དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “རྒན་ཡོལ”ཞུ་རྒྱུའི་སྐད་ཅོར་ཐོག་ནས་ཏཱ་ལའི“སྲིད་ཚོང་པའི”གདོང་རིས་ངོ་མ་དམར་རྗེན་དུ་ཐོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་རེའི་ཟླ་གསུམ་པར་ཁ་ཁུ་སིམ་པོར་སྡོད་འདོད་མེད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཡོ་སྒྱུ་རྩེད་དེ་མི་རྣམས་ཀྱི་ཡིད་དབང་འགུཌ་ཐབས་བྱེད་ཀྱི་ཡོད་ལ་འདི་ལོ་ཡང་དེ་ལྟར་རེད།

        ཕྱི་ཕྱོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཏཱ་ལས་ཚེས་10ཉིན་རྒྱ་གར་གྱི་རྡ་རམ་སར་གཏམ་བཤད་ཅིག་སྤེལ་བའི་ནང་གཏམ་ཪྙིང་བསྐྱར་གླེང་གིས་ཀྲུང་གོའི་ཆབ་སྲིད་ལམ་ལུགས་དང་མི་རིགས་དང་། ཆོས་ལུགས། རིག་གནས་སོགས་སྲིད་ཇུས་ལ་ཚིག་མཚོན་བཏབ་པ་ཕུད་ད་དུང་ཡིན་མདོག་ཁ་པོས་ཁོ་པ་མི་རིང་བར “རྒན་ཡོལ ”ཞུས་ཏེ “བོད་ཡུལ་གྱར་སྲིད་གཞུང ”ནང་གི་ཆབ་སྲིད་ཀྱི་གོ་གནས་དོར་ནས་དབང་ཆ “བདམས་ཐོན ”བྱུང་བའི་འགོ་ཁྲིད་པར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས་ཡོད། གཏམ་དེ་བརྗོད་མ་ཐག་དོ་ཁུར་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད།

        ཏཱ་ལ་རང་ཉིད་ཀྱིས “ང་ཡང་མི་ཡིན་པས་རྒན་ཡོལ་ཞུ་རྒྱུ་དེའང་ངའི་དབང་ཆ་ཞིག་ཡིན ”ཞེས་བཤད་པ་ལྟར་མི་ཞིག་ཡིན་ཕྱིན་ལོ་ངེས་གཏན་ཞིག་ཏུ་སླེབས་སྐབས་ལས་གནས་ག་གེ་མོ་ཞིག་ནས་རྒན་ཡོལ་ཞུས་ཆོག་པ་དེ་ནི་རང་བྱུང་ཆོས་ཉིད་ཀྱི་མཚོན་ཚུལ་ཞིག་ཡིན་པས་ཧ་ལས་ཡ་མཚན་བྱེད་དགོས་དོན་མེད། འོན་ཀྱང་ཏཱ་ལས “རྒན་ཡོལ་ཞུ་བ ”དེར་དོ་ཁུར་མི་ཉུང་བ་ཞིག་བྱེད་དགོས་དོན་གང་ཡིན་ནམ། དེའི་ཁྲོད་ཏཱ་ལར་བརྟེན་ནས “བོད་རང་བཙན ”ཡོང་ཐབས་བྱེད་མཁན་ཁ་ཕྲལ་རིང་ལུགས་པས “བོད་རང་བཙན ”ཡོང་བ་བྱེད་པའི་དར་ཆ་དེ་མེད་པར་འགྱུར་རྒྱུའི་སེམས་ཁྲལ་བྱེད་པ་ཕུད་ད་དུང་མི་མི་ཉུང་བ་ཞིག་གི་སེམས་ནང “བོད་ཡུལ་གྱར་སྲིད་གཞུང ”ཟེར་བའི་ནང་ཏཱ་ལས་གོ་གནས་གང་ཞིག་བཟུང་ཡོད་དམ། ཁོ་པ་ལས་གནས་གང་ཞིག་གི་ཐོག་ནས་རྒན་ཡོལ་བྱེད་མཁན་ཡིན་ནམ་སྙམ་པའི་དོགས་པ་ཡོང་གི་ཡོད།

