དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        འགོ་ཁྲིད་ནུས་ལྡན་བྱུང་ན་བྱེད་སྒོའི་ཚད་གཞི་དང་སྤུས་ཚད་མཐོ་པོ་ཡོང་བ་དང་སྒྲིག་འཛུགས་དོན་ཐོག་ཏུ་འཁྱོལ་ན་ལས་དོན་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཡོང་ཐུབ།

        རང་སྐྱོང་ལྗོངས་དང་། ས་ཁུལ ( གྲོང་ཁྱེར )བདུན། རྫོང་ཁག་བཅས་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་ཆིག་སྟོང་ལྷག་ཙམ་གྱིས་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་སྡེ་ཁུལ་གྱི་གཞི་རིམ་དུ་བསྐྱོད་ནས་ལས་དོན་སྤེལ་བཞིན་ཡོད། ད་ཐེངས་ལྗོངས་ཡོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ནི་མི་གྲངས་མང་ཤོས་དང་། གཞི་ཁྱོན་ཆེ་བ། ལས་འགན་ལྕི་བ། དུས་ཚོད་ལོ་གཅིག་བཅས་ཀྱི་གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན། ཇི་ལྟར་བྱས་ཏེ་བྱེད་སྒོ་ཏན་ཏན་ཏིག་ཏིག་ངང་སྒྲིག་འཛུགས་དང་ཡག་པོ་སྤེལ་ནས་རྣམ་པ་ཙམ་དུ་མི་འགྱུར་བར་བྱེད་སྒོ་ཟིལ་ཤུགས་ལྡན་པ་དང་། ནུས་ལྡན། ཕན་འབྲས་ཐོན་པ་བཅས་འགན་ལེན་བྱེད་པའི་འགག་རྩ་དེ་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་བྱེད་སྒོའི་ཁྲོད་ཀྱི་འགྱུར་ལྡོག་དང་གྲུབ་འབྲས་དངོས་འབྲེལ་ཚོར་ཐུབ་མིན་ལ་རག་ལུས་ཡོད། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པར་གཙོ་གནད་དེ་འགན་འཁྲི་ཆེ་རུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུ་དེ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགན་ཁུར་མཁན་གཙོ་བོ་ཡིན་པས་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་དུ་སྤེལ་བའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་འགན་འཁུར་བ་དང་པོའི་འགན་ཏན་ཏིག་འཁུར་ཐོག་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལག་བསྟར་གྱི་ཇུས་གཞི་མགྱོགས་མྱུར་བཟོ་བ། ལས་དོན་མགྱོགས་མྱུར་སྤེལ་བ། དོན་འཁྱོལ་ཐད་དམ་འཛིན་བྱེད་པ་བཅས་བྱས་ཏེ་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཏན་ཏིག་ངང་འགོ་འཛུགས་པ་དང་། བརྟན་པོའི་ངང་སྐུལ་འདེད་གཏོང་བ། གཏིང་ཟབ་ངང་སྤེལ་རྒྱུ་བཅས་འགན་ལེན་བྱེད་དགོས། ལས་དོན་ཚོགས་ཆུང་ཁག་གིས་དུས་ཚོད་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྒྲོག་འགྲེལ་གྱི་རྩ་གནད་དང་འབྲེལ་ཡོད་དཔྱད་ཡིག་ནན་ཏན་ངང་ཞིབ་ཀློག་བྱས་ཏེ་སྔོན་ལ་སྦྱོང་བ་དང་སེམས་ལ་ཟུག་ཐུབ་པ་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། རང་འགུལ་ངང་འབྲེལ་ཡོད་ས་ཁུལ (གྲོང་ཁྱེར )དང་རྫོང་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉིན་རེའི་བཀོད་སྒྲིག་སྦྲེལ་མཐུད་དང་། ལས་དོན་གྱི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། ལས་དོན་ཚོགས་ཆུང་ཁག་དབར་སྦྲེལ་མཐུད་ཡོང་བ་བཅས་བྱས་ཏེ་བྱེད་སྒོ་བར་མཚམས་མི་ཆད་པར་སྤེལ་རྒྱུ་འགན་ལེན་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པར་གཙོ་གནད་དེ་དྲིལ་བསྒྲགས་རྒྱ་ཁྱབ་དང་རྣམ་པ་གཏོད་རྒྱུ་དེ་ཡིན། བྱེད་ཐབས་སྣ་ཚོགས་སྤྱད་དེ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་གཞི་རིམ་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་དགོས་གཏུགས་རང་བཞིན་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་གྱིས་ཆེད་དོན་དྲིལ་བསྒྲགས་འཆར་གཞི་བཟོ་བ་དང་ཆེད་དོན་དང་ལེན་ཚན་གཉེར་སྟེ་དུས་ཐོག་ཏུ་བྱེད་སྒོའི་འཕེལ་རིམ་གྱི་གནས་ཚུལ་གཏོང་སྤེལ་བྱེད་དགོས། དཔེ་མཚོན་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་བྱེད་སྒོའི་ནང་གི་སྔོན་ཐོན་དཔེ་མཚོན་དང་སྔོན་ཐོན་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན་དང་རྔ་རྡུང་དར་འཕྱར་གྱི་སྒོ་ནས་སྔོན་ཐོན་དྲིལ་བསྒྲགས་དང་རྗེས་ལུས་ལ་ལྕག་འདེབས་བྱས་ཏེ་དྲང་ཕྱོགས་དཔེ་མཚོན་གྱིས་མི་རྣམས་ལ་སྐུལ་ལྕག་དང་ཁྲིད་སྟོན་ཐུབ་པ་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པར་གཙོ་གནད་དེ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡོང་བ་དང་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་དེ་ནི་ཁྱབ་རྒྱ་ཆེ་ལ་ཞིབ་ཅིང་ཕྲ་བའི་འདུ་འགོད་ཅིག་ཡིན་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་འགན་འཁྲི་རང་འཁུར་བྱེད་པ་དང་དུས་མཚུངས་ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ནོར་སྲིད་སྡེ་ཚན་གྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་བྱེད་སྒོའི་ནང་གི་འབྲེལ་ཡོད་གྲོན་དངུལ་བཀོད་སྒྲིག་ཡག་པོ་བྱེད་དགོས། འཕེལ་སྒྱུར་དང་། ཞིང་འབྲོག དབུལ་སྐྱོར། ཆུ་བེད་སོགས་སྡེ་ཚན་གྱིས་རང་ཉིད་ཀྱི་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ཕུད་ད་དུང་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་གཞི་རིམ་ལ་ཕྱོགས་རྒྱུ་འགན་ལེན་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པར་གཙོ་གནད་དེ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཐོན་ཐུབ་པ་བྱ་རྒྱུ་དེ་ཡིན། རིམ་ཁག་འགོ་ཁྲིད་ཚོགས་ཆུང་ཁག་དང་དེ་བཞིན་དེའི་གཞུང་དོན་ཁང་གིས་བྱེད་སྒོར་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱེད་སྒོར་ཕན་འབྲས་ཐོབ་རྒྱུ་འགན་ལེན་བྱེད་དགོས། སྐོར་ཞིབ་ཚོགས་ཆུང་བཙུགས་ནས་སྐོར་ཞིབ་དང་དཔྱད་ཞིབ་བྱེད་པ་བརྒྱུད་ཚན་པ་ཁག་དང་ལས་དོན་ཚོགས་ཆུང་ཁག་གི་བྱེད་སྒོའི་གནས་ཚུལ་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པར་གཙོ་གནད་དེ་སྒྲིག་ཁྲིམས་ནན་པོ་སྲུང་ནས་གཟུགས་བཪྙན་གཏོད་རྒྱུ་དེ་ཡིན། ལས་དོན་ཚོགས་ཆུང་གིས་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་མཚོན་པས་ངེས་པར་དུ་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་མིག་དཔེའི་ངང་སྒྲིག་ཁྲིམས་སྲུང་དགོས་པ་མ་ཟད། ལྷག་པར་དུ་མང་ཚོགས་ལས་དོན་གྱི་སྒྲིག་ཁྲིམས་ནན་པོ་སྲུང་དགོས་པ་ལས་ཏང་གི་གཟུགས་བཪྙན་ལ་གནོད་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་གང་རུང་རྩ་བ་ནས་ཐོན་མི་ཆོག བྱེད་སྒོར་ཁ་གཡར་ནས་རིམ་པས་ཕེབས་རོགས་ཞུ་བ་དང་། དགའ་སྐྱེལ། དེ་བཞིན་ཟ་འཐུང་རྒྱས་སྤྲོས། རྒྱས་སྤྲོས་འཕྲོ་བརླག་བཅས་ཀྱི་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། ལས་གནས་བརྟན་སྲུང་བྱེད་པ་ལས་རྒྱུ་མཚན་མེད་པར་ལས་གནས་ལས་བྲལ་མི་ཆོག དཀའ་སྤྱད་བབ་ཆགས་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་པ་ལས་འཚོ་བའི་ཐོག་དམིགས་བསལ་ཅན་མི་བྱེད་པ་དང་གཞི་རིམ་རྩ་འཛུགས་དང་མང་ཚོགས་ལ་ཪྙོག་དྲ་དང་ཁུར་པོ་མི་བཟོ་བར་ཏང་ཡོན་ལས་བྱེད་པའི་གཟུགས་བཪྙན་བཟང་པོ་བཙུགས་ཏེ་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེད་ཐོབ་པ་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱ་རྒྱུ་ནི་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་ཐབས་ཤེས་གལ་ཆེན་ཞིག་དང་། ང་ཚོའི་ཏང་གིས་ལས་དོན་སྤེལ་བའི་གཞི་རྩའི་ཉམས་མྱོང་ཞིག ལྗོངས་ཡོངས་ཀྱི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཡག་པོ་སྤེལ་བའི་རྨང་གཞིའི་འགན་ལེན་ཞིག་བཅས་ཡིན། རིམ་ཁག་ཏང་སྲིད་སྡེ་ཚན་དང་ལས་དོན་ཚོགས་ཆུང་གིས་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུ་དེ་བྱེད་སྒོའི་འགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་བྱེད་སྒོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོབ་རྒྱུའི་འགན་ལེན་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་ཕྱག་རྟགས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།