དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་མཐུན་སྦྱོར་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་རེའི་ཚོགས་འདུ་གཉིས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཚོའི་རེ་སྒུག་ཟབ་མོ་མངོན་གྱི་ཡོད་ལ་ཏང་དང་སྲིད་གཞུང་གི་རྒྱལ་སྐྱོང་གི་བསམ་པ་ཡང་མཚོན་གྱི་ཡོད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཁྱབ་ཁོངས་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་ནས་ཞིང་པ་ལས་མིའི་བུ་ཕྲུག་སློབ་གྲྭར་བསྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་བར་དང་མི་སྒེར་གྱི་ཐོབ་ཁྲལ་བསྡུ་འགོ་འཛུགས་སའི་ཚད་གཞི་མཐོ་རུ་གཏོང་རྒྱུ་དེ་2011ལོའི་ལས་དོན་དངོས་ཨང་དང་པོར་བརྩིས་རྒྱུ་ནས་ལོ་5ཡི་ནང་འགན་ལེན་གྱི་ཁང་པ་ཁྲི་3600བསྐྲུན་རྒྱུའི་ཁས་ལེན་བྱས་པའི་བར་བཅས་ཚོགས་འདུ་གཉིས་མ་འཚོག་གོང་གི་མི་རྣམས་ལ་སེམས་འགུལ་ཐེབས་པའི་ཆ་འཕྲིན་དེ་དག་གིས་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གིས་དམངས་འཚོའི་གནད་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཆོད་སེམས་བརྟན་པོ་མཐོང་ཐུབ་པ་བྱུང་ཡོད།

        མང་ཚོགས་ཀྱི་དོ་ཁུར་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་ཞིབ་ཕྲའི་བསམ་ཕྱོགས་སུ་བསྒྱུར་རྒྱུ་དང་། མི་དམངས་ཀྱི་སེམས་ནང་གི་སྐད་ཆ་འབྱུང་འགྱུར་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འདུན་པར་འགྱུར་རྒྱུ་དེ་ནི་ཚོགས་འདུ་གཉིས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་འཐུས་མི་དང་ཨུ་ཡོན་ཚོའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་ཡིན། ཟོག་གོང་བརྟན་པོ་ཡོང་བ་བྱེད་པ་དང་། ཁང་པའི་རིན་གོང་སྙོམས་སྒྲིག་བྱེད་པ། ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་བ་སོགས་སྨྱན་སྦྱོར་ཚན་པས་བསྡུ་རུབ་བྱས་པའི་ཚོགས་འདུ་གཉིས་ཀྱི་གླེང་བྱ་ཆེ་བ་དང་ཁྲོམ་ལམ་ཐོག་གླེང་མོལ་བྱེད་པའི་བརྗོད་གཞི་ཚང་མ་ནི་མི་དམངས་མང་ཚོགས་ཚོའི་འབྱུང་འགྱུར་གྱི་རེ་སྒུག་དང་སྤྱི་ཚོགས་གཞུང་དྲང་ཐད་ཀྱི་རེ་འབོད་ཅིག་ཡིན། རེ་སྒུག་དང་རེ་འབོད་དེ་དག་ནི་འཐུས་མི་དང་ཨུ་ཡོན་ཚོས་སྲིད་ཞུགས་སྲིད་གྲོས་བྱེད་པའི་འགོ་འཛུགས་ས་ཞིག་དང་ང་ཚོས་དངོས་ཡོད་དཀའ་ཪྙོག་སེལ་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་འབྱུང་འགྱུར་གྱི་བྱེད་ཕྱོགས་སྲིད་ཇུས་ཀྱི་དོན་ལ་བབས་ས་ཞིག་དེ་བས་ཡིན།