        ཏཱ་ལའི་མིང་ཐོབ་ཀྱི་གནས་ཚུལ་དངོས་ལ་རྒྱུས་མངའ་མེད་མཁན་ཚོར་རྟག་ཏུ་ཡང་སྙིང་ཅི་འདྲ་ཡིན་མིན་དབྱེ་འབྱེད་བྱེད་དཀའ་བའི་ཚོར་སྣང་ཡོང་གི་ཡོད། ཏཱ་ལས་དགའ་ཤོས་བྱེད་པའི་བྱེད་སྤྱོད་ནི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་འཁྱམས་མྱུལ་བྱེད་རྒྱུ་དེ་ཡིན། གལ་ཏེ་གོ་སྐབས་དང་བསྟུན་ནས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཁ་ཤས་དང་ཐུག་འཕྲད་བྱེད་ཐུབ་སྐབས་ཧ་ཅང་ངོ་སོ་ཆེན་པོ་ཞིག་ཏུ་བརྩི་གི་ཡོད། འོན་ཀྱང་འཛམ་གླིང་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་མི་རྣམས་ཀྱིས་ཁ་ཡ་མི་བྱེད་པའི་དབང་གིས་མངོན་གསལ་གྱི་རྒྱབ་སྐྱོར་ཐོབ་དཀའ་བར་བརྟེན་ཏཱ་ལའི་དམིགས་ཡུལ་ངོ་མ་ནི “བོད་རང་བཙན ”གྱི་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་རུང་ཁོ་པའི་མི་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་ཁོག་རྩིས་དེ་མངོན་སུམ་དུ་བརྗོད་མི་ཕོད་པར “ཆོས་ལུགས་གཙོ་འཛིན ”གྱི་དར་རྟགས་གང་སར་འཕྱར་ནས་ཆོས་འཆད་པའམ་ཡང་ན་མི་ཚེའི་གནས་ལུགས་དཔྱད་བསྡུར་བྱེད་ཟེར་བའི་རུབ་འཛོམས་ནང་ཀྲུང་གོར་ཚིག་མཚོན་འདེབས་པ་དང “བོད་རང་བཙན ”འུད་སྒྲོག་བྱེད་ཀྱི་ཡོད། འོན་ཀྱང་གཡོ་སྒྱུ་དེ་རིགས་རྩེད་མང་དྲགས་ན་མིག་ལྡན་སྐྱེ་བོས་གང་ལྟར་གསལ་རྟོགས་ཐུབ་རྒྱུ་རེད། ཁོ་པ་རང་ཉིད་ཀྱི་སེམས་ནང་རྒྱབ་སྐྱོར་དང་དད་བཀུར་བྱེད་མཁན་མང་པོ་ཡོད་སྙམ་པའི་ནུབ་ཕྱོགས་རྒྱལ་ཁབ་ནང་དུའང་མི་ལ་ལས་ཏཱ་ལ་ནི “དབྱི་ཐ་ལིའི་GUCCIའཇུར་ཏ་གྱོན་ནས་འཛམ་གླིང་གང་སར་སྐྱོད་མཁན་ཆབ་སྲིད་བླ་མ ”ཞིག་དང “ཆབ་སྲིད་ལ་ཧ་ཅང་དགའ་སྣང་ཡོད་མཁན་ཞིག་རེད ”ཅེས་གསང་བརྟོལ་བྱས་ཡོད། འོན་ཀྱང་སྐད་ཆ་དེས་ཁོ་པའི་གསང་བའི་སྐོར་ཕྱེད་ཀ་ཙམ་ལས་ཤོད་ཐུབ་མེད། ཏཱ་ལ་ནི “ཆབ་སྲིད་ལ་ཧ་ཅང་དགའ་སྣང་ཡོད་མཁན ”ཞིག་ཡིན་པ་མ་ཟད་དོན་དངོས་ཐོག་ཁོ་པ་ནི་མེས་རྒྱས་ལ་རྒྱབ་གཏོད་བྱེད་མཁན་ཁ་ཕྲལ་རུ་ཚོགས་ཤིག་གི་ཆབ་སྲིད་འགོ་པ་རེད། “ཡུལ་གྱར་བོད་མིའི་རྩ་ཁྲིམས ”ཟེར་བ་ལྟར་ན “བོད་ཡུལ་གྱར་སྲིད་གཞུང ”ནང་ཏཱ་ལར་བླ་ན་མེད་པའི་དབང་ཆ་ལྡན་ཡོད། དེར་བརྟེན་ངོ་བོའི་ཐོག་ནས་བརྗོད་ན་ཁོ་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི “སྲིད་ཚོང་པ ”ཞིག་རེད།

        འོན་ཀྱང་ཏཱ་ལས་དེ་ཁས་ལེན་གཏན་ནས་བྱེད་མི་སྲིད། རྒྱུ་མཚན་ནི། གཅིག་ནས་གལ་ཏེ “སྲིད་ཚོང་པའི ”མིང་ཐོབ་དང་ལྷག་དོན་དུ་མེས་རྒྱལ་ལ་རྒྱབ་གཏོད་དང་རྒྱལ་ཁབ་ཁ་ཕྲལ་གཏོང་མཁན “སྲིད་ཚོང་པ ”ཞིག་གི་མིང་ཐོབ་ལ་བརྟེན་ཚེ་རྒྱལ་སྤྱིའི་ཐོག་དགའ་བསུ་མི་ཐོབ་པ་མ་ཟད་རྒྱལ་ཁབ་ཁག་གི་སྲིད་ཕྱོགས་ཀྱི་འགོ་ཁྲིད་གཙོ་བོས་ཀྱང་གཡོལ་གང་ཐུབ་བྱ་རྒྱུ་དང་། གཉིས་ནས་གལ་ཏེ “ཆོས་ལུགས་ཀྱི་གཙོ་འཛིན ”བྱེད་ལ་ཁ་ཕྲལ་རུ་ཚོགས་ཀྱི་ཆབ་སྲིད་ཀྱི་འགོ་པ་བྱས་ཚེ་ངོ་བོའི་ཐོག་ཁོ་པ་ནི “ཆོས་སྲིད་ཟུང་འབྲེལ་གྱི་སྒེར་སྤྱོད་ལམ་ལུགས་ཀྱི་གཏེ་པོ་ཡིན་པ ”དེ་ར་འཕྲོད་བྱུང་བས་ཁོ་པས་རྒྱལ་སྤྱིའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་ལ་ངོ་དགའ་བྱེད་ཆེད་གཡོ་རྫུས་བྱས་པའི “དམངས་གཙོ་ཆབ་སྲིད ”ལ་ཉེ་པོ་བྱེད་པའི་གཟུགས་བཪྙན་དེར་ཤུགས་རྐྱེན་ངན་པ་ཐེབས་ནས་ཁོ་པས་ཐབས་བརྒྱ་ཇུས་སྟོང་ངང་བྱེད་ཐབས་བསྒྱུར་ནས “བོད་རང་བཙན ”གྱི་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་འཁོར་རྒྱ་ཧ་ཅང་ཆུང་དུ་འགྲོ་རྒྱུ་ཡིན་པས་རེད། དེར་བརྟེན་ཁོ་པས་ཁ་ཕྲལ་རུ་ཚོགས་དེའི་ཆབ་སྲིད་ཀྱི་དབང་ཆ་དོན་དངོས་ཐོག་སྟངས་འཛིན་བྱས་རུང་ཕྱི་ཕྱོགས་སུ་དྭངས་གཙང་ཉེས་མེད་ཀྱི་བཟོ་ལྟ་བསྟན་ནས་འཇིག་རྟེན་ལས་བྲལ་བའི “ཆོས་ལུགས་གཙོ་འཛིན ”ཞིག་ཡིན་མདོག་བྱེད་ཀྱི་ཡོད།

        འོན་ཀྱང་ད་རེས་ཏཱ་ལས་མ་དྲིས་རང་བཤད་བྱས་ཡོད། གང་ལགས་ཤེ་ན། གལ་ཏེ་ཁོ་པ་དངོས་འབྲེལ་“ཆོས་ལུགས་གཙོ་འཛིན ”ཁོ་ན་ཡིན་ཚེ “རྒན་ཡོལ ”ཞུ་བ་ཟེར་བ་དེ “ཏཱ་ལའི་བླ་མའི ”གོ་གནས་ཀྱི་ཐོག་ནས་རྒན་ཡོལ་ཞུ་དགོས་པར་བརྟེན་ཁོ་པ་དངོས་འབྲེལ་སྤྱིར་བཏང་གི “ཤཱཀྱའི་དགེ་སློང ”ཞིག་ཏུ་འགྱུར་རྒྱུ་དང་མཚོ་སྔོན་ནས་ཡོང་བའི “བསྟན་འཛིན་རྒྱ་མཚོ ”ཟེར་བའི་རབ་བྱུང་བ་ཞིག་ཏུ་འགྱུར་རྒྱུ་རེད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཁོ་པར་སྤྲད་པའི “གསེར་ཡིག་གི་བྱང་བུ ”དེ་ཁོ་པས་དོར་གཏན་ནས་མི་སྲིད། ཁོ་པས་བཤད་པའི “རྒན་ཡོལ ”ཞུ་བ་ཟེར་བ་དེ་ནི “ཆབ་སྲིད་ཀྱི་གོ་གནས་དོར་རྒྱུ ”དང “དབང་ཆ་རྩིས་སྤྲོད་བྱ་རྒྱུ ”ཟེར་བ་སོགས་རེད། དངོས་འབྲེལ་རྒན་ཡོལ་ཞུ་བའམ་ཡང་ན་རྒན་ཡོལ་ཞུ་ཁུལ་བྱས་པ་གང་ཞིག་ཡིན་རུང་དེས་ཁོ་པས་སྔོན་ནས་གྱོན་པའི “ཆོས་ལུགས་གཙོ་འཛིན ”གྱི་གདོང་ལྤགས་རྦད་དེ་བཤུས་ནས་ཁོ་པ་ངོ་བོའི་ཐོག “སྲིད་ཚོང་པ ”ཞིག་ཡིན་པའི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་ཡོད། གལ་ཏེ “སྲིད་ཚོང་པ ”ཞིག་མིན་ན་གོ་གནས་ཀྱི་ཐོག་ནས་རྒན་ཡོལ་ཞུ་ཐབས་མེད་པས “རྒན་ཡོལ་ཞུ་བ ”ཟེར་བའི་ཐ་སྙད་དེ་ཡོང་ག་ལ་ཐུབ།

