས་ཀྱི་གསར་བརྗེའི་དམག་མིའི་སྲོག་ཤིང་རིན་ཐང་གི་ལྟ་བ་ལག་ལེན་བསྟར་མཁན་གྱི་ཁྱད་དུ་འཕགས་པའི་མཚོན་བྱེད་ཅིག་རེད།

        བློ་མཐུན་ཕེང་ཡན་གྱིས་དམིགས་ཡུལ་སེམས་ནང་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོར་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་ངོ་བོ་རྒྱུན་འཁྱོངས་བྱས་ཡོད། ལས་ཀའི་ནང་ཞུགས་ནས་ལོ་12རིང་ཕེན་ཡན་གྱིས་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོ་ཡིན་པའི་ཆབ་སྲིད་ཀྱི་དད་སེམས་རང་རྟོགས་ངང་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་གྲོགས་དང་མི་དམངས་ལ་བརྩེ་དུང་ཟབ་མོ་འཆང་བཞིན་དུ་ཁོང་ཚོར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་པས་འཐབ་གྲོགས་དང་མང་ཚོགས་ཀྱིས་བློས་འཁེལ་བའི “གཉེན་ཉེ་བ ”དང “སྨན་པ་བྱམས་སེམས་ཅན ”དུ་གྱུར་བ་དེ་ཐོག་ནས་དམག་མིའི་སྨན་པ་དཀྱུས་མ་ཞིག་གིས་ཏང་གི་འཕྲོད་བསྟེན་བྱ་གཞག་ལ་བློ་དཀར་སེམས་དཀར་དང་བཅའ་སྡོད་བྱ་ཡུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བབ་ཆགས་ཀྱི་བརྩེ་སེམས་གང་ལེགས་མཚོན་པ་དང་དེང་རབས་ཀྱི་གསར་བརྗེའི་དམག་མི་ཞིག་གིས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་སྤྱི་ཚོགས་མཐུན་སྦྱོར་ལྡན་པར་སྐུལ་མ་གཏོང་བའི་བསམ་པའི་ཉམས་འགྱུར་གང་ལེགས་མཚོན་ཡོད། ང་ཚོས་བློ་མཐུན་ཕེང་ཡན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པར་ཁོང་གིས་ཆབ་སྲིད་ཀྱི་དད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་མི་འཚེའི་དོན་གཉེར་མཐའ་འཁྱོངས་དང་ཏང་གི་བྱ་གཞག་ཨང་དང་པོ་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོ་ཡིན་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་དང་ནམ་ཡང་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་སྒྲིལ་བྱས་ཏེ་དུས་སྐབས་གསར་པའི་མི་དམངས་བུ་ཕྲུག་དམག་གིས་དམངས་གཅེས་དམངས་གཉེན་བྱེད་པའི་འོད་སྟོང་འཕྲོ་བའི་གཟུགས་བཪྙན་བརྟན་པོ་འཛུགས་པར་སློབ་སྦྱོང་བྱེད་དགོས།   

        བློ་མཐུན་ཕེང་ཡན་གྱིས་ཐོག་མཐའ་བར་གསུམ་དུ་དཀའ་ཚེགས་ལ་མི་འཛེམས་པ་དང་སྤྲོ་སྣང་ལྡན་པའི་གསར་བརྗེའི་རིང་ལུགས་ཀྱི་སྙིང་སྟོབས་ལྡན་པས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཀྱི་རྒྱུན་འཛིན་པ་ཞིག་རེད། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4600ཡོད་པའི་བོད་བྱང་ཐང་ས་གཞི་ཆེ་མོར་ཁོང་གིས་སྐད་གྲགས་མེད་པའི་ངང་ལོ་12འབད་འཐབ་བྱས་ནས་ལེགས་སྐྱེས་ཕུལ་ཡོད། འཐབ་གྲོགས་དང་མང་ཚོགས་ཀྱི་ཆེད་དུ་ཁོང་གིས་གངས་འཁྱགས་དང་ཁ་བ་བུ་ཡུག་ལ་མི་འཛེམས་པར་ཚེ་གང་གི་ཆེས་མཛེས་སྡུག་ལྡན་པའི་ལང་འཚོའི་ལོ་ཟླ་སྤྱད་ནས་བོད་བྱང་ཐང་གི་དམག་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་པ་རེད། ཁོང་གིས་སྤྲོ་སྣང་ལྡན་པ་དང་འགྱོད་སེམས་མེད་པའི་ངང་ནག་ཆུ་ནས་ཁ་བྲལ་བའི་གོ་སྐབས་སྔ་རྗེས་སུ་ཐེངས་14རང་འགུལ་ངང་བློས་བཏང་བྱས་པ་དང་མི་འཚེའི་རིན་ཐང་དེ་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་སྔར་བས་མཛེས་ཤིང་འོད་སྟོང་འཕྲོ་བར་གྱུར། བློ་མཐུན་ཕེང་ཡན་ལ་སློབ་སྦྱོང་བྱེད་པར་ཁོང་གིས “ངེས་པར་དུ་གཉིས ”བརྟན་པོར་ངེས་པ་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”རྒྱུན་འཛིན་བྱེད་པ་དང་དར་སྤེལ་བཏང་སྟེ་དཀའ་སྡུག་སྤྲོ་སྣང་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མཐའ་འཁྱོངས་བྱེད་པར་སློབ་སྦྱོང་བྱེད་དགོས། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ཡིན་པའི་བོད་འདི་ཉིད་དུ “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”སྔར་བས་དར་སྤེལ་ཤུགས་ཆེན་བཏང་ནས་རང་དོན་རིང་ལུགས་དང་། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས། སྐྱིད་འདོད་རིང་ལུགས་བཅས་ཀྱི་རུལ་སུངས་བསམ་བློའི་བསླད་སྐྱོན་རང་རྟོགས་ངང་བཀག་འགོག་བྱས་ཐོག་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་ཆེར་བསྐྱེད་ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས།

        བློ་མཐུན་ཕེང་ཡན་གྱིས་ནུས་ཤུགས་ཡོད་རྒུའི་ཐོག་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཏང་གི་གསུང་སྒྲ་ཁྱབ་བསྒྲགས་བྱས་ནས་ཐོག་མཐའ་བར་གསུམ་དུ་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་གཉེན་ཉེ་ལྟ་བུར་བརྩིས་པས་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་སྔར་བས་ཟབ་ཏུ་སོང་ཡོད། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱ་ཕྱིར་ཕེང་ཡན་གྱིས་འབྲོག་ཁུལ་དང་སྦྲ་གུར་ནང་བསྐྱོད་པ་དང་། མི་ཧྲེང་རྒན་རྒོན་རྣམས་ཚེ་མཇུག་ཏུ་བདེ་སྐྱིད་འཚོ་བ་ལོངས་སྤྱོད་ཐུབ་ཕྱིར་ཕེང་ཡན་གྱིས་བསྙེན་བཀུར་ཁང་གི་སྒྲིག་ཁུངས་ནང་མི་ཚུད་པའི་ལྟ་སྐྱོང་པ་བྱས་ནས་བོད་རིགས་མི་ཧྲེང་རྒན་རྒོན་24ཡི “བུ་མོ་གཉེན་ཉེ་བར ”གྱུར་བ། དྭ་ཕྲུག་ཚོ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལོངས་སྤྱོད་ཐུབ་ཕྱིར་ཕེང་ཡན་གྱིས་ས་ཁུལ་ཕན་བདེ་ཁང་གི་དྭ་ཕྲུག་ལ་ལྟ་སྐྱོང་དང་རོགས་སྐྱོར་བྱེད་པའི་འགན་འཁྲི་ལྕི་པོ་ཁུར་ནས་བོད་རིགས་དྭ་ཕྲུག་35ཡི “བྱམས་སྐྱོང་ཅན་གྱི་ཨ་མར ”གྱུར་ཡོད། ཁོང་གི་གཅེས་སེམས་དེ་མེ་སྟག་དང་འདྲ་བར་བོད་བྱང་ཐང་ས་གཞི་ཆེ་མོའི་མི་རིགས་མཐུན་སྒྲིལ་གྱི་མེ་མཆོག་ཅིག་ཆགས་ཡོད། བོད་འདི་ཉིད་ནི་མི་རིགས་ས་ཁུལ་ཞིག་ཡིན་པར་བརྟེན་ང་ཚོས་བློ་མཐུན་ཕེང་ཡན་ལ་སློབ་སྦྱོང་བྱེད་པར་ཕེན་ཡན་དང་འདྲ་བར་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལ་སྐུལ་མ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གང་ལེགས་བྱེད་པ་དང “རྒྱ་རིགས་ནི་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་ནི་རྒྱ་རིགས་དང་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཕན་ཚུན་ཁ་བྲལ་ཐབས་མེད་པ ”བཅས་ཀྱི “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོར་བཙུགས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཆེ་མོར་ནུས་ཤུགས་གསབ་སྣོན་བྱས་ནས་དུས་སྐབས་གསར་པའི་མཐུན་སྦྱོར་ལྡན་པའི་མི་རིགས་འབྲེལ་བ་ཞིག་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

        ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་ད་དུང་ཕེང་ཡན་ལྟ་བུའི་ཏང་ཡོན་དང་ལས་བྱེད་པ་མང་པོས་དུས་ཡུན་རིང་པོའི་ནང་རྒྱང་རིང་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་གཞི་ཚུགས་ཏེ “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཀྱི་འོད་སྟོང་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཐོག་སྐད་གྲགས་མེད་པའི་ངང་ལེགས་སྐྱེས་འབུལ་བཞིན་ཡོད། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱེད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་སྟབས་ཡག་པོ་ཞིག་སྤོ་རྒྱུའི་འགན་ལེན་བྱེད་པར་ཕེང་ཡན་དང་འདྲ་བའི་གྲངས་ལས་འདས་པའི་གུང་ཁྲན་ཏང་ཡོན་གྱིས་ཏང་གི་དམིགས་ཡུལ་སེམས་ནང་བརྟན་པོར་ངེས་ནས་ཏང་གི་དར་ཆ་མཐོན་པོར་སྒྲེང་བ་དང་ཏང་གི་བྱ་གཞག་ལ་དགའ་ཞེན་བྱེད་དགོས་ལ་ཕེང་ཡན་དང་འདྲ་བའི་གྲངས་ལས་འདས་པའི་གུང་ཁྲན་ཏང་ཡོན་གྱིས་དམངས་ཀྱི་ཆེད་དུ་ཡིན་པའི་དམིགས་ཡུལ་སེམས་ནང་བརྟན་པོར་ངེས་ནས་འབད་འབུངས་ཆེར་བསྐྱེད་ཀྱིས་དཀའ་སྡུག་སྤྲོ་སྣང་དུ་བརྩིས་ཏེ་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི “ཏན་ཏན་ཏིག་ཏིག ”བཞིའི་མཛུབ་སྟོན་གལ་ཆེའི་དགོངས་དོན་བློ་དཀར་སེམས་དཀར་ངང་ལག་ལེན་བ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་བསྟར་བའི་གྲུབ་འབྲས་ཐོབ་པའི་ལམ་བུའི་ཐོག་གླུ་དབྱངས་ལེན་བཞིན་དུ་མདུན་སྐྱོད་ཀྱང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།