དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླུང་བསྟུན་མཚོ་ཐོག་གཡོར་གྲུ་འཕྱར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོགས་པ་དང “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་འཛུགས་པའི་དཔྱིད་རླུང་དང་བསྟུན་ནས་བོད་འདི་ཉིད་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལམ་བུའི་ཐོག་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཞིག་སླར་ཡང་རྩོམ་འགོ་ཚུགས་པ་རེད།

        ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་འཛུགས་པའི་ལོ་ཞིག་རེད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་སྒྲོལ་དུས་སྐབས་ཤིག་རེད། ལོ་ལྔའི་ནང་གི་ལོ་དང་པོ་ནི་གལ་ཆེ་ཤོས་དང་འགག་རྩ་ཞིག་ཡིན་པར་བརྟེན “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་འཛུགས་པའི་ལོའི་ལས་དོན་ཁག་ལེགས་པར་སྒྲུབ་པར་ཐུན་མོང་མ་ཡིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད།

        ད་ལོའང་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་མང་བའི་ལོ་ཞིག་ཡིན་པ་དང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བུ་ཞུ་རྒྱུ་རེད།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་ཚོས་ངེས་པར་དུ་གོ་སྐབས་བཟང་པོ་དེ་དམ་འཛིན་གྱིས་དུས་བསྟུན་མདུན་སྐྱོད་བྱས་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བཀོད་སྒྲིག་ཁག་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལས་དོན་ཁག་འབད་བརྩོན་ཆེན་པོས་ཡག་པོ་སྒྲུབ་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱས་ཐོག་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

        ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་བར་དང་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཏན་ཏན་ཏིག་ཏིག་ངང་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དེ་བརྗོད་བྱ་གཙོ་བོ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་དགོས། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་དེང་རབས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ལྷག་དོན་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གནད་ཆེའི་རྣམ་གྲངས་དང་ལས་དོན་ཐད་ཉིན་རེ་རེ་བཞིན་རྩིས་རྒྱག་པ་དང་། རྣམ་གྲངས་རེ་རེ་བཞིན་གྲལ་སྒྲིག་པ། དོན་ཚན་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་བྱས་ནས་གལ་ཆེའི་ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་ཁོང་དུ་ཆུད་པ་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་བེད་སྤྱོད་ཡག་པོ་གཏོང་བ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་ཞིག་འདིང་དགོས།

        ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་བར་ཏན་ཏན་ཏིག་ཏིག་ངང་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་དེ་བས་གཏོང་དགོས། ལྗོངས་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་དངོས་གནས་མྱོང་ཚོར་ཐུབ་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་རིང་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མྱོང་ཚོར་ཐུབ་པ་བྱེད་པར་མང་ཚོགས་ཚོས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་སྔར་བས་མང་བ་ལོངས་སྤྱོད་ཐུབ་པ་དང་། སྔར་བས་དུས་བདེ་དང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ། དངོས་ཕན་དེ་བས་མང་བ་ཐོབ་ཐུབ་པ་བཅས་བྱེད་དགོས། དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཁག་གཅིག་ལ་དམ་འཛིན་ཤུགས་ཆེན་བྱས་ནས “བདེ་སྡོད་ལས་བརྩོན ”གཙོ་གནད་དུ་འཛིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་མ་གཏོང་བ་དང་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན། ཚན་རྩལ། ལས་ཞུགས། སྤྱི་ཚོགས་འགན་ལེན་སོགས་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འབྲས་བུ་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་དང་སྔར་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་མཐོང་ཐུབ་པ་བྱེད་དགོས།

        ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་བར་ངེས་པར་དུ་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་བོད་འདི་ཉིད་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཞིག་ཡིན་པ་དང་བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཡོངས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་དུས་འདིར་ང་ཚོས་འཕེལ་རྒྱས་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་དུས་མཚུངས་ངེས་པར་དུ་ཕུགས་འཕེལ་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློའི་ཐོག་ནས་ཚད་མཐོའི་དོགས་ཟོན་བྱ་རྒྱུ་ཐོག་མཐའ་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ཁག་ལ་དོགས་ཟོན་ནན་པོ་བྱེད་པ་དང་རྡུང་རྡེག་ཚ་ནན་གཏོང་བ་དང་། འགལ་བ་གྲལ་བཤེར་དང་སེལ་བའི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཕྲའི་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་བྱེད་སྒོ་སྒྲིག་འཛུགས་གང་ལེགས་བྱས་ནས་བྱེད་སྒོ་སྤེལ་བ་བརྒྱུད་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་བོད་གསར་ཪྙིང་གི་དཔྱད་བསྡུར་དང་འགྱུར་ལྡོག་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མང་ཚོགས་ཚོས་བོད་ཪྙིང་པའི་སྡུག་བསྔལ་དང་བོད་གསར་པའི་བདེ་སྐྱིད་རྟོགས་ཐུབ་པ་དང་། ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་རྟོགས་ཐུབ་པ། “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ ”ཡིན་པའི་གནས་ལུགས་རྟོགས་ཐུབ་པ་བཅས་ཀྱི་ཐོག་ནས་རང་རྟོགས་ངང་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་བཀག་འགོག་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བསམ་བློའི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་སྐྲུན་དགོས།

        ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་བར་འགག་རྩ་ནི་ཏང་འཛུགས་སྐྱོང་ལ་ཏན་ཏན་ཏིག་ཏིག་ངང་ཤུགས་སྣོན་རྒྱག་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས།

        ཐུན་མོང་མ་ཡིན་པའི་ལོ་འདིའི་ནང་ང་ཚོས་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འབད་འབུངས་ཆེར་བསྐྱེད་དང་མདུན་སྐྱོད་ཏན་ཏིག་བྱས་ཏེ་སྔར་བས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུ་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་ཕྱིར་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།