        མཐར་གཏུགས་ནས་བཤད་ན་ཏཱ་ལས་རང་ཉིད “རྒན་ཡོལ ”ཞུ་གི་ཡིན་ཞེས་འུད་སྒྲོག་བྱེད་པའི་དམིགས་ཡུལ་གཅིག་རང་ལས་མེད་པ་དེ་ནི་གཡོ་སྒྱུ་རྩེད་ནས་མི་རྣམས་ཀྱི་ཡིད་དབང་འགུག་རྒྱུ་དེ་རེད། དེ་ཡང་ཕྱོགས་གཅིག་ནས་ཁོ་པས་སྤྱི་ཚོགས་རིང་ལུགས་ཀྲུང་གོར་ཚིག་མཚོན་འདེབས་ཆེད་ཉན་མཁན་སྔར་ལས་མང་བ་ཞིག་ཡོང་ཐབས་བྱེད་རྒྱུ་དང་། ཕྱོགས་གཞན་ཞིག་ནས “བོད་རང་བཙན ”གྱི་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པའི་ཀྲུང་གོར་ངོ་རྒོལ་བྱེད་པའི་རླབས་རྒྱུན་གསར་པ་སློང་རྒྱུའི་རེ་ངན་བཅངས་པ་དེ་རེད། དོན་དངོས་ཐོག་ཁོ་པ “རྒན་ཡོལ ”ཞུས་ནའང་འདྲ་ཡང་ན “རྒན་ཡོལ ”མ་ཞུས་ནའང་འདྲ་གང་ལྟར་རྒྱལ་ཁབ་ཕྱིའི “བོད་རང་བཙན ”བས་ཀྱང “བོད་རང་བཙན ”ལ་རྒྱབ་སྐྱོར་བྱེད་པའི་བྱེད་སྤྱོད་ཁྲོད་ཀྱི་ཁོ་པའི་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད། ཏཱ་ལས “རྒན་ཡོལ ”ཞུས་རྗེས་སྤེལ་རྒྱུའི་བྱེད་སྤྱོད་ཀྱི་ལས་རིམ་ལ་བལྟས་ནའང་དོན་གནད་དེ་རྟོགས་ཐུབ། འདི་ལོའི་ལོ་སྨད་ཀྱི་བྱེད་སྤྱོད་སྤེལ་རིམ་ནང་ཁོ་པ་ཧྥ་རན་སི་དང་ཁོ་ལོམ་པི་ཡ་སོགས་སུ་འཁྱམས་མྱུལ་གྱིས “ཆོས་འཆད་རྒྱུའི ”བཀོད་སྒྲིག་བྱས་ཡོད།

        དེར་བརྟེན་ཏཱ་ལས “རྒན་ཡོལ ”ཞུ་གི་ཡིན་ཟེར་བ་དེ་ནི་ཁོ་པས་རང་ཁྲིད་རང་འཁྲབ་བྱས་པའི་དགོད་བྲོ་བའི་བྱ་བ་ཞིག་རང་ཡིན་པ་དང་། དེའི་མ་རུངས་ཁོག་བཅུག་ནི་བརྒྱ་བཤད་སྟོང་ལ་བཤད་ཀྱང་ཡོས་ལ་འབབ་རྒྱུ་རྩམ་པ་ཟེར་བ་ལྟར་རེད། དེ་ཡང་བོད་རིགས་ཀྱི་གཏམ་དཔེའི་ནང “སོལ་བ་བཀྲུས་ཀྱང་དཀར་པོར་འགྱུར་མི་སྲིད ”ཅེས་པ་ལྟར་རེད། ཏཱ་ལས་མ་གཞི་བྱས་ན “རྦད་དེ་རྒན་ཡོལ་ཞུ་བ ”ཟེར་བར་བརྟེན་ནས “དམངས་གཙོ་ཆབ་སྲིད ”ལ་ཉེ་པོ་བྱེད་པའི་དགོད་བྲོ་བའི་བྱ་བ་ཞིག་སྤེལ་རྩིས་བྱས་རུང་བསམ་ཡུལ་འདས་པ་ཞིག་ལ་ཁོ་པས “ཆོས་ལུགས་གཙོ་འཛིན ”ཟེར་བར་བརྟེན་ནས་དོན་དམ་དུ་མེས་རྒྱལ་ཁ་ཕྲལ་གཏོང་རྩིས་བྱེད་པའི་ངོ་ཚ་དགོས་པའི “སྲིད་ཚོང་པའི ”གདོང་རིས་ངོ་མ་དེ་དམར་རྗེན་དུ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།