        “ལོ་ལྔ་ཚན་བཅུ་གཅིག་པར ”སྐྱེལ་མ་ཞུས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”བསུས་ཡོད་པས་འདི་ལོའི་ཚོགས་འདུ་གཉིས་ནི་ཧ་ཅང་རྒྱུན་གཏན་མིན་པ་ཞིག་ཡིན། འབྱུང་འགྱུར་ལོ་5ཡི་ནང་ང་ཚོས་2020ལོར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་དམིགས་ཚད་དེའི་ཆེད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་བ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་མགྱོགས་སུ་གཏོང་རྒྱུའི་ཐད་འགག་རྩའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས། དུས་ཚོད་ནི་ཧ་ཅང་ཁ་ཚ་བ་དང་ལས་འགན་ནི་ཧ་ཅང་དཀའ་ཚེགས་ཆེ་བས་འཐུས་མི་དང་ཨུ་ཡོན་ཚོས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞི་བཟོ་སྐབས་ཚད་མཐོའི་འགན་འཁྲིའི་འཁུར་སེམས་ཀྱི་ཐོག་ནས་ཐབས་དང་ཇུས་འདོན་པ་དང་། ཕུགས་ཀྱི་འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་གསར་འབྱེད་གསར་གཏོད་བྱེད་པ། ཟབ་ཅིང་ནན་པའི་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་འགག་སྒྲོལ་དཀའ་སེལ་བྱེད་པ་བཅས་བྱེད་དགོས།

        མང་ཚོགས་ཀྱི་རེ་སྒུག་ཐོག་ནས་བལྟས་ན་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ད་དུང་དཀའ་གནད་གསུམ་སྒྲོལ་དགོས་པ་དེ་ནི་ཆུ་ཚད་དམའ་བ་དང་། ཆ་ཚང་པོ་མེད་པ། དོ་སྙོམས་མེད་པ་བཅས་ཡིན། ཆུ་ཚད་དམའ་བ་ནི་སྤུས་ཚད་ལེགས་པོ་མེད་པར་བརྗོད་པ་དང་། འཐུས་སྒོ་ཚང་པོ་མེད་པ་ནི་གཅིག་གྱུར་འཆར་འགོད་བྱ་རྒྱུ་མི་འདང་བར་བརྗོད་པ། དོ་སྙོམས་མེད་པ་ནི་ཧེ་བག་ཆེ་དྲགས་པར་བརྗོད་ཀྱི་ཡོད། དཀའ་གནད་གསུམ་པོ་དེ་ནི་རང་རེའི་ཏང་གིས་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཀྱི་འགག་གནད་དེ་རང་ཡིན། ང་ཚོས་བརྗོད་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཞེས་པ་དེ་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་ཡར་རྒྱས་ལ་བརྗོད་པ་མ་ཟད། སྤྱི་ཚོགས་དང་དམངས་འཚོ་ལེགས་སུ་འགྲོ་བར་དེ་བས་བརྗོད་པ་དང་། མི་དང་རང་བྱུང་ཁམས་མཐུན་སྦྱོར་ཡོང་བར་བརྗོད་པ་མ་ཟད་གཞུང་དྲང་དྲང་བདེན་གྱི་བརྩོན་གཉེར་ལ་དེ་བས་བརྗོད་ཀྱི་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་སྙོམས་མེད་པ་ཁྱད་བསད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་མཐུན་སྦྱོར་ཡོང་བ་བྱེད་རྒྱུ་དེ་ནི་མང་ཚོགས་ཀྱི་རེ་སྒུག་ཅིག་ཡིན་ལ་རྒྱལ་ཁབ་ཀྱི་དམིགས་ཚད་ཅིག་ཀྱང་ཡིན།

        མིག་སྔར་ང་ཚོའི་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་སྔར་བས་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་དང་ཐབས་ལམ་འབའ་ཞིག་དེ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། འདས་མ་ཐག་པའི “ལོ་ལྔ་ཚན་བཅུ་གཅིག་པའི ”ནང་གལ་ཏེ་ལོ་མང་རིང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་རྨང་གཞི་ཧ་ཅང་བརྟན་པོ་མེད་ཚེ་ང་ཚོས་དུས་ཡུན་རིང་པོའི་ནང་གི་འཕེལ་རྒྱས་ཀྱི་ཧེ་བག་ལ་འགྱུར་ལྡོག་གཏོང་བའི་ནུས་པ་ཡོང་མི་ཐུབ་ལ་མི་དམངས་མང་ཚོགས་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་དང་མཐོ་རུ་གཏོང་བའི་ནུས་པ་ཡོང་མི་ཐུབ། ཞིང་ལས་ཀྱི་ཁྲལ་མེད་པ་བཟོས་པའམ་ཡང་ན་གཞི་ཁྱོན་ཆེན་པོས་འགན་ལེན་གྱི་ཁང་པ་བསྐྲུན་པ་ཡིན་ནའང་འདྲ། ལོ་7བསྟུད་མར་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་བཏང་བའམ་ཡང་ན་ཞིང་ཆེན་30ལྷག་ཙམ་གྱིས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་མཐོ་རུ་བཏང་བ་ཡིན་ནའང་འདྲ། གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱིར་ན་ཁྱབ་པའམ་ཡང་ན་གྲོང་གསེབ་ཀྱི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་བཅས་གང་ཞིག་ཡིན་རུང་དམངས་འཚོའི་རེ་འབོད་ཐག་གཅོད་བྱེད་པ་དང་རྒྱལ་ཁབ་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར “འཕེལ་རྒྱས ”དང་ཁ་འབྲལ་ཚེ་གླེང་ཐབས་བྲལ་བའི་གནས་ལུགས་དེ་ར་འཕྲོད་གང་ལེགས་བྱུང་ཡོད།

        མི་དམངས་ལ་བདེ་སྐྱིད་ཡོང་བ་བྱེད་རྒྱུ་དེ་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་ལ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ཡོང་བ་བྱེད་རྒྱུ་དེ་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་པ་དེ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཡིན། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་མཐུན་སྦྱོར་དང་བརྟན་ལྷིང་གི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད་པ་དེའང་ལོ་རྒྱུས་ཀྱི་ཆོད་སྡོམ་ཞིག་ཀྱང་ཡིན། བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན། བརྟན་ལྷིང་གི་ཁོར་ཡུག་ནང་ང་ཚོས་གཞི་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་གཏོང་ཐུབ། སྤྱི་ཚོགས་བརྟན་ལྷིང་དང་ཁ་འབྲལ་ཚེ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཤོར་ནས་འཕེལ་མེད་སོར་གནས་སུ་ལུས་རྒྱུ་ལས་མ་འདས། དོན་སྙིང་དེའི་ཐོག་ནས་བརྗོད་ན་ཀྲུང་གོའི་འཕེལ་རྒྱས་ལ་བརྟན་ལྷིང་གི་ཁོར་ཡུག་ཅིག་ཡོང་བ་བྱེད་པ་དེ་ནི་མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་བཏོད་པ་ཞིག་ཡིན། “མེས་རྒྱལ་འཕེལ་རྒྱས་དང་སྟོབས་འབྱོར་ལྡན་པ་ཞིག་མེད་ཚེ་ང་ཚོས་དུས་བདེའི་ངང་ཕྱིར་འཐེན་བྱེད་ག་ལ་ཐུབ ”ཅེས་ཉེ་ཆར་ལི་པི་ཡ་ནས་ཕྱིར་ལོག་བྱས་པའི་སྤུན་ཟླས་བརྩེ་སེམས་ཟབ་མོའི་སྒོ་ནས་བཤད་པའི་སྐད་ཆ་དེའི་ཐོག་ནས་འཕེལ་རྒྱས་དང་བརྟན་ལྷིང་ནི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་གསལ་བཤད་བྱུང་ཡོད། ཚོགས་འདུ་གཉིས་འཚོག་ཉེར་ཡོད་པས་འཐུས་མི་དང་ཨུ་ཡོན་500ལྷག་ཙམ་གྱིས་དུས་ཡུན་ཉིན་12ཀྱི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་མཐུན་སྦྱོར་ཡོང་བ་བྱེད་རྒྱུའི་མི་དམངས་མང་ཚོགས་ཀྱི་འདུན་པ་བཟང་པོ་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་དོན་འཁྱོལ་བྱེད་པ་དང་འབྱུང་འགྱུར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནང་མངོན་པ་བྱེད་རྒྱུའི་རེ་བ་འདོན་